དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-09 08:46:20   |   420

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ལོ་ཙཱ། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 

གསར་འགྱུར་གལ་ཆེན།

1.jpg

  • ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་།

  • ཚེས8རག་བར་དུ། རྒྱལ་ཡོངས་སུ་ཞིང་ཆེན12ཡི་ཆུ་དྲང་ཡུལ་ཆེ་འབྲིང745ཡི་དགུན་གྲོར་སྔ་གཞུག་ཏུ་ཆུ་དྲངས།

  • གཞི་གྲངས་གསར་ཤོས་ལྟར་ན། ཚེས7ཉིན། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཟོང་འཁོར་གཏོང་རྒྱུག་བྱས་ཚད་ཁྲི774.09ཡིན་པ་དང་། གདུབ་བསྡུར་འཕར་ཚད3.13%ཡིན།

  • ཚེས8ཉིན། ཀྲུང་དབྱང་དྲིལ་སྒྲོག་པུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པས2023ལོའི“མཛེས་པའི་དཔའ་མོ་འབད་བརྩོན་ཅན”གྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་བུད་མེད་རྐང་རྩེད་རུ་ཁག་གི་ཝང་ཧྲོང་སོགས་བདམས་ཐོན་བྱུང་།

  • ཀྲུང་གོ་ཟོང་སྐྱེལ་དང་སྒྲུག་ཉོ་མཉམ་འབྲེལ་ཚོགས་པའི་གནས་ཚུལ་ལྟར་ན། རང་རྒྱལ་གྱི་དངོས་རྒྱུག་ཁྲོམ་རའི་གཞི་ཁྱོན་གཏུད་མུར་ལོ7ནང་གོ་ལ་ཧྲིལ་བོའི་ཨང་དང་པོར་གནས་ཡོད།

  • ཨ་མེ་རི་ཁའི་ཚོང་དོན་པུ་ཀྲང་ལེ་མུན་ཏུའོ་ཡིས་ཀྲུང་གོར་འཚམས་འདྲིར་ཡོང་འདོད་པའི་བསམ་ཚུལ་བཏོན་པ་དང་། རང་ཚོང་དོན་པུས་དེར་ཁོད་ཡངས་ཀྱི་རྣམ་འགྱུར་བསྟན།

2.jpg

  • ཚེས8ཉིན། U20བུད་མེད་རྐང་རྩེད་ཀྱི་ཡ་གླིང་གྲ་སྒྲིག་འདེམ་སྒུག་འགྲན་བསྡུར་གྱི་ཐོག་མའི་འགྲན་བསྡུར་ཁྲོད། ཀྲུང་གོའིU20བུད་མེད་རྐང་རྩེད་རུ་ཁག་གིས་སྐར་འབྲས6:0ཡིས་ཧྥེ་ལུའུ་པིནU20བུད་མེད་རུ་ཁག་ལས་རྒྱལ།

    སྤྱི་ཚོགས།

  • ཚེས10ཉིན་གྱི་ཉིན་དཀར། ཧྲི་ཅ་ཀྲོང་དང་ཅི་ནན། ཀྲེན་ཀྲིག་སོགས་གྲོང་ཁྱེར་གཙོ་བོའི་ཆེས་མཐོ་བའི་དྲོད་ཚད30℃རུ་ཐོན་ཉེན་ཆེ།

  • སྡོད་ཁང་འཛུགས་སྐྲུན་པུས་ཚེས7ཉིན་བསྟན་དོན། ཉེ་བའི་ལོ་ལྔའི་ནང་། རྒྱལ་ཡོངས་སུ་ལེགས་བཅོས་བཏང་བའི་གཞིས་ཁུལ་རྙིང་བ་ཁྲི16.7ཡོད་དེ། སྡོང་དམངས་བྱེ་བ8ལ་ཕན་བཏགས།

  • ཉེ་ལམ། ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་སྤྱི་ཁྱབ་ཅུས་ལས་རིགས་མཐུན་ཚོགས་ལ་མཛུབ་སྟོན་བྱས་ནས་བཟའ་བཏུང་ཆུད་ཟོས་ལ་བཀག་འགོག་བྱེད་པའི་གྲོས་སྐུལ་བཏོན།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གནས་ཚུལ་ལྟར་ན། རང་རྒྱལ་གྱི་མྱུར་སྐྱེལ་ལས་རིགས་ཀྱི་ཉིན་རེའི་བྱེད་སྒོའི་ཚད་གྲངས་དངོས་པོ་དུང་ཕྱུར3.4ཙམ་ཡིན།

3.jpg

  • ཀྲུང་གོའི་སྲོག་ཆགས་ར་བ་མཐུན་ཚོགས་ཀྱི་ཚེས8ཉིན་གྱི་གནས་ཚུལ་ལྟར་ན། པེ་ཅིང་སྲོག་ཆགས་ར་བས་ཕྱུགས་ཟོག་སྨན་པ་དང་གསོ་མཁན་མངག་རྒྱུ་ཡིན་པ་དང་། གཟའ་འཁོར་རྗེས་མར་ཨ་མེ་རི་ཁར་སྐྱོད་དེ་དོམ་ཁྲ་ཡཱ་ཡཱ་རང་རྒྱལ་དུ་ཕྱིར་སྐྱེལ་ཡོང་རྒྱུ་རེད།

4.jpg

  • ཅང་སུའུ་སུའུ་ཀྲིག་གི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་སྨན་པ་ལིའུ་ཀིན་ལིན་གྱིས་གཞིས་ཁུལ་སྡོད་དམངས་ལ་དགེ་དཔྱད་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་ལ། ལོ12རིང་ལ་ཁོ་མོས་ནད་པ་ཆིག་ཁྲི་ལྷག་ལ་རོགས་རམ་བྱས།

སྲིད་ཇུས།

  • ཧྲན་ཞི་ཡིས་གཏན་འབེབས་གསར་བ་བཏོན་ནས། ས་ཁོངས་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་སྤྱི་སྙོམ་རླངས་འཁོར་འཇོག་ས་དེ་གླ་གཏོང་བྱེད་པ་ལས་ཕྱིར་འཚོང་མི་བྱེད། ཡོང་སྒོ་ནི་མ་རྩ་བཅག་རྗེས་ལས་བདག་སྤྱི་ལ་དབང་རྒྱུ།

  • ཀོང་ཞི་ཡིས་གསལ་བོར་བསྟན་དོན། ཆ་རྐྱེན་འཛོམས་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱི་ཡིས་ལས་གཏོད་བྱེད་པར། ཁྱིམ་རེར་སྒོར5000ཡི་ཐེངས་གཅིག་གི་ལས་གཏོད་རོགས་སྐྱོར་ཁ་གསབ་སྟེར་རྒྱུ།

  • པེ་ཅིང་གིས་ཁེ་ལས་ཀྱིས་འཛད་སྤྱོད་བྱེད་སྒོ་གསར་གཏོད་བྱེད་པར་བསྔགས་སྐུལ་བྱས་ནས། ཆ་རྐྱེན་འཛོམས་པའི་དྲ་ཐོག་མིན་པའི་སིལ་འཚོང་ཁེ་ལས་རེ་ལ་ཆེས་མང་ན་སྒོར་ས་ཡ2ཀྱི་རོགས་དངུལ་སྟེར་རྒྱུ།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ། དེའི་ནང་། ཞིན་ཅང་གི་བྱང་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་། ཅང་ནན་བྱང་རྒྱུད་དང་ཤར་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཆར་ཆུང་ཆུང་འབབ་རྒྱུ། དེའི་ནང་། སི་ཁྲོན་གཞོང་སའི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཆར་འབྲིང་ཙམ་འབབ་རྒྱུ་རེད།

5.jpg

  • ཧྲང་ཧེ། སྤྱི་ཚོགས་འགན་སྲུང་ཆ་འཕྲིན་མ་ལག་དེ་ཟླ3པའི་ཚེས20ཉིན་གྱི་དུས་ཚོད17ནས་ཟླ4བའི་ཚེས10ཉིན་གྱི་དུས་ཚོད24བར། མཚམས་བཞག་ནས་རྒྱལ་ཡོངས་གཅིག་གྱུར་མ་ལག་ཏུ་བསྒྱུར་རྒྱུ་ཡིན་པས། སྐབས་དེར་ཞབས་ཞུ་ཁ་ཤས་མཚམས་འཇོག་རྒྱུ།

  • ཞི་ཨན། དེ་རིང་ནས་བཟུང་ཟླ4བའི་ཚེས5ཉིན་བར། དྲ་ལམ་ནས་ཁ་ཆད་ཆོག་པའི་དྭངས་གསལ་ཕྱག་མཆོད་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཆེད་དུ་གཏན་ཁེལ་བྱེད་རྒྱུ།


མཉམ་སྤྱོད།