དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པ་གྲོལ།

2026-02-06 19:16:01   |   369

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས6ཉིན་གྱི་སྔ་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་ནས་ཁུལ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།

图片1.jpg

ཚོགས་འདུར་ཞུགས་དགོས་པའི་འཐུས་མི214ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི180ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཧྥེང་དང་། ཆན་གོ་ཆིན། ཝང་ཞིང་ཧོས། མ་ཁྲེང་ཀོས། ཝན་བཀྲ་ཤིས་དོན་འགྲུབ། ཀང་ཧྥུ། མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཀྲུའུ་ཞི་སྟེགས་བུའི་སྟེང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད།

 图片2.jpg

图片3.jpg

ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་སྡེ་ཁག་གི་འགན་ཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། དེ་བཞིན་རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་གནང་། 

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ནམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཆན་གོ་ཆིན་གྱིས་མཇུག་སྒྲིལ་ཚོགས་ཆེན་ལ་གཙོ་སྐྱོང་གནང་།   

ཚོགས་ཆེན་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཀྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2025ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2026ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་བྱ་བའི་སྲོལ་ཡིག(དག་བཅོས་འཆར་ཟིན།)》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག(དག་བཅོས་འཆར་ཟིན།)》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

 图片4.jpg

ཚོགས་ཆེན་ཐོག་ལག་པ་ཡར་བཀྱགས་ནས་བརྡས་ཐག་གཅོད་པའི་བྱ་ཐབས་ལ་བརྟེན་ནས་མ་ཞའེ་ལི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ལྟ་ཞིབ་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་ཨུ་ཡོན་དང་། ཀྲུའུ་ཧྲིན་ཁྲིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལ་གྲོས་འཆམ་བྱུང་།       

ཆན་གོ་ཆིན་གྱིས་བསྟན་དོན། 2026ལོ་ནི“ལྔ་བཅོ་ལྔ”མགོ་རྩོམ་པའི་ལོ་ཡིན་ལ། མཚོ་བྱང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་ལས་འགན་དཀའ་ཚེགས་ཆེ་བ་དང་འགན་འཁྲི་ལྕི་ལ་གཟི་བརྗིད་ལྡན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་དང་དམངས་ཆེན་འཐུས་མི་ཚང་མས་ཐེངས་འདིའི་ཚོགས་འདུ་མགོ་རྩོམ་ས་གསར་པར་བརྩིས་ནས་སྔར་ལས་ཡིད་ཆེས་བརྟན་གཏོང་དང་ངར་ཤུགས་ལེགས་གཏོང་། དཔའ་ངར་སྔོན་བརྩོན་བཅས་བྱས་ཏེ་སྔར་ལས་སྤྲོ་སེམས་དང་དངོས་གཉེར་སྤྱོད་ཚུལ། བྱེད་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་མི་དམངས་ཀྱིས་སྤྲད་པའི་དབང་ཆ་ལག་བསྟར་ཡག་པོ་བྱས་ནས་དུས་རབས་གསར་བའི་མཚོ་བྱང་དམངས་ཆེན་བྱ་བའི་ལེའུ་གསར་བ་ཡག་པོར་འབྲི་རྒྱུའི་རེ་བ་ཡོད་ཟེར།

ཆན་གོ་ཆིན་གྱིས་ནན་གྱིས་བསྟན་དོན། གཅིག་ནས་ཚང་མས་ཐོག་མའི་བསམ་འདུན་ནམ་ཡང་རྒྱུན་འཁྱོངས་དང་འགན་འཁྲི་བརྟན་སྲུང་བྱས་ནས་ཆབ་སྲིད་བརྟན་པོའི“མདུན་གྲོགས”བྱེད་རྒྱུའི་རེ་བ་ཡོད་དེ། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་དེ་རྩ་བའི་འགན་ལེན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམངས་ཆེན་བྱ་བ་རང་རྟོགས་ངང་ཁུལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འདྲེས་པར་བྱས་ནས་ཁུལ་ཨུ་དང་སེམས་ཁ་གཅིག་མཐུན་དང་བསམ་སྤྱོད་གཅིག་མཐུན་ཡོང་བར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་དྲག་པོ་སྤྱད་དེ་དམངས་ཆེན་འཐུས་མིའི་བླ་ན་མེད་པའི་འགན་འཁྲི་ལེགས་པར་སྒྲུབ་དགོས། གཉིས་ནས་ཚང་མས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི"དངོས་སྒྲུབ་མཁན"བྱེད་པའི་རེ་བ་ཡོད་དེ། "ལྔ་བཅོ་ལྔའི"འཆར་འགོད་རྩ་གནད་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ཁུལ་ཨུའི"243"གྱི་འཕེལ་རྒྱས་བཀོད་སྒྲིག་དང་། "སྤྱི་གླིང་གཉིས་དང་བཙན་ས་གཅིག"འཛུགས་སྐྲུན་བྱེད་པ། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"མངོན་འགྱུར་བྱེད་པ་བཅས་ཀྱི་དམིགས་འབེན་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཙོ་གནད་བྱ་བར་རྩེ་གཅིག་ཏུ་དམིགས་ཏེ། རང་འགུལ་གྱིས་ཐབས་འདོན་ཇུས་འབུལ་དང་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ཏེ། ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་སོ་སོ་དོན་འཁྱོལ་དང་། ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་མཚོ་བྱང་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་བྱེད་དགོས། གསུམ་ནས་ཚང་མས་རྩ་དོན་ཡིད་ལ་བརྟན་པོར་བཅངས་ནས་མང་ཚོགས་ལ་གཞི་ཚུགས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བའི“སྙིང་ཉེ་མཁན”བྱེད་པའི་རེ་བ་ཡོད་དེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་གོ་གནས་མཐོ་ཤོས་སུ་བཞག་སྟེ། སློབ་ཆུང་སློབ་མའི་རྣམ་འགྱུར་ཐོག་ནས་ཁེངས་སྐྱུང་གིས་མི་དམངས་དང་གཞི་རིམ་གྱི་ལག་ལེན་ལ་སློབ་སྦྱོང་བྱེད་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་སུ་ཟབ་ཞུགས་མང་ཙམ་བྱེད་པ་དང་། མང་ཚོགས་ཀྱི་སྐད་སྒྲར་མང་ཙམ་ཉན་པ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་མང་པོ་ཐག་གཅོད་བྱེད་པ་དང་། བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་བྱ་བ་ཡག་པོར་བསྒྲུབ་སྟེ་མི་དམངས་མང་ཚོགས་ཀྱི་མགྲིན་ཚབ་པ་དང་སྙིང་ཉེ་མཁན་ལ་འགྱུར་བར་བྱེད་དགོས་ཟེར།

图片5.jpg

ཚོགས་ཆེན་ཐོག ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཐེངས་འདིའི་ཚོགས་ཆེན་མགོ་རྩོམ་ས་གསར་བར་བརྩིས་ནས། ཡིད་ཆེས་བརྟན་པོ་དང་ངར་ཤུགས་གཅིག་སྒྲིམ་གྱིས་འབད་འབུངས་ཡར་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ"དུས་ཚོད་ཀྱིས་མི་ལ་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི"དགོས་གཏུགས་ཀྱི་བསམ་པ་དང་། "འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ"ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་སེམས་ནུས་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་བ་རྩོམ་དགོས་པའི་འབོད་སྐུལ་གནང་།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་གྲོལ།


མཉམ་སྤྱོད།