དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིད་གཞུང་ལས་དོན་སྙན་ཞུའི་ཁྲོད་ཀྱི་ཐ་སྙད་འགྲེལ་བཤད།

2026-02-06 10:49:01   |   62

སྒྲིག་སྒྱུར། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་ནི། མཚོ་སྔོན་ཞིང་ཆེན་གྱི་རིན་ཐང་ཆེས་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེས་ཆེ་ཤོས་ནི་སྐྱེ་ཁམས། གབ་ཤུགས་ཆེས་ཆེ་ཤོས་བཅས་ཀྱང་སྐྱེ་ཁམས་ཡིན་ཞེས་པ་དེ་ཡིན།

2.“ལྷག་ཏུ་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ནི། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་བརྟན་འཇགས་གནས་བབ་དང་། རྒྱལ་ཁོངས་བརྟན་འཇགས་གནས་བབ། ཐོན་ཁུངས་ནུས་ཁུངས་བརྟན་འཇགས་གནས་བབ་གསུམ་བླ་ལྷག་ཏུ་གལ་འགངས་ཆེ་བ་ཡིན།

3. ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ་ནི། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་གཞག་བཅས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་བ་དེ་ཡིན།

4. “243”འཕེལ་རྒྱས་བཀོད་པ་ནི། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་མཐོ་ས་སྐྲུན་པ་གཉིས་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ། ནུས་ཁུངས་གཙང་མ་ཐོན་སྐྱེད་བེད་སྤྱོད་སྐུལ་འདེད་ཁུལ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་བཅས་བཞི། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་ལས་དོན་བཅས་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་བསྐྱོད་པ་གསུམ་བཅས་ལ“243”འཕེལ་རྒྱས་བཀོད་པ་ཟེར།

5.མཚོ་བྱང་ལྔ་ནི། འབྱོར་ཕྱུག་མཚོ་བྱང་། དཔལ་ཡོན་མཚོ་བྱང་། འཆམ་མཐུན་མཚོ་བྱང་། མཛེས་སྡུག་མཚོ་བྱང་། བདེ་སྐྱིད་མཚོ་བྱང་བཅས་ཡིན།

6. “5+8+N”ཡི་ཞིང་ཕྱུགས་ཐོན་ལས་མ་ལག་ནི།  བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་བཅས་གཙོ་ཁྲིད་ཐོན་ལས་ལྔ་དང་། སྐམས་ཤ་དང་ལུག་ཤ སྦྲང་རྩི། ཤ་མོ་སེར་པོ། ཆུ་གྲང་ཉ། དྲི་ཞིམ་ཤ་མོ། གྲོ་མ། སྔོ་ཚལ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་བརྒྱད། ཀྲུང་བོད་སྨན་རྫས་དང་རྩྭ་ཕག རྩྭ་ཐང་སྐྱེ་ཁམས་ཁྱིམ་བྱ་སོགས་ཐོན་ལས་སྣ་མང་ཅན་བཅས་ཡིན།

7.སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གཞི་ནི། ལོ་དང་པོའི་ནང་རྨང་གཞི་བཙུགས་ནས་ཐོག་མར་འཁོར་སྐྱོད་བྱེད་པ་དང་། ལོ་གཉིས་པའི་ནང་སྒྱུར་བཀོད་བྱས་ནས་ཡོངས་སུ་མཐོར་འདེགས་གཏོང་བ། ལོ་གསུམ་པའི་ནང་ཚད་གཞི་རུ་སླེབས་ནས་ཡོངས་སུ་ཐོན་སྐྱེད་བྱེད་མགོ་རྩོམ་པའི་འཛུགས་སྐྲུན་གྱི་རིག་ལམ་ལ་བརྟེན་ནས། རྫོང་རེ་རེས་ཉུང་མཐར་ཡང་ནོར་ལུག་མགོ་གྲངས་ཁྲི་སྟོང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་གཅིག་དང་། གཟན་ཆས་བཟོ་གྲྭ་གཅིག ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་གཅིག བཤས་ར་གཅིག སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭ་གཅིག ནས་དང་ལོག་དཀར་ལས་སྣོན་བཟོ་གྲྭ་གཅིག ཀོ་པགས་དང་བལ་རྩིད་བེད་སྤྱོད་ལས་སྣོན་བཟོ་གྲྭ་གཅིག ཞིང་ཕྱུགས་སོན་བཟང་རྒྱུད་སྤེལ་དང་མཁོ་སྤྲོད་རྟེན་གཞི་གཅིག འཁྱགས་སྦྲེལ་དངོས་རྒྱུག་མཛོད་ཉར་རྟེན་གཞི་གཅིག་བཅས་འཛུགས་རྒྱུ་དེ་ཡིན།

8.ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་ནི། གནོད་མེད་ཞིང་ལས་ཐོན་རྫས། ལྗང་མདོག་བཟའ་བཅའ། སྐྱེ་ལྡན་ཞིང་ལས་ཐོན་རྫས་བཅས་གསུམ་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་གཅིག་བཅས་ཡིན།

9.རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི“123”རྨང་གཞི་བརྟན་གཏོང་ལས་གཞི་ནི། Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུ་ལྟེ་བར་བྱས་ཏེ། འཇུ་ལག་དང་རྐང་ཚ། མདའ་བཞི་བཅས་རྫོང་ཁག་གིས་མཛེས་ལྗོངས་ཁུལ་གཅིག་ཞིང་ཆེན་ཡོངས་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་མིང་གཞུང་ནང་འཇུག་རྒྱུ་བརྩོན་ལེན་བྱེད་པ་དང་། རྫོང་ཁག་གིས་སོ་སོར་ཡང་བསྐྱར་གནས་སྐོར་མཛེས་ལྗོངས་ཁུལ4Aརིམ་པ་ཅན2དང3Aརིམ་པ་ཅན3བཏོད་དེ། གནས་སྐོར་འཕེལ་རྒྱས་ལ་ལྗོངས་ཁུལ་ཆེན་པོ་མཉམ་འགུལ་དང་ཡུལ་ཁོངས་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས།

10.“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ནི།“གློད”ཅེས་པ་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་ཆོག་འཐུས་ཚད་གཞི་དམའ་རུ་གཏོང་བ་དང་། “སྡོམ”ཞེས་པ་ནི་རྟོག་དམ་གསར་གཏོད་བྱས་ནས་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། “ཞབས”ཞེས་པ་ནི་ནུས་ཆེའི་ཞབས་ཞུ་བྱས་ནས་སྟབས་བདེའི་ཁོར་ཡུག་བསྐྲུན་པ་བཅས་ཡིན།

11.མྱུར་བརྟག་མྱུར་སྐྱོབ་ཀྱི“ལྟེ་གནས་ཆེན་པོ་ལྔ”ནི། བྲང་གཟེར་ལྟེ་གནས་དང་གཟའ་གྲིབ་ལྟེ་གནས། རྨས་སྐྱོན་ལྟེ་གནས། ཉེན་ཁ་ཆེ་བའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། ཉེན་ཁ་ཆེ་བའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་བཅས་ཡིན།

12.ཆེད་ཚན་གཉིས་དང་ལྟེ་གནས་གཅིག་ནི། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆའི་ཆེད་ལས་ཚན་ཁག2དང་། རྫོང་ཁོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ལ་འཚམ་པའི་ལག་རྩལ་ཁྱབ་གདལ་ལྟེ་གནས1བཅས་ལ་ཟེར།

13.གོམ་ལྔའི་བརྟག་བཅོས་བྱེད་ཐབས་ནི། གོམ་པ་དང་པོ“སྔོན་བརྟག”སྔོན་ལ་སྒྲུབ་པ་སྟེ། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་དང་ཏང་ཡོན་གདོང་ལེན་རུ་ཁག་འཐབ་ས་དང་པོར་ཕྱིན་ཏེ་རང་འགུལ་ངང་གྲལ་བཤེར་བྱེད་པར་སྤྱི་འདོམས་བྱས་ཏེ། གཞན་དབང་གིས་དང་ལེན་བྱེད་པ་ནས་རང་འགུལ་གྱིས“གཅོང་ནད”འཚོལ་བར་བསྒྱུར་བ་དང་། གོམ་པ་གཉིས་པ“ཁ་ཆད་ནད་བརྟག”དམིགས་བསལ་སྒོས་སྒྲུབ་པ་སྟེ། དྲ་ཐོག་གི“ཨང་རྟགས་ཐོག་གི་ཁ་ཆད”གོ་རིམ་ཆུང་ངུ་དང་དྲ་ཕྱིའི་ཞབས་ཞུའི་ལས་གནས་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱིས་རང་མོས་ངང་འདུམ་འགྲིག་རིགས་གཅིག་མཁས་ཅན་དང་དུས་ཚོད་བདམས་ཆོག་ལ། སྟབས་བདེའི་འདུམ་འགྲིག་མངོན་འགྱུར་བྱེད་པ། གོམ་པ་གསུམ་པ“ནད་བརྟག”མྱུར་སྒྲུབ་སྟེ། ཆེད་མངགས་གདན་ཞུའི་རིགས་གཅིག་མཁས་ཅན་གྱི་འདུམ་འགྲིག་སྤྱི་ཁྱབ་མཛོད་བཙུགས་ཏེ། རིགས་གཅིག་མཁས་ཅན་ལ་གཟའ་འཁོར་རེའི་གཏན་འཇགས་དུས་ཚོད་བཀོད་སྒྲིག་བྱས་ནས་སྤུས་རྟགས་ལས་དོན་ཁང་དུ“ནད་བརྟག”བྱེད་པ་དང་འབྲེལ་འདུམ་འགྲིག་ཐེངས་གྲངས་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། གོམ་པ་བཞི་པ“མཉམ་བརྟག”མཉམ་འབྲེལ་སྒོས་སྒྲུབ་པ་སྟེ། ཁྱབ་ཁོངས་ལས་བརྒལ་བ་དང་ལོ་རྒྱུས་ཀྱི་ཤུལ་ལུས་དཀའ་གནད་ལ་དམིགས་ནས། སྡེ་ཁག་མང་པོས“མཉམ་བརྟག”རྐྱེན་སྲོལ་འཛུགས་པ་དང་། ཁུལ་དང་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་མཐུན་སྦྱོར་བཀོད་འདོམས་བྱེད་པ། གོམ་པ་ལྔ་པ“བསྐྱར་བརྟག”སྐུལ་སྒྲུབ་སྟེ། རྗེས་འདེད་བསྐྱར་འདྲི་བྱ་རྒྱུ་དེ་ཞིབ་བཤེར་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགག་རྩའི་ལྷུ་ཚིགས་སུ་བརྩི་བ་དང་འབྲེལ་བློ་ཡིད་ཚིམ་ཚད་དཔྱད་ཞིབ་ནང་འཇུག་རྒྱུ་བཅས་ཡིན།

14. ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས་ནི།“བྱུར་རྐྱེན་ཕྲན་ཚེགས་ཞིབ་བཤེར་དང་། རྩོད་གཞི་ཕྲན་ཚེགས་འདུམ་འགྲིག ཁོར་ཡུག་ཕྲན་ཚེགས་ལེགས་བཅོས། གནད་དོན་ཕྲན་ཚེགས་ཐག་གཅོད། གྱོད་གཞི་ཕྲན་ཚེགས་ཐག་གཅོད། དགོས་མཁོ་ཕྲན་ཚེགས་སྐོང་པའི”ལས་ཀའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། “དོན་དག་ཕྲན་ཚེགས”ལ་བརྟེན་ནས་དམངས་ཚིས“གནད་དོན་ཆེན་པོ”ཐག་གཅོད་པ་ཡིན།

15.ཐོན་ལས་ཀྱི“ས་ཁུལ་བཞི”ནི། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་བཞི་ཡིན།

16.“ཡོལ་གཅིག་གླིང་གཉིས་ཁུལ་བཞི་ལྷུ་ཚིགས་མང་པོའི”འཐབ་ཇུས་བཀོད་སྒྲིག་ནི།“ཡོལ་གཅིག”ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་སྲུང་བ་དང་། “གླིང་གཉིས”ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ་དེ་ཡིན།“ཁུལ་བཞི”ནི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་སྔོན་སྐྱོད་ཁུལ་གཏོད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གཏོད་པ། ལྗང་མདོག་ནུས་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་འཕེལ་རྒྱས་ཁུལ་གཏོད་པ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་ལེན་ཁུལ་གཏོད་པ་བཅས་ཡིན།“ལྷུ་ཚིགས་མང་པོ”ནི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ཞབས་ཞུ་ཅན་གྱི་ས་ཁོངས་དངོས་རྒྱུག་གི་ལྷུ་ཚིགས་མང་པོའི་ཐེག་ཁུར་ལྟེ་གནས་གལ་ཆེན་འཛུགས་པ་ལ་ཟེར།

17.“ལྟེ་གཅིག་གྲོང་གཉིས་རྒྱུད་གསུམ་གནས་མང”གི་མཁར་གྲོང་འཕེལ་རྒྱས་རྣམ་པ་ནི།“ལྟེ་གཅིག”ཞེས་པ་ནི་ཁུལ་སྲིད་གཞུང་གནས་ཡུལ་གྱི་ནུབ་མཚོ་གྲོང་རྡལ་ཡིན་པ་དང་། “གྲོང་གཉིས”ཞེས་པ་ནི་མདའ་བཞི་རྫོང་དང་འཇུ་ལག་རྫོང་གི་གཙོ་གནད་འཛུགས་སྐྲུན་གྱི་གསར་དར་མཁར་གྲོང་གཉིས་ལ་ཟེར། “རྒྱུད་གསུམ”ནི་འགྲིམ་འགྲུལ་མ་ལམ་ལ་བརྟེན་ནས་གྲུབ་པའི་མཁར་གྲོང་འཕེལ་རྒྱས་རྒྱུད་གསུམ་སྟེ། S302དང་། G227དང་། S304སོགས་བགྲོད་ལམ་གྱི་བྱང་རྒྱུད་མཁར་གྲོང་འཕེལ་རྒྱས་རྒྱུད་དང་། G315དང་མཚོ་བོད་ལྕགས་ལམ་ལ་བརྟེན་པའི་ལྷོ་རྒྱུད་ཀྱི་མཁར་གྲོང་འཕེལ་རྒྱས་རྒྱུད། ལྷོ་བྱང་སྦྲེལ་མཐུད་ཀྱིS304ལ་བརྟེན་པའི་དབུས་རྒྱུད་ཀྱི་མཁར་གྲོང་འཕེལ་རྒྱས་རྒྱུད་བཅས་ལ་ཟེར། “གནས་མང”ཞེས་པ་ནི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་བརྟེན་ནས་འཕེལ་རྒྱས་གཏོང་བའི་རྫོང་མཁར་དང་གཙོ་གནད་གྲོང་རྡལ་མང་པོ་ཞིག་ལ་ཟེར།

18.“1+5+N”གྱི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་ནི། སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་གྱི་ལས་སྟེགས་གཞི་རྟེན་བྱས་ཏེ། གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ། ཛ་དྲག་སྤྱི་ཚོགས་རོགས་སྐྱོབ། ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ། གཞན་པའི་རོགས་སྐྱོབ་སོགས་སྲིད་གཞུང་གི་རོགས་སྐྱོབ་རིགས་ལྔ་གཙོ་གཟུགས་སུ་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཞུགས་ནས་ཁ་གསབ་བྱེད་པའི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་ལ་ཟེར།

19.རིག་གནས་ལྔ་ནི། སྐྱེ་ཁམས་རིག་གནས་དང་། ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་རིག་གནས། ས་མཐོའི་རིག་གནས་བཅས་ཡིན།

20.མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་གྱི“འཆར་གཞི་གསུམ”དང“བྱ་སྤྱོད་ཁག་བཅུ”ནི། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་འབྲེལ་འདྲིས་དང་། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་མཉམ་འདྲེས་རྣམ་པའི་འཕེལ་རྒྱས། གནས་སྐོར་གྱིས་མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་ལ་སྐུལ་འདེད་གཏོང་བའི་འཆར་གཞི་གསུམ་དང་། གཞི་རིམ་རྩ་འཛུགས་ཀྱི“རྨང་གཞི་བརྟན་གཏོང”དང་། གཞོན་ནུ་ལོ་ཆུང་གི་འབྲེལ་འདྲིས“མྱུ་གུ་གསོ་བ”། ཕན་ཚུན་མཉམ་འདྲེས་རྣམ་པའི་འཕེལ་རྒྱས་ཀྱི“མཉམ་དུ་ཕྱུག་འགྱུར”། དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་དང་རོང་འབྲོག་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པའི“བློ་རིག་འཕེལ་དུ་འཇུག་པ”། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་ལག་རྩལ་འཇོན་ཐང་ཅན་ལ“གློག་གསོག་པ”། སྔོན་ཐོན་དཔེ་བཟང་མི་སྣར་རྟོག་ཞིབ་དང་ཁམས་གསོ་བྱེད་པའི“གཟི་བརྗིད་སྩོལ་བ”། རིག་གནས་སྒྱུ་རྩལ་འབྲེལ་འདྲིས་ཀྱི“སེམས་ཁམས་དྲོ་བར་བྱེད་པ”། ཆོས་ལུགས་ལས་རིགས་མི་སྣའི་སློབ་གསོའི“སེམས་ཤུགས་གཅིག་ཏུ་སྒྲིལ་བ”། གནས་སྐོར་ལ་སྐུལ་འདེད་གཏོང་བའི“ཟམ་པ་བསྐྲུན་པ”། གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་འགྲོ་འོང་གི་ས་ཁོངས་ལས་བརྒལ་བའི་ཞབས་ཞུ་དང་དོ་དམ་ཀྱི“འཆམ་མཐུན་སྤྲོ་དགའི”བྱ་སྤྱོད་བཅས་ཁག་བཅུ་པོ་དེ་ཡིན།

21.དགོན་པར་སྐྱོད་པ་བདུན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། རྒྱལ་དར། གཙོ་འཛིན་སྐུ་པར། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཅས་དགོན་པར་སྐྱོད་པ་བཅས་ཡིན།

22.དགོན་པར་སྐྱེལ་བ་གསུམ་ནི། བཅའ་ཁྲིམས་དང་། སྨན་བཅོས། སློབ་གསོ་བཅས་དགོན་པར་སྐྱེལ་བར་ཟེར།

23.སྤྱི་གླིང་གཉིས་དང་མཐོ་ས་གཅིག་ནི། “སྤྱི་གླིང་གཉིས”ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ཡིན། “མཐོ་ས་གཅིག”ནི་མདེལ་གཉིས་སྐར་གཅིག་ཕུགས་འདུན་དད་སེམས་ཀྱི་སྙིང་སྟོབས་ཀྱི་མཐོ་ས་ཡིན།

24.ཐཱན་གཉིས་ནི། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གཉིས་ཡིན།

25.“ABC”རྣམ་གྲངས་དོ་དམ་རྐྱེན་སྲོལ་ནི། རྣམ་གྲངས་ཁག་ཅིག་འཆར་འགོད་གྲབས་གསོག་དང་ཁག་ཅིག་ལས་མགོ་རྩོམ་ནས་ལག་བསྟར་བྱེད་པ། ཁག་ཅིག་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་བྱེད་པའི་རྣམས་གྲངས་དོ་དམ་རྐྱེན་སྲོལ་ལ་ཟེར།

26.“གཞུང་གྲོན་གསུམ”ནི། སྲིད་གཞུང་སྡེ་ཁག་གི་མི་སྣས་གཞུང་དོན་དུ་ཕྱི་རྒྱལ(རྒྱལ་མཚམས་སྒྲོལ་བ)དུ་འགྲོ་བའི་འགྲོ་གྲོན་དང་། གཞུང་དོན་སྣེ་ལེན་གྱི་གྲོན་དངུལ། གཞུང་སྤྱོད་རླངས་འཁོར་ཉོ་སྒྲུབ་དང་འཁོར་སྐྱོད་ཞིག་གསོའི་གྲོན་དངུལ་བཅས་ལ་ཟེར།

27.གཞི་རིམ་གྱི“འགན་ལེན་གསུམ”ནི། གཞི་རྩའི་དམངས་འཚོ་འགན་ལེན་དང་། གླ་ཕོགས་འགན་ལེན། འཁོར་སྐྱོད་འགན་ལེན་བཅས་ཡིན།

28.དངུལ་རྩ་ཆེན་པོ་ལྔ་ནི། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་ཡིན།

29.“ལྟེ་བ་གཅིག་དང་ཁུལ་གསུམ”གྱི་བར་སྟོང་འཕེལ་རྒྱས་ཀྱི་རྣམ་པ་ནི། མདའ་བཞི་རྫོང(ནུབ་མཚོ་གྲོང་རྡལ)ལྟེ་བ་བྱས་ནས་འཇུ་ལག་དང་། མདོ་ལ། རྐང་ཚ་རྫོང་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་རྣམ་པ་ལ་ཟེར།

30.ལས་གནས་སྟོང་དང་སོ་སྲུང་ཁྲི་ནི། ཕྱོགས་ཡོངས་ནས“དང་ལེན”དང་། གནད་ལ་འཁེལ་བའི་ངང“དབྱེ་འབྱེད”བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས“སྒྲུབ་པ”། གཟབ་དངོས་མྱུར་གསུམ་གྱིས“ལྟ་སྐུལ”བྱེད་པ། སྤུས་ཚད་དང་ནུས་ལྡན་གྱི“སོ་དཔྱད”བཅས་ཀྱི་ཐབས་ལམ་གྱིས་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་པ་དང་།  མང་ཚོགས་ཀྱི་བཅར་གཏུག་དེ་ལས་བྱེད་པ་གཞི་རིམ་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་པར་བསྒྱུར་བ། གཞན་དབང་གིས་བཅར་གཏུག་དང་ལེན་བྱེད་པ་དེ་རང་འགུལ་ངང་ཞུ་གཏུག་ཐག་གཅོད་བྱེད་པར་བསྒྱུར་བ། གཏན་འཇགས་ཀྱི་བཅར་གཏུག་དང་ལེན་དེ་སྐོར་སྐྱོད་ངང་ཞུ་གཏུག་དང་ལེན་བྱེད་པར་བསྒྱུར་ཏེ། འགལ་རྩོད་མཉམ་འབྲེལ་འདུམ་སྒྲིག་དང་། སྤྱི་ཚོགས་བདེ་འཇགས་མཉམ་འབྲེལ་འགོག་བཅོས། གནད་དོན་འབུར་ཐོན་མཉམ་འབྲེལ་བཅོས་སྐྱོང་། བདེ་འཇགས་འཛུགས་སྐྲུན་མཉམ་སྐྲུན། དམངས་ཀྱི་གནས་ཚུལ་མཉམ་འབྲེལ་ཐག་གཅོད། སྐྱེ་ཁམས་སྲུང་སྐྱོང་མཉམ་འབྲེལ་དོ་དམ་བཅས་ལ་སྐུལ་འདེད་གཏོང་བ་ལ་ཟེར།

31.གཞི་རིམ་གཤམ་སྐྱོད་བཞི་ནི། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་། བརྟག་དཔྱད་ཞིབ་འཇུག་གཞི་རིམ་དུ་སྐྱོད་པ། ཡིག་སྐུར་ངོ་བཅར་སྣེ་ལེན་གཞི་རིམ་དུ་སྐྱོད་པ། ཡུལ་དངོས་གཞུང་སྒྲུབ་གཞི་རིམ་དུ་སྐྱོད་པ་བཅས་ལ་ཟེར།

32.“1+10”ཡིས་གཞི་རིམ་དང་འབྲེལ་བ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་ནི། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པ1གིས་ཡུལ་ཚོ་དང་གྲོང་རྡལ1ལ་འགན་གཙང་ལེན་བྱེད་པ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། གཞི་རིམ་བཅོས་སྐྱོང་། བསམ་པའི་དཔལ་ཡོན། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་བཅས་ཕྱོགས10ཡི་ནང་དོན་ལ་དམིགས་ནས། ཡུལ་གྲོང་ས་ཁོངས་ནང་གི་གཞི་རིམ་ཏང་རྩ་འཛུགས་ཡོད་ཚད་དང་། འབྲེལ་གཏུག་ཞབས་ཞུ་བྱ་ཡུལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་བཅས་ལ་གནད་འཁེལ་ངང་འགན་ལེན་ཁྲིད་སྟོན། དུས་བཀག་མཛུབ་ཁྲིད་སྐུལ་འདེད། རྒྱུན་རྣམ་ཅན་གྱི་རོགས་རམ་དང་འབྲེལ་གཏུག་བཅས་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་མང་ཚོགས་ལ་རོགས་རམ་འབྲེལ་གཏུག་བྱེད་པའི་ལག་ལེན་བརྒྱུད་རིམ་ཁྲོད་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལས་ཁུངས་ལས་བྱེད་པས་གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བར་ཆད་ལྷག་མེད་པ་དང་ཕྱོགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་པ་ལ་ཟེར།


མཉམ་སྤྱོད།