དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

2026-02-04 09:53:09   |   140

རྩོམ་སྒྲིག    སངས་དོན།     ཡོང་ཁུངས།    མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།     རིན་ཆེན་ཚེ་རིང་།


 ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས།

01.jpg

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན206ཡོད་པ་དང་དངོས་སུ་ཞུགས་མཁན162ཡོད་པས་གཏན་འབེབས་མི་གྲངས་དང་མཐུན།ཆུ་ཚོད9སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་དང་། ཀྲུའུ་ཞི་གཞོན་པ་ལུང་དབྱང་ཧྲེང་དང་། ཝུའུ་ཧྲུའུ་རུང་། དབྱང་ཏེ། ཞོ་རོས་ཞིན་དང་། དྲུང་ཡིག་ཆེན་མོ་ལིས་ཧུང་པོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ལུང་དབྱང་ཧྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཆན་གོ་ཆིན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་སི་ཅི་ཧྲིན། 

ཁུལ་ཨུ་དང་ཁུལ་དམངས་ཆེན། མཚོ་བྱང་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་སླེབས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ཡོད།

ཚོགས་འདུའི་སྟེང་ཐོག་མར་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

04.jpg

ཀྲུང་ཀྲི་ཅུན་གྱིས་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། ཁོས་བསྟན་དོན། 2025ལོར་ཀྲུང་གུང་མཚོ་བྱང་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ལེགས་པོར་རྩོམ་པོར་དམིགས་ཏེ་སྲིད་གྲོས་ཀྱི་ངོ་བོ་གསལ་བོར་ངེས་པ་དང་། ཆབ་སྲིད་གྲོས་མོལ་བྱེད་ཤུགས་མཐོར་འདེགས་དང་འཕེལ་རྒྱས་ཀྱི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་ཏེ། དམངས་གཙོའི་ལྟ་སྐུལ་གྱི་ཕན་འབྲས་མཐོ་རུ་བཏང་སྟེ་སྲིད་གྲོས་ཀྱི་འགན་འཁྲི་མངོན་ཡོད། ལངས་ཕྱོགས་མཐོན་པོས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་མངོན་ཡོད། དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་དང་དོད་བྱེད་པ་གལ་ཆེའི་གནས་སུ་བཞག་སྟེ་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ཇེ་བརྟན་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་བ་དང་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཏན་ཏིག་གིས་ཤུགས་བརྒྱབ་པ། སློབ་སྦྱོང་སློབ་གསོ་ཞིབ་ཚགས་ཀྱིས་རྩ་འཛུགས་བྱས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཤིང་། ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྲིད་གྲོས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་འགན་ལེན་ཏན་ཏིག་བྱས་ཡོད། མགོ་འཛུགས་ས་མཐོན་པོས་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་བྱས་རྗེས་མངོན་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ལས་འགན་ལེགས་པར་བསྒྲུབས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་སྲིད་ཞུགས་སྲིད་གླེང་བྱས་ཡོད་པ་དང་ལྟེ་བའི་ལས་དོན་ལ་ལྟ་ཞིབ་དང་ལྟ་སྐུལ་བྱ་རྒྱུར་དམིགས་གཏད་བྱས་པ། གཙོ་གནད་ལས་འགན་ལ་དམིགས་ནས་ཇུས་འདོན་ཤུགས་འདོན་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། རིམ་པ་མཐོ་བའི་མཉམ་འགུལ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་བསྡུ་བའི་ཁྲོད་སྲིད་གྲོས་ཀྱི་དགེ་མཚན་མངོན་ཡོད། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱ་རྒྱུ་དེ་འགན་སྒྲུབ་བྱ་བའི་ལྟེ་བའི་ལས་རིམ་ལ་བརྩིས་ཏེ། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་དང་། “གཡུལ་ས་གལ་ཆེན”དང“ལས་སྟེགས་གལ་ཆེན” “ཐབས་ལམ་གལ་ཆེན”གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། མཐུན་སྒྲིལ་མཉམ་ལས་བྱས་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་པ་དང་འབྲེལ་གཏུག་མཐུན་འབྲེལ་གྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྤེལ་རེས་དང་མཉམ་འདྲེས་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། དམངས་སེམས་གཅིག་སྒྲིལ་བྱས་པ། མི་སེམས་ལ་དྲོད་ཁོལ་སྦྱིན་པ། བློ་སེམས་གཅིག་མཐུན་ཡོང་བ་བཅས་བྱས་ཡོད། ཚད་གཞི་མཐོ་བའི་སྒོ་ནས་འགན་འཁྲི་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་འབྲས་ལེགས་གཉེར་ཁྲོད་སྲིད་གྲོས་ཀྱི་ཉམས་འགྱུར་མངོན་ཡོད། དུས་རབས་གསར་པའི་སྲིད་གྲོས་བྱ་གཞག་གི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པར་འཚམ་མཐུན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མགོ་ཁྲིད་འཛུགས་སྐྱོང་བྱས་ནས་མིག་དཔེ་སྟོན་པར་ཤུགས་བསྣན་པ་དང་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ནས་འགན་འཁྲི་འཁུར་སེམས་མངོན་པ། བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་ཕན་ནུས་ཆེ་རུ་བཏང་སྟེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ནང་གནས་སྒུལ་ཤུགས་ལ་སྐུལ་སློང་། བྱ་བའི་གསོན་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་པའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་ཟེར།ཀྲུང་ཀྲི་ཅུན་གྱིས་ནན་གྱིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་མགོ་རྩོམ་པའི་ལོ་ཡིན་ལ། མཚོ་བྱང་གིས་མགོ་འཛུགས་ས་གསར་པའི་སྟེང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་ལས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས“རྒྱུན་འཁྱོངས་གསུམ”གྱི་ལག་ལེན་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་ལག་ལེན་དང་། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་འབེན་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་བར་རོགས་རམ་བྱ་རྒྱུ་དེ་གཙོ་གནད་དུ་བརྩིས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་དངོས་འབེབས་ཀྱི་ཐོག་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་བསྒྲུབ་སྟེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་རྒྱུའི་ཐད་ནུས་ཤུགས་ཡོད་རྒུས་བྱས་རྗེས་གསར་པ་འཇོག་རྒྱུ་རེད། ཕྱོགས་ལྔའི་གཙོ་གནད་བྱ་བ་སྒྲུབ་རྒྱུ་ཡིན་ཏེ། གཅིག་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བརྒྱབ་ནས་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་སྲིད་གྲོས་ཀྱི་བྱ་བ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། གཉིས་ནས་ཁུལ་ཡོངས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁུལ་ཨུའི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་དེ་འགན་སྒྲུབ་ཀྱི་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སོགས་དཔྱད་གཞི་གལ་ཆེན་གྱི་རྟོག་ཞིབ་གྲོས་མོལ་ལ་དམིགས་ནས། གྲོས་གཞི་འདོན་རྒྱུ་དེ་དགོས་མཁོར་དམིགས་ནས་འདོན་པ་དང་། སྲིད་དོན་གྲོས་ཞིབ་དང་གྲོས་མོལ་བྱེད་རྒྱུ་དེ་གནད་འགག་ཏུ་བརྩི་པ། ལྟ་སྐུལ་ལྟ་ཞིབ་བྱ་རྒྱུ་གནད་འགག་གི་གནས་སུ་འཇོག་དགོས། གསུམ་ནས་འགན་འཁྲིའི་ལས་འགན་ལ་དམིགས་ནས་ཆེད་དོན་གྲོས་མོལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས། རང་རྟོགས་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ནས་གྲོས་མོལ་དམངས་གཙོ་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཆེད་དོན་གྲོས་མོལ་བྱེད་པ་དེ་ཁྱད་ཆོས་ལྡན་པ་དང་སྤུས་ཚད་ཡོད་པ། ཆུ་ཚད་འཛོམས་པ་བཅས་བྱ་དགོས། བཞི་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་གཙོ་གནད་དུ་བཟུང་ནས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་ངོས་འཛིན་ཆགས་པའི་ཁྲོད་བློ་གྲོས་གཅིག་སྡུད་བྱེད་པ། མཐུན་སྒྲིལ་འབད་འཐབ་ཁྲོད་མཉམ་ཤུགས་སྒྲིལ་བ་བཅས་བྱས་ཏེ། མཚོ་བྱང་ལ་དགའ་ཞེན་ཡོད་པ་དང་མཚོ་བྱང་འཛུགས་སྐྲུན་བྱེད་པ། མཚོ་བྱང་ལ་བྱས་རྗེས་འཇོག་པ་བཅས་ཀྱི་ནུས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས། ལྔ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་འགན་འཁྲི་སྒྲུབ་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཆབ་སྲིད་འཛུགས་སྐྱོང་བྱེད་པ་དེ་འགན་འཁྲི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གིས་སྲིད་གྲོས་བྱ་བར་མགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་སྡེ་གཉིས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏང་སྟེ་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་པར་འགན་སྲུང་ནུས་ལྡན་བྱ་དགོས་ཟེར།

05.jpg

ཝུའུ་ཧྲུའུ་རུང་གིས་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར། ཚོགས་ཆེན་ལ་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ། ཁོས་བསྟན་དོན། སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཚུན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བའི་ནང་ཞུགས་པའི་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་གནད་འཁེལ་གྲོས་གཞི44བཏོན་པར་ཞིབ་བཤེར་བྱས་ཏེ་གྱོད་གཞི32ཐག་གཅོད་བྱས་པ་དང་། ཐག་གཅོད་བྱས་ཚད89%ལ་སླེབས་པ་དང་ལན་བཏབ་ཚད་དང་བློ་ཡིད་ཚིམ་ཚད100%ལ་སླེབས་ཡོད། སྤུས་ཚད་མཐོ་བའི་གྲོས་གཞི་འབོར་ཆེན་ཞིག་དོན་འཁྱོལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་ཞིང་། གྲོས་གཞི་བྱ་བའི་ཆབ་སྲིད་རང་བཞིན་དང་རྨང་གཞིའི་རང་བཞིན། དངོས་ཕན་རང་བཞིན་བཅས་སྔར་ལས་མཐོ་རུ་ཕྱིན་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་མཚོ་བྱང་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཟེར།

06.jpg

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།