དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པ་འཚོགས།

2026-02-05 10:03:46   |   145

རྩོམ་སྒྲིག    སངས་དོན།     ཡོང་ཁུངས།     མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ2པའི་ཚེས4ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། 

01.jpg

གྲོས་ཚོགས་ལ་སླེབས་དགོས་པའི་འཐུས་མི214ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི188ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཧྥེང་དང་། ཆན་གོ་ཆིན། ཝང་ཞིང་ཧོས། མ་ཁྲེང་ཀོས། ཝན་བཀྲ་ཤིས་དོན་འགྲུབ། ཀང་ཧྥུ། མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། 

ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་བྱང་ཡན་ལག་དམག་ཁུལ་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད།ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། དེ་བཞིན་མཚོ་བྱང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་སྲིད་གྲོས་ཨུ་ཡོན་བཅས་ཚོགས་འདུར་ཟུར་ཞུགས་བྱས། 

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ནམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཆན་གོ་ཆིན་གྱིས་མགོ་རྩོམ་ཚོགས་ཆེན་ལ་གཙོ་སྐྱོང་གནང་།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས།  

04.jpg

ཚོགས་ཆེན་གྱིས་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཕུལ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན།   སྙན་ཞུ་ཁྱོན་ཁག་གཉིས་སུ་དབྱེ་ཡོད་དེ། དང་པོ་ནི2025ལོ་དང“ལྔ་བཅུ་བཞིའི”དུས་སྐབས་ཀྱི་བྱ་བར་ཕྱི་མིག་ལྟ་བ་དང་། གཉིས་པ་ནི“ལྔ་བཅོ་ལྔའི”དུས་སྐབས་ཀྱི་དམིགས་འབེན་གཙོ་བོ་དང2026ལོའི་གཙོ་གནད་བྱ་བའི་ལས་འགན་དེ་རེད། སྙན་ཞུ་ལས་བསྟན་དོན། 2025ལོ་ནི“ལྔ་བཅུ་བཞི”མཇུག་སྒྲིལ་བའི་ལོ་ཡིན་ལ། ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དོན་འཁྱོལ་བྱས་ཤིང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག རང་འགུལ་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ནང་ཞུགས་པ་དང་ཞབས་འདེགས་ཞུས་ཏེ། “ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“ལྷག་ཏུ་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”ལ་སྐུལ་འདེད་དང“243”གྱི་འཕེལ་རྒྱས་བཀོད་པ་བསྐྲུན་རྒྱུར་དམིགས་ཏེ། ཡིད་ཆེས་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་དང་། དཔལ་འབྱོར་བརྟན་ཐོག་ཡར་འཕེལ། མི་དམངས་བདེ་སྡོད་ལས་བརྩོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་མུ་མཐུད་སྐུལ་འདེད་བཏང་བས། “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རབས་དང་རིམ་པ་ཐོབ་ཡོད། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར122.5ཡིན་ལ5%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར5.71ཡིན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར46.88བཏང་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར་སྒོར་དུང་ཕྱུར35.78ཡིན་ལ1.3%འཕར་ཡོད།  སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29400ཡིན་ལ5.1%འཕར་ཡོད། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད1.8%ཀྱི་ཅུང་དམའ་བའི་ཆུ་ཚད་དུ་ཚོད་འཛིན་བྱས་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད0.2%ཆག་ཡོད། 

0666.jpg

སྙན་ཞུ་ལས་བསྟན་དོན། “ལྔ་བཅུ་བཞིའི”དུས་སྐབས་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་གནང་བ་དང་ལྷག་པར་མཚོ་བྱང་བྱ་བར་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་འཇུས་ཏེ་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་མི་གཏོང་བ་དང་། འཆར་གཞི་གཅིག་མཐའ་གཅིག་ཏུ་འགོད་རྒྱུ་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་པ། སྣེ་མང་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཀྱི་དུས་བབ་ལ་ཁ་གཏད་ཧུར་ཐག་བཅལ་བ། བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་གི་དཀའ་གནད་མང་པོ་ཞིག་གི་ལས་འགན་ལྕི་མོ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པ། ཉེན་ཁ་དང་འགྲན་སློང་གལ་ཆེན་རབས་དང་རིམ་པར་ཁ་གཏད་ནུས་ལྡན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་མཐུད་ཤུགས་བསྣན་པ་དང་དཔལ་འབྱོར་རིགས་སྒྱུར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་ཡོང་བ། མཁར་གྲོང་དང་གྲོང་གསེབ་མཉམ་འདྲེས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པ། དམངས་ཚིས་བདེ་སྐྱིད་ཆུ་ཚད་ཉིན་རེ་བཞིན་མཐོ་རུ་ཕྱིན་པ། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་སྟེ་མཚོ་བྱང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་དུས་སྐབས་ཆེས་ཡག་ཤོས་སུ་སླེབས་ཡོད།

08888.jpg

སྙན་ཞུ་ལས་བཏོན་དོན། 2026ལོ་ནི“ལྔ་བཅོ་ལྔ”མགོ་རྩོམ་པའི་ལོ་ཡིན་པས། སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང“ལྷག་ཏུ་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞིགས་པ་དང་། “སྤྱི་གླིང་གཉིས་དང་བཙན་ས་གཅིག”གཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་ལས་འགན་ལ་དམིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཚ་ཚང་ཡང་དག་དང་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་གཏིང་ཟབ་དང་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་སྔར་ལས་ཡག་པོ་བྱེད་པ། དཔལ་འབྱོར་སྤུས་ཚད་ནུས་ལྡན་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་འཛིན་བཅས་བྱས་ཏེ། “ལྔ་བཅོ་ལྔ”མགོ་ཡག་པོ་ཞིག་བརྩམ་ཐུབ་པར་འབད་བརྩོན་ལྷུར་ལེན་བྱ་རྒྱུ་རེད།

སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར4.5%ཡས་མས་འཕར་ནས་གྲུབ་འབྲས་སྔར་ལས་ལེགས་པ་བརྩོན་ལེན་བྱ་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད4.5%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར4.5%ཡས་མས་འཕར་བ། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ1%འཕར་བ། སྡོད་དམས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་དུས་མཉམ་ཡོང་བ། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད3.5%ནང་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་སུ་ཚོད་འཛིན་བྱ་རྒྱུ་རེད།

09.jpg

10.jpg

སྙན་ཞུ་ལས་ནན་གྱིས་བསྟན་དོན། གོང་ནས་གླེང་བའི་དམིགས་འབེན་དེ་དག་ཡོངས་འགྲུབ་བྱེད་དགོས་ན། གཙོ་བོ་ཕྱོགས་དྲུག་གི་ཐད་ཀྱི་བྱ་བ་དམ་འཛིན་བྱ་དགོས་ཏེ། གཅིག་ནས་སྐྱེ་ཁམས་དཔོན་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་སྲ་བརྟན་དུ་གཏང་རྒྱུ། གཉིས་ནས་ཐོན་ལས་ཀྱི་རིགས་སྒྱུར་འཕེལ་རྒྱས་སྔར་བས་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏང་རྒྱུ། གསུམ་ནས་སྤྱི་ཚོགས་ཁྲོམ་རའི་སྔོན་དཔག་མུ་མཐུད་བརྟན་པོ་ཡོང་བར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏང་རྒྱུ། བཞི་ནས་མཐུན་སྦྱོར་འཕེལ་རྒྱས་ལ་མུ་མཐུད་དུ་སྤྱི་འདོམས་ཟབ་སྤེལ་བྱས་ཏེ། མཁར་གྲོང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་སྐུལ་འདེད་མགྱོགས་སུ་གཏང་རྒྱུ། ལྔ་ནས་དམངས་ཚིས་དངོས་དོན་ཁག་ཅིག་ཏན་ཏིག་གིས་བསྒྲུབས་ནས། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་ནུས་ཤུགས་གཅིག་སྒྲིལ་གྱིས་ཐག་གཅོད་བྱ་རྒྱུ། དྲུག་ནས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། དམངས་ཡོངས་ཀྱི་ལས་བརྩོན་བདེ་སྡོད་ལ་སྲུང་སྐྱོང་བཅས་བྱ་དགོས།

0999.jpg

ཚོགས་ཆེན་ཐོག་ད་དུང་ཝང་ཞིང་ཧོས་ཀྱིས་གནང་བའི་འབྲེལ་ཡོད<<མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)>>ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་གཞི་དང་བན་བཀྲ་ཤིས་དོན་གྲུབ་ཀྱིས་གནང་བའི་འབྲེལ་ཡོད<<མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)>>ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་གཞིར་གསན།  ཚོགས་ཆེན་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2026ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2025ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2026ལོའི་ནོར་སྲིད་སྔོན་རྩིས་མ་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱས།  


མཉམ་སྤྱོད།