དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིད་གཞུང་ལས་དོན་སྙན་ཞུ།

2026-02-06 10:17:25   |   107

སྒྲིག་སྒྱུར། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2026ལོའི་ཟླ2པའི་ཚེས4ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་ཐོག

ཁུལ་དཔོན། ཀྲང་ཧྲིང་ཡོན།

འཐུས་མི་རྣམ་པ།

ད་ལྟ། ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། སྲིད་གྲོས་ཨུ་ཡོན་དང་ཚོགས་འདུར་ཟུར་ཞུགས་བྱས་པའི་བློ་མཐུན་རྣམ་པས་དགོངས་འཆར་གནང་རོགས་ཞུ།

གཅིག 2025ལོ་དང“ལྔ་བཅུ་བཞི”རིང་གི་ལས་དོན་ལ་ཕྱི་མིག་ལྟ་བ།

2025ལོ་ནི“ལྔ་བཅུ་བཞི”མཇུག་སྒྲིལ་བའི་ལོ་ཞིག་ཡིན་ལ། མཚོ་བྱང་གི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་དང་། ཞིང་ཨུ་དང་ཁུལ་ཨུ་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དོན་འཁྱོལ་བྱས་ཤིང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་དང་། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག རང་འགུལ་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ནང་ཞུགས་པ་དང་ཞབས་འདེགས་ཞུས་ཏེ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“ལྷག་ཏུ་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”དང“243”འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། ཡིད་ཆེས་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་ཐོན་ཡོང་བ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་དང་། དཔལ་འབྱོར་བརྟན་ཐོག་ཡར་འཕེལ། མི་དམངས་བདེ་སྡོད་ལས་བརྩོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་མུ་མཐུད་སྐུལ་འདེད་བཏང་བས། “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་ཡོད། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར122.5ཡིན་ལ5%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར5.71ཡིན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར46.88བཏང་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར་སྒོར་དུང་ཕྱུར35.78ཡིན་ལ1.3%འཕར་ཡོད།  སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29400ཡིན་ལ5.1%འཕར་ཡོད། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད1.8%ཀྱི་ཅུང་དམའ་བའི་ཆུ་ཚད་དུ་ཚོད་འཛིན་བྱས་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད0.2%ཆག་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། གཙང་གསུམ་ཆུ་མགོའི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་འཁུར་ནས། མདོ་ལ་རིང་མོར་སྲུང་སྐྱོབ་དང་མཚོ་སྔོན་པོར་སྲུང་སྐྱོབ་ནུས་ཤུགས་ཡོད་རྒུས་བྱས་ཏེ། ས་ཁོངས་གཅིག་གི་བདེ་འཇགས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཏང་ཡོད།   ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ8སྔར་བས་བསྡུ་སྒྲིལ་དང་ལེགས་སུ་བཏང་ནས། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡག་ཤོས1བཏོད་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་དུ་སྤྱི་གླིང་བཙུགས་པ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། མདོ་ལའི་ཆུ་འཁོར་དོ་དམ་སྲུང་སྐྱོབ་ས་ཚིགས་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ། རྒྱལ་ཡོངས་ཀྱི་སྔོན་ལ་གསའ་དང་གཡི་དཀར། གེ་སར་རྟ་རྫི་སོགས་སྲོག་ཆགས་ལ་བརྟག་དཔྱད་བྱས་པ། དགོ་དམར་དང་མཚོ་སྔོན་པོའི་གསེར་ཉ་སོགས་དམིགས་བསལ་དངོས་རིགས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། “རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མའི”མ་ལག་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར4.16བཏང་བའི་ཙོང་ཆུའི་འབབ་ཡུལ་གྱི“རི་ཆུའི”བཟོ་སྐྲུན་སྤྱིའི་འཕེལ་རིམ90%ལ་སླེབས་པ་དང་། མུ་རིའི་ཆུ་བཅོས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི“རི་ཆུ”བཟོ་སྐྲུན་དཔེ་མཚོན་མ་དཔེ་རུ་བདམས་པ། ཆུ་མཚོ་དོ་དམ་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་པ་ཆུ་བེད་པུས་ཆུ་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་དཔེ་མཚོན་མ་དཔེ་རུ་བདམས་པ། གསེར་ལྡན་ཆུ་བོ་རྒྱལ་ཁབ་ཀྱི་མཛེས་པའི་ཆུ་མཚོ་འཛུགས་སྐྲུན་གྱི་མིང་ཐོའི་ནང་བདམས། རྒྱལ་ཁོངས་སྔོ་ལྗང་ཅན་གྱི་ལས་འགན་མུའུ་ཁྲི29.75ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་དང་། རྒྱལ་ཡོངས་ཀྱི་སྔོ་ལྗང་ཅན་དཔེ་བཟང་ཚན་པ1གསར་གཏོད་དཔྱད་འདེམས་བྱས་པ། མཚོ་སྔོན་པོ་དང་ཙོང་ཆུ་འབབ་ཡུལ་གྱི“བྱང་གསུམ”དུས་ཐེངས་དྲུག་པའི་བཟོ་སྐྲུན་སོགས་རྩྭ་ཐང་སྐྱེ་ཁམས་སླར་གསོ་མུའུ་ཁྲི23.34དང་། མདའ་བཞི་རྫོང་ཁིས་ཐོག་ས་ཁུལ་སོགས་བྱེ་འགྱུར་ས་ཆ་བཅོས་སྒྲིག་མུའུ་ཁྲི10དང་། འཇུ་ལག་རྫོང་སེམས་ཉིད་ནགས་ཁུལ་གྱི་སྡོང་འབུ་མེ་ལྕེབས་སོགས་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་མུའུ་ཁྲི9.5བྱས་པ། མདོ་ལ་རྩྭ་ཐང་སྐྱེ་ཁམས་ཞིབ་འཇུག་ཁང་དང་འབུམ་རམས་པའི་ལས་དོན་ས་ཚིགས་ཀྱི་སྒོ་བྱང་བཀལ་ནས་བཙུགས་པ། རྐང་ཚ་རྫོང་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ལས་དོན་ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་ཡོད། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལྡོག་ལན་གནད་དོན་སྣ་ཚོགས་བཅོས་སྒྲིག་བྱེད་ཚད92.1%ལ་སླེབས་པ་དང་། ཚེ་ཐར་གཏེར་ཁའི་ལོ་འཁོར་བཅོས་སྐྱོང་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ། སྤྱང་ཚང་གཏེར་དོང་དང་པོའི་སྔོ་ལྗང་ཁུལ་གྱི་ཆ་སྙོམས་སྔོ་ཁེབས་ཚད85%ལ་སླེབས་ཡོད། གནམ་སྔོན་པོ་དང་ཆུ་དྭངས་པ། ས་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད98.3%ལ་སླེབས་པ་དང་། གཙོ་གནད་ཆུ་བོ་ཁོངས་བརྒལ་ཚོད་འཛིན་གྱི་བཅད་ངོས་ཀྱི་ཆུ་སྤུས་ཡོངས་སུ་རིགསⅡལ་སླེབས་པའམ་དེ་ལས་ལེགས། རྫོང་རིམ་པ་དང་དེའི་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོ5ཡི་ཆུ་སྤུས་ཚད་ལོན་ཚད100%ཡིན་ཞིང་། ས་རྒྱུའི་ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་བྱུང་མེད། ཞིང་ཆེན་ཡོངས་ཀྱི“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་སྐྱོད་པའི”སྐྱེ་ཁམས་ཞིབ་སློབ་དབུ་དཀར་ཆེད་སྤྱོད་མེ་འཁོར་ཐོག་མ་དེ་བཏང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཞིབ་སློབ་བརྗོད་དོན་གྱི་དུས་གཏན་གནམ་གྲུ་ཐོག་མ་དེ་ཤར་གཏོང་ཐུབ་པ། མི་ཁྲི6ལྷག་གིས་ཁུལ་ནང་ཁུལ་གྱི་རང་བྱུང་སློབ་གྲྭ་དང་སྐྱེ་ཁམས་ཚན་སྤེལ་རྟེན་གཞིར་སྐྱེ་ཁམས་སློབ་གསོ་དང་ལེན་བྱས། ནགས་བརྟེན་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.5ལས་བརྒལ་བ་དང་། མདོ་ལ་རྫོང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་གཙོ་གནད་ས་ཁོངས་སུ་བདམས་པ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་ལྗང་མདོག་བཟོ་གཏེར་ལས། སྐྱེ་ཁམས་རིག་གནས་གནས་སྐོར་ལས་རིགས་བཅས་ཀྱི་ཕན་འབྲས་རིམ་བཞིན་མངོན་དུ་ཕྱིན་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ཐོན་ལས་རིགས་སྒྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།“5+8+N”ཞིང་ཕྱུགས་ཐོན་ལས་མ་ལག་སྟོབས་ཆེར་གཏོང་རྒྱུར་དམིགས་ནས། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར17བཏང་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གཞི་ཚད་གཞི་ཇེ་མཐོ་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། བོད་ལུག་དང་ནོར་གནག་མགོ་གྲངས་ཁྲི་སྟོང་གསོ་སྤེལ་རྟེན་གཞི74བསྐྲུན་པ། རྩྭ་ཐང་མུའུ་ཁྲི3307དང་རྨོ་ཞིང་མུའུ་ཁྲི1.42དང་། བོད་ལུག་དང་ནོར་གནག་ཁྲི223བཅས་ལ་ལྗང་མདོག་སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་བྱས་ལ། བེད་སྤྱོད་ཆོག་པའི་རྩྭ་ཐང་གི་སྐྱེ་ལྡན་རྟོག་འཇལ་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་ཞིང་། རྐང་ཚའི་མཐོ་སྒང་སྐྱེ་ལྡན་ཞིང་ཕྱུགས་ལས་ལག་ལེན་དེ་རྒྱལ་ཡོངས་ཀྱི་ཁག་གསུམ་པའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་མ་དཔེ་རུ་བདམས། ཚད་གཞི་མཐོ་བའི་སྒོ་ནས་བོད་ལུག་དང་ནོར་གནག་ཐོན་ལས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་ཐོག་མ་མདོ་ལར་བཙུགས་པ་དང་། བོད་ལུག་དང་ནོར་གནག་གི་སོན་བཟང་གསོ་སྤེལ་རྟེན་གཞི10གསོ་སྐྱོང་བྱས་པ། “བྱང་ནས”དང“བྱང་སྣུམ”རིགས་སྣ་ཁ20གསོ་སྐྱོང་བྱས་པ་དང་། ནས་དང་ལོག་དཀར་སོན་བཟང་ལྟེ་བའི་གསོ་སྤེལ་རྟེན་གཞི་མུའུ་ཁྲི5བསྐྲུན་པ། ནས་དང་ལོག་དཀར་ཆུང་ངུ་མཁོ་འདོན་བྱེད་ཚད་སོ་སོར་ཞིང་ཆེན་ཡོངས་ཀྱི35%དང45%བཟུང་ཡོད། ཁུལ་ཡོངས་ཀྱི་འབྲུ་སྣུམ་ལོ་ཏོག་ཐོན་ཚད་ཏུན་ཁྲི11.82ཡིན་པ་དང་ནོར་ལུག་མགོ་གྲངས་ཁྲི152.83བཤས་གཏོང་ཐུབ་ཡོད། ཞིང་ཕྱུགས་ལས་ཀྱི་ས་གནས་ཚད་གཞིའི་རྣམ་གྲངས115ཡོངས་བསྒྲགས་བྱས་པ་དང་། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ཕྱུགས་ཐོན་རྫས58དང་རྒྱལ་ཡོངས་ཀྱི་གྲགས་ཅན་དང་ཁྱད་ལྡན། སྤུས་ལེགས། རྣམ་པ་གསར་པ་བཅས་ཀྱི་ཞིང་ལས་ཐོན་རྫས26གསར་དུ་བཏོན་པ། ཤ་རིགས་ཐོན་རྫས6དང་འཇུ་ལག་སྦྲང་རྩིའི་ཐོན་རྫས་ཤང་ཀང་གིSTCཡི་ར་སྤྲོད་ཐོབ་པ། ཅིན་ཧྲན་མཉམ་ལས་ཁང་དང་ནན་ལུའུ་ཕྱུགས་ལས་སྤྱི་གཉེར་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ལ་རྒྱལ་སྤྱིའི་ར་སྤྲོད་མང་པོ་ཐོབ་པ། “མདོ་ལའི་བོད་ལུག” རྒྱལ་ཡོངས་ཀྱི་ལུག་ཤ་ཞིམ་པོ་བཅུའི་རིམ་ཐོའི་ནང་བདམས་པ། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་སྙན་གྲགས་ཆེ་ནས་ཆེ་རུ་ཕྱིན་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར31.04ཡིན་ལ5.4%འཕར་ཡོད། ཞིང་ཆེན་རིམ་པའི་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང4དང་ཆེད་ཞིབ་ཁྱད་གསར་ཁེ་ལས1གསོ་སྐྱོང་བྱས་པ། ཅིན་ཆི་ལེན་འོ་ལས་དེ་ཁུལ་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་འོ་མའི་ཐོན་རྫས་ལས་སྣོན་ཁེ་ལས་དང་པོར་གྱུར་པ། ཧྲན་ཧའེ་ཆིང་ཞིང་ཕྱུགས་སྤྱི་གཉེར་དེ“གསར་གཏོད་ཀྲུང་གོ”ཞེས་པའི་འགྲན་བསྡུར་ཆེན་མོའི་ཨང་རིམ500ཡི་ནང་དུ་ཚུད་པ། མདའ་བཞི་ཞ་ཆིང་སུའུ་ཐོན་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཆུ་སྔོའི་སྐྱེ་དངོས་ཕྲ་རབ་ཚན་རྩལ་ཐོན་ལས་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད། རྐང་ཚའི་སྟོང་ཝ་ཁྲི320ཡི“ཁུངས་དྲ་ཐེག་གསོག”དང་སྟོང་ཝ་ཁྲི100ཡི“འཕར་ཚད་བསྲེས་སྒྱུར”རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། གློག་འདོན་ཤུགས་སྟོང་ཝ་ཁྲི165ཡིན་པའི་ལྗང་གློག་ཐད་སྦྲེལ་རྣམ་གྲངས3ལ་ཆོག་མཆན་ཐོབ་ནས་དོན་འཁྱོལ་བྱུང་བ། ནུས་གསོག་གློག་ཁང་དང་པོ་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་བརྩམས་པ། ལྗང་མདོག་གློག་ཤུགས་སྦྲ་གུར་ས་ཚིགས་ཐོག་མ་བསྐྲུན་ནས་འཁོར་སྐྱོད་བྱེད་མགོ་བརྩམས་པ། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི177ཡིན་ལ། ནུས་ཁུངས་གཙང་མས་བཟོ་ལས་ལ་བྱས་རྗེས་འཇོག་ཚད67%ལ་སླེབས་ཡོད། ལན་ཅན་ཅུན་ཞིན་དང་ཙི་ཐེན་ཧུང་། འབྱུང་འགྱུར་ཚན་རྩལ་བཅས་ལྗང་མདོག་རྩིས་ནུས་རྣམ་གྲངས3བདེ་བླག་ངང་དོན་འཁྱོལ་བྱུང་བ་དང་། མཚོ་བྱང་ལྗང་མདོག་རིག་ནུས་རྩིས་ནུས་ལྟེ་གནས་དང་གཞི་གྲངས་གསོག་འཇོག་ལྟེ་གནས་གཉིས་པ་མགྱོགས་མྱུར་ངང་བསྐྲུན་པ། ཁུལ་ཡོངས་ཀྱི་རིག་རྩིས་འཕྲུལ་ཁང་ཐོག་མ་དེ་བསྐྲུན་པ། ཚད་ལྡན་འཕྲུལ་སྒྲོམ1350བསྐྲུན་པ། ལྗང་རྩིས་རྣམ་གྲངས་དོན་འཁྱོལ་དང་གཞི་གྲངས་ལྟེ་གནས་འཛུགས་སྐྲུན། མྱུར་བགྲོད་དྲ་རྒྱ་འཛུགས་སྐྲུན། ཁུལ་རིམ་པའི་ཚན་རྩལ་ཕན་འབྲས་བཅས་རྣམ་གྲངས་བཞི་ཐིག་བརྟོལ་བྱས། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང14.2%འཕར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས26འཁོར་སྐྱོད་བརྟན་པོ་བྱུང་བ་དང་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.84ཡིན་ལ26.8%འཕར་ཡོད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལྗང་མདོག་གཏེར་རི4བསྐྲུན་པ་དང་། འཇུ་ལག་གསོམ་ལུང་ལྷོ་མའི་གསེར་གཏེར་དང་། མདོ་ལའི་སྲིབ་ལུང་དང་ཤར་ལུང་ཟངས་གཏེར་སོགས་མཐའ་འཁོར་དང་ས་འོག་གཏིང་རིམ་ཐོན་ཁུངས་གཏེར་ཁ་འཚོལ་བའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར21.94ཡིན་ལ6.1%འཕར་ཡོད། རིག་གནས་གནས་སྐོར་ཐོན་ལས་ཀྱི“123”རྨང་གཞི་བརྟན་གཏོང་ལས་གཞི་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ4དང་སྐར་མ་རིམ་པའི་གྲོང་གསེབ་ཀྱི་གནས་སྐོར་སྣེ་ལེན་ས་ཚིགས20བཏོད་པ་དང་། རྐང་ཚའི་ལྷ་ཆབ་ཁུག་དང་། མདའ་བཞིའི་བྱེ་མ་ལ་བདུན། མདོ་ལའི་ཨ་མྱེས་སྟོང་སོ་སྒར་འདེབས་རྟེན་གཞི་སོགས་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་བཏང་བ་དང་། འཇུ་ལག་གི“སྨུག་བད་ཐང”དེ་ཞིང་ཆེན་ཡོངས་ཀྱི་སྒར་འདེབས་རྟེན་གཞི་དང་པོར་གྱུར་པ། “མི་ཚེའི་གངས་རི་དང་པོ”སྟེ་མདོ་ལ་རིང་མོའི་མེ་ལྷ་གངས་དཀར་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི“སྤྲིན་གྱི་རྒྱ་མཚོ”སོགས་ཀྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་པ། “གསར་བརྗེའི་མཁར་གྲོང”དང“གངས་འཁྱགས་མཁར་གྲོང” “དགོ་དམར་མཁར་གྲོང” “བྱ་གཟིགས་མཁར་གྲོང”སོགས་ཁྱད་ལྡན་རིག་གནས་གནས་སྐོར་ཟོང་རྟགས་རགས་ཙམ་ཆགས་ཡོད།“དག་སྣང་མཚོ་བྱང”ལ་རྒྱལ་ཁབ་ས་ཁམས་མཛེས་ལྗོངས་ཆེས་མཛེས་ཤོས་སུ་བདམས་པ་དང་། “ངོ་མཚར་མ་རྡུལ་མཁར”སོགས་ལམ་ཐིག11རྒྱལ་ཡོངས་ཀྱི་གནས་སྐོར་ལམ་ཐིག་རྩེ་གྲའི་ནང་བདམས་པ་དང་། གཞུང་ལམ་ཨང9པ་ཀྲུང་གོའི་སྒེར་འཁོར་གཏོང་བའི་ལམ་ཐིག་ཆེས་མཛེས་ཤོས་སུ་བདམས་པ། མདོ་ལ་རྫོང་ལ་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཀྱི་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་མཚོན་རྟགས་རྫོང་གི་མཚན་སྙན་ཐོབ་ཡོད། རྒྱུན་རྣམ་ཅན་གྱིས་རྟ་རྒྱུག་དང་མདའ་འཕེན། རྐང་ཐང་། ལྕགས་རྟ་བཅས་ཁྱད་ལྡན་འགྲན་བསྡུར་ཆེན་པོ་བཞི་གཉེར་བ་དང་། རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེ་གྲ་བའི་འགྲན་བསྡུར་དང་། རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར། ཀྲུང་གོའི་ལྕགས་རྟ་ལུས་རྩལ་གྱི་གནས་སྐོར་ཚོགས་ཆེན། རྒྱལ་ཡོངས་ཀྱི་ལོ་གསར་མཐོ་འཛེགས་ལུས་སྦྱོང་ཚོགས་ཆེན། ཞིང་ཆེན་ཡོངས་ཀྱི་གངས་འཁྱགས་ལུས་རྩལ་འགྲན་ཚོགས་བཅས་བདེ་བླག་གིས་འགན་སྒྲུབ་བྱས་པ། ཚད་གཞི་མཐོ་བའི་སྒོ་ནས་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་དང“མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཚིགས”དང“བྱ་གཟིགས་དུས་ཚིགས”། “ཉ་གཟིགས་དུས་ཆེན”སོགས་ཁྱད་ལྡན་བྱེད་སྒོ60ལྷག་སྤེལ་བ། མཚོ་སྔོན་པོ—མེ་ལྷ་གངས་དཀར་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་བྱ་ཡུལ་ཁག་དང་པོར་བདམས་པ་དང་། མདའ་བཞི་རྫོང་རྒྱལ་ཁབ་རིག་གནས་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་བདམས་པ། མདོ་ལ་རྫོང་རྒྱལ་ཡོངས་ཀྱི་རྫོང་ཁོངས་རིག་གནས་གནས་སྐོར་གབ་ཤུགས་ཆེན་པོ་བརྒྱའི་ཨང13པར་སླེབས་ཡོད། ཁུལ་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི1177.1ལ་སྣེ་ལེན་བྱས་ཤིང་། གནས་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར46.77མངོན་འགྱུར་བྱས་པས་སོ་སོར22.55%དང24.17%འཕར་ཡོད། “ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་དོན། ཁམས་གསོ”བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་ནས། འཛད་སྤྱོད་རྣམ་པ་ཆེན་པོ6ཁྱབ་བསྒྲགས་དང་འོས་སྦྱོར་བྱས་པ་དང་། དུས་ཐེངས208ཀྱི་འཛད་སྤྱོད་སྐུལ་འདེད་བྱེད་སྒོ་དང་སྒོར་ཁྲི1457.4ཡི་རྙིང་ཚབ་གསར་བརྗེའི་ཁ་གསབ་ལ་བརྟེན་ནས་འཛད་སྤྱོད་སྒོར་དུང་ཕྱུར1.2ལྷག་ལ་སྐུལ་འདེད་བཏང་བ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་སྣ་ཁ750ལྷག་དར་གོས་དངོས་མང་སྟོན་ཚོགས་དང་། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ། མཚོ་སྔོན་གྱི་རྐང་གྲུག་རིམ་འདས་མཉམ་འགྲན། “མཚོ་སྔོན་གྱི་གསོལ་སྟོན”སོགས་ལས་སྟེགས་བཅས་སུ་ཕྱིར་འཚོང་སྒོར་དུང་ཕྱུར5.25མངོན་འགྱུར་བྱུང་ཡོད། ཕྱི་ཕྱོགས་ཚོང་དོན་ཁེ་ལས3མང་དུ་ཕྱིན་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་ཁྲི1374.7ལ་སླེབས་པ། འཇུ་ལག་སྦྲང་རྩི་དང་དྲི་ཞིམ་ཤ་མོ་འཇར་པན་དང་ལྷོ་ཁོ་རེ་ཡར་ཕྱིར་འཚོང་བྱས་པ། རྐང་ཚ་ཁུ་ལུའི་སྐེ་དཀྲིས་དང་ལུག་པགས་རྒྱན་གོས་ཡོ་རོབ་དང་ཨ་རིར་ཕྱིར་འཚོང་བྱས། ཆུ་ཚན་ཐོན་ཁུངས་རྩད་ཞིབ་དང་བེད་སྤྱོད་བྱེད་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་། མདའ་བཞི་ཆུ་ཚན་སོགས“ཆུ་ཚན+ཁམས་གསོ”ཐོན་ལས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར69.52ཡིན་ལ4.3%འཕར་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པས་དཔལ་འབྱོར་གྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་དང་། དམངས་ཕན་དོན་དག285ལ“ངོ་མ་འཕྲད་པར”ཞིབ་མཆན་བཀོད་པ་དང་། ཁེ་ལས་དང་དམངས་ལ་ཞབས་འདེགས་ཞུ་བའི་དོན་དག་ཁྲི147.85བསྒྲུབས་ཡོད། གཉེར་སྐྱོང་བྱེད་པོ་སྣ་ཚོགས922གསར་སྣོན་བྱས་པ་དང་། འཕེལ་རྒྱས་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ60གསོ་སྐྱོང་བྱས་པ། གཞི་ཁྱོན་ཡན་གྱི་ཁེ་ལས5དང་བཅད་འབོར་ཡན་གྱི་ཁེ་ལས6གསར་སྣོན་བྱས་ཡོད། རྒྱལ་དབང་ཁེ་ལས62ཀྱི་རྒྱུ་ནོར་སྡོམ་འབོར་སྒོར་དུང་ཕྱུར66.3ཡིན་པ་དང་། རྒྱལ་དབང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་ཚད103.6%ཡིན། བྱ་དགའི་ཁ་གསབ་དང་དངུལ་བུན་སྐྱེད་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར1གི་ནུས་པ་འདོན་སྤེལ་བྱས་པ་དང་། ཁེ་ལས45ཡི་མ་དངུལ་སྡུད་རུབ་ཀྱི་དགོས་མཁོ་སྒོར་དུང་ཕྱུར1.65མཐུན་སྦྱོར་ཐག་གཅོད་བྱས་པ། དཔྱ་ཁྲལ་ཆག་ཡང་གཏོང་བའི་གྲོན་དངུལ་སྒོར་ཁྲི5128གསར་སྣོན་བྱས་ཡོད། ས་གནས་ཀྱི་བུ་ལོན་སྒོར་དུང་ཕྱུར4.79འདུམ་སེལ་བྱས་པ་དང་། ཁེ་ལས་ཀྱི་རྩིས་ཁྲའི་དངུལ་སྒོར་ཁྲི8427.29གཙང་འཇལ་བྱས་ཡོད། དངུལ་རྩའི་ལས་ཁུངས་ཀྱི་དངུལ་བུན་དང་བཅོལ་དངུལ་ལྷག་གྲངས་སོ་སོར་སྒོར་དུང་ཕྱུར128དང་སྒོར་དུང་ཕྱུར225ཡིན་པ་དང་། བུན་བཅོལ་གྱི་བསྡུར་ཚད56.85%ཡི་ལུགས་མཐུན་གྱི་བར་མཚམས་སུ་ཡོད། རྣམ་གྲངས་གལ་ཆེན་འགན་གཙང་ལེན་བྱེད་པའི་རྐྱེན་སྲོལ་ཁྱབ་སྤེལ་བཏང་བ་དང་། མཐུད་སྐྲུན་རྣམ་གྲངས311གསར་དུ་ལག་བསྟར་བྱས་པ། ཤ་ལུང་ཆུ་མཛོད་དང221ཟམ་ཆེན། མདོ་ལའི་རྡོ་སོལ་སྔོག་འདོན་ས་རྡིབ་ཁུལ་གྱི་ཀྲའོ་ཝ155ཡི་འོད་ཝོལ་སོགས་གཙོ་གནད་རྣམ་གྲངས31ལ་མ་དངུལ་སྒོར་དུང་ཕྱུར16.5བཏང་ཡོད། ཚོང་འགུགས་མ་འདྲེན་གྱི“མགོ་ཁྲིད་གཙོ་བོའི”ལས་གཞི་ལག་བསྟར་བྱས་ཏེ། ཁུལ་དང་རྫོང་གི་ཚན་ཁག་ཆེན་པོ་བཞིས་སྣེ་ཁྲིད་དེ་ཞིང་ཆེན་དང་གྲོང་ཁྱེར12ལ་ཚོང་འགུགས་འབྲེལ་མཐུད་ཐེངས100ལྷག་བྱས་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས46ལ་གན་རྒྱ་བཞག་ཅིང་། གན་འཇོག་མ་དངུལ་སྒོར་དུང་ཕྱུར336.36ཡིན་ལ། ལག་འབྱོར་མ་དངུལ་སྒོར་དུང་ཕྱུར25.64ཡིས་ཉེ་བའི་ལོ་ལྔའི་རིང་གི་ཆེས་མཐོ་ཤོས་བཏོད་ཡོད། ཁ་གཏད་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར2.52བཏང་བའི་རོགས་སྐྲུན་རྣམ་གྲངས32དོན་འཁྱོལ་ལག་བསྟར་བྱས་པ་དང་། “མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་བྱེད་པ”དང“མཚོ་བྱང་གི་གཟིགས་མེད་ཤུལ་བཞག མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་སྐྱོད་པའི”བྱེད་སྒོ་བདེ་བླག་ངང་སྤེལ་ནས། རིམ་རྩིས་བྱས་ན་འཛད་སྤྱོད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.13ལ་སླེབས་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་སྤྱི་འདོམས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་པས། མཁར་གྲོང་དང་གྲོང་གསེབ་འཛུགས་སྐྲུན་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད། ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.68དོན་འཁྱོལ་བྱས་པ་དང་། ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཁག146ལག་བསྟར་བྱས་ཡོད། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་ཁག་བཅུ་དོན་འཁྱོལ་བྱས་ཏེ། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད6.3%དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་ཞིང་ཡོངས་ཀྱི་ཨང་དང་པོ་ཡིན། དུད་ཚང567གྱི་རྟོག་འཇལ་བྱ་ཡུལ་མི1965ཡི་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་ཡོངས་སུ་སེལ་ཡོད། ཉེན་མེད་འཐུང་ཆུའི་རྣམ་གྲངས28ལག་བསྟར་བྱས་ནས་མང་ཚོགས་ཁྲི13.6ལ་ཕན་པ་ཐོབ་པ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་དང་རང་འབབ་ཆུ་ཁྱབ་ཚད་སོ་སོར98%དང86%ཡིན། མ་དངུལ་སྒོར་དུང་ཕྱུར3.84བཏང་ནས་སྤྱི་ལེ424.4ཡི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཅ་ཏིང་ནས་ནུབ་མཚོ་དང་། ནུབ་མཚོ་ནས་རྐང་ཚའི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། སྟོང་སྐོར་ནས་ཟི་ལིང་དང་བར་མདོ་ནས་འཇུ་ལག་བར་གྱི་མྱུར་བགྲོད་གཞུང་ལམ་མགྱོགས་མྱུར་ངང་བསྐྲུན་པ། གཞུང་ལམ་གྱི་འགྲུལ་པ་དང་དངོས་ཟོག་སྐྱེལ་ཚད། སྦྲག་སྲིད་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་བཅས་བརྟན་པོའི་ངང་འཕར་བ། མདའ་བཞི་བུ་རྒོད་ནས་སྨོན་ལམ་མཐོན་པོའི་བར་གྱི་གཞུང་ལམ་རྒྱལ་ཡོངས་ཀྱི“གཞུང་ལམ+རིག་གནས”མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ཡག་ཤོས་བཅུའི་ནང་བདམས། “ངེད་ཚང་གི་སྒོ་འགྲམ་གྱི་ཟམ་པ་དེ”ཞེས་པའི་ཆེད་དོན་ལས་གཞི་ལག་བསྟར་བྱས་ནས་རོང་འབྲོག་ཁུལ་གྱི་དམངས་ཕན་ཟམ་པ40བསྐྲུན་ཡོད། མ་དངུལ་སྒོར་དུང་ཕྱུར23.16བཏང་ནས་གྲོང་ཁྱེར་གསར་བརྗེ་དང་གྲོང་ཁྱེར་གྱི་སྒྲིག་བཀོད་སོགས་མཁར་གྲོང་འཛུགས་སྐྲུན་རྣམ་གྲངས་ཁག100ལག་བསྟར་བྱས་པ་དང་། མཁར་གྲོང་གི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་བྱེད་ཚད་སོ་སོར97.98%དང93.35%ཡིན་པ། མཁར་གྲོང་སྔོ་ལྗང་ཅན་དུ་འགྱུར་ཚད28.34%ཡིན་པ། མཁར་གྲོང་འཛུགས་སྐྲུན་ཁུལ་དང་གནས་སྐོར་མཛེས་ལྗོངས་ཁུལ་ཚང་མར་སྤྱི་པའི་གསང་སྤྱོད་ཁང་བསྐྲུན་པ། ནུབ་མཚོ་དང་མཁར་དམར་སོགས་མཁར་གྲོང་གི་རྣམ་པ་རྒྱུན་མཐུད་ངང་མཐོ་རུ་བཏང་བ། ནུབ་མཚོ་གྲོང་རྡལ་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོབ་དང་བེད་སྤྱོད་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་མ་དཔེ་རུ་བདམས། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང3000ལེགས་བཅོས་དང་། གཞིས་ཁུལ་རྙིང་པའི་སྡོད་ཁང1040སྒྱུར་བཀོད། ཡོམ་འགོག་སྡོད་ཁང197སྒྱུར་བཀོད་བཅས་ལེགས་སྒྲུབ་བྱས་ནས། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་འགུལ་རྣམ་མེད་པར་བཟོས་ཡོད། འཆམ་མཛེས་གྲོང་གསེབ7འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། གྲོང་གསེབ་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད87%ཡིན་པ། མདོ་ལ་རྫོང་ཞིང་ཆེན་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཚོད་ལྟའི་རྫོང་དུ་བདམས་པ། སྒོ་མེ་སྡེ་བ་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཏུ་བདམས་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་མི་དམངས་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པས་དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། ལས་ཞུགས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཤིང་། རིགས་ཁག་གི་ལས་ཞུགས་མ་དངུལ་སྒོར་དུང་ཕྱུར1.94དོན་འཁྱོལ་ཡོང་བ་བརྩོན་ལེན་བྱས་པས་མང་ཚོགས་མི་ཐེངས་ཁྲི10.6ལྷག་ལ་ཕན་ཐོགས་པ་དང་། མཁར་གྲོང་གི་མི2369ལས་ཞུགས་གསར་འཕར་བྱུང་བ། རོང་འབྲོག་ཁུལ་གྱི་ངལ་ནུས་མི་ཐེངས་ཁྲི4.8ལས་ཞུགས་སྤོ་སྒྱུར་བྱས་པ། “མཐོ་སྒང་གི་གངས་རིའི་སྣེ་ཤན་པ”ཞིང་ཆེན་རིམ་པའི་ངལ་ནུས་སྤུས་རྟགས་ནང་བདམས་ཡོད། མདོ་ལ་དང་རྐང་ཚ། མདའ་བཞི་བཅས་རྫོང་གསུམ་རྒྱལ་ཁབ་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ཀུན་ཕན་རྫོང་དུ་བདམས་པ་དང་། ཁུལ་ཡོངས་ཀྱི་སློབ་ཞུགས་གོང་གི་བྱིས་པ་བྱིས་བཅོལ་ཁང་དུ་ཞུགས་ཚད་དང་། འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ལེགས་གྲུབ་བྱས་ཚད་སོ་སོར98.27%དང་། 98.51%དང་། 78.12%བཅས་ཡིན། མཐོ་རྒྱུགས་ཀྱི་དངོས་གཞིར་ཞུགས་ཚད་དང་གཙོ་གནད་སློབ་ཆེན་དུ་སློབ་མ་སྡུད་ཚད་སོ་སོར74.35%དང21.07%ཡིན། མདོ་ལའི“སློབ་གྲྭ་དང་ས་གནས་མཉམ་སྐྲུན”གྱི་ཕྱོགས་བསྡུས་དངོས་སྦྱོང་སློབ་ཚན་ལ་རྒྱལ་ཡོངས་ཀྱི་ཞིབ་སློབ་སློབ་ཚན་ཇུས་འགོད་འགྲན་བསྡུར་ཆེ་མོའི་དམིགས་བསལ་བྱ་དགའ་ཐོབ་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ“མ་རྡུལ་མཁར་དུ་སྐྱོད་པའི”ཞིབ་སློབ་སློབ་གསོའི་སྤུས་རྟགས་ལ་ཞིང་ཆེན་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་གཞི་གཅིག་ཅན་འཛུགས་སྐྲུན་གྱི་དཔེ་མཚོན་མ་དཔེའི་མཚན་སྙན་ཐོབ་པ། ཞིང་ཆེན་ཕྱི་ནང་གི་སློབ་མ་ཁྲི6.4ལྷག་མ་རྡུལ་མཁར་དུ་གསར་བརྗེའི་ཞིབ་སློབ་ལག་ལེན་བྱེད་པར་ཡོང་ཡོད། ཁུལ་མི་དམངས་སྨན་ཁང་གཉིས་པ་དེ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དུ་བསྐྲུན་པ་དང་། ཁུལ་དང་རྫོང་གི་གཞུང་བཙུགས་སྨན་ཁང་གི་མྱུར་བཅོས་མྱུར་སྐྱོབ་ཀྱི“ལྟེ་གནས་ཆེན་པོ་ལྔ”དང་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང5ཡི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུ་དང་སེམས་ཁམས་སྒོ་བསྟེན། ཀྲུང་བོད་ལུགས་གསོ་རིག་སྨན་ཁང4བཅས་སུ“ཆེད་ཚན་གཉིས་དང་ལྟེ་གནས་གཅིག”ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི7ལྷག་ལ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་ཐུབ་པར་བྱས་པ། རྐང་ཚ་རྫོང་ཞིང་ཆེན་རིམ་པའི་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཁག་དང་པོར་བདམས་ཡོད། བདེ་སྐྱིད་ཟ་ཁང151གིས་རྒན་པ་མི་ཐེངས་ཁྲི73.3ལ་ཞབས་འདེགས་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒན་བཀུར་དཔལ་ཡོན་རྟགས་ཅན1དང་རྒྱལ་ཡོངས་ཀྱི་རྒན་བཀུར་རྒན་གཅེས་རྒན་སྐྱོར་གྱི་དཔེ་བཟང་མི་སྣ3བཅས་དཔྱད་འདེམས་བྱུང་། ཕྲུ་གུ་གསོ་བའི་ཁ་གསབ་སྒོར་ཁྲི2290སྤྲད་པ་དང་། ནར་མ་སོན་པའི་མིའི་རོགས་སྐྱོབ་སྲུང་སྐྱོབ་ལྟེ་གནས4ཚད་ལྡན་ངང་འཁོར་སྐྱོད་བྱས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཁྲི3.43ལ་རོགས་སྐྱོབ་དངུལ་སྒོར་དུང་ཕྱུར1.67སྤྲད་ཡོད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པས་སྔ་རྗེས་སུ་རྒྱལ་སྲུང་ཚན་རྩལ་སློབ་ཆེན་སོགས་མཐོ་སློབ་ཏུ་སྒྲོག་འགྲེལ་ཐེངས23བྱས་པ་དང་། མ་རྡུལ་མཁར་དྲན་གསོ་ཁང་གི་རིག་དངོས་ཞིང་ཆེན་ཕྱིར་འགྲེམས་སྟོན་བྱེད་པར་ཐོག་མར་ཕྱིན་ཏེ་གནས་སྐོར་བ་ཁྲི3ཙམ་གྱི་ཡིད་དབང་བཀུག་ཡོད། དངོས་བཤུས་གློག་བརྙན《མཐོ་སྒང་གི་དགོ་དམར》ལ་རྒྱལ་སྤྱིའི་གསེར་གྱི་ཨ་ལོང་བྱ་དགའ་དང་ཀྲུང་གོའི་གསར་འགྱུར་བྱ་དགའི་གཟི་བརྗིད་མཚན་སྙན་གཉིས་ཐོབ་པ་དང་། ཞབས་བྲོ《གནམ་སའི་བར་གྱི་མདོ་ལ་རིང་མོ》ཞེས་པ་ཀྲུང་གོའི་ཞབས་བྲོ་སྐབས་གསུམ་པའི་ཕུལ་བྱུང་བརྩམས་ཆོས་གྲས་སུ་བདམས་ཡོད། 《མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་ངོ་མཚར་ལྟད་མོ》སོགས་བོད་སྐད་གསར་འགྱུར་བརྩམས་ཆོས་ལ་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཉམ་ལས་ཚོགས་འདུའི་བྱ་དགའ17ཐོབ་ཡོད། སྤྱི་པའི་ལུས་རྩལ་ཐང་དང་ལུས་རྩལ་ཁང8ལ་རིན་མི་དགོས་པའམ་ཡང་ན་རིན་དམའ་བའི་སྒོ་ནས་སྒོ་འབྱེད་པ་མངོན་འགྱུར་བྱུང་བ་དང་། སྐར་མ་བཅོ་ལྔའི་བར་ཐག་གི་ལུས་སྦྱོང་བྱེད་ས་རིམ་བཞིན་འཐུས་ཚང་དུ་བཏང་ཡོད། མདོ་ལའི་ལུས་རྩལ་པ་མཱ་ཝུན་ལིའང་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཟངས་ཀྱི་རྟགས་མ་ཐོབ་པ་དང་། རྐང་ཚའི་ལུས་རྩལ་པ་ཁྲེན་ཧྥུའུ་ལིང་ལ་རྒྱལ་ཡོངས་དབང་པོ་སྐྱོན་ཅན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་ཐོབ་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་བདེ་འཇགས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱེད་པ་རྒྱུན་འཁྱོངས་བྱས་པས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བྱུང་ཡོད། མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་གཏིང་ཟབ་ཏུ་བཏང་བ་དང་། མ་དངུལ་སྒོར་ཁྲི3657བཏང་བའི་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་མ་དངུལ་རྣམ་གྲངས23ལག་བསྟར་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ལག་ལེན་ཐེངས300སྤེལ་བ་དང་མི་ཐེངས་ཁྲི2ལྷག་ལ་ཁེབས་ཡོད། “གསེར་དངུལ་ཐང-མ་རྡུལ་མཁར་ཏེ་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་དགྱེ་ས”ཞེས་པ་གནས་སྐོར་གྱིས་མི་རིགས་ཁག་འབྲེལ་འདྲིས་འདྲེས་གསུམ་བཅས་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་མ་དཔེ་ཆེན་པོ་བཅུའི་ནང་བདམས་པ། མདོ་ལ་རྫོང་རྒྱལ་ཡོངས་ཀྱི་ཐུན་མོང་དེང་རབས་ཅན་གྱི་ཚོད་ལྟའི་ནང་བདམས་ཡོད། ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་བྱང་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། མདའ་བཞི་རྫོང་སྒར་ཐོག་དགོན་གྱི“ཁྲིམས་སྐྱོང་སྐར་གསོག་སྒོ་རྩིས་ཚོང་ཁང”ལ་ཞིང་ཆེན་རིམ་པའི་ངོས་ནས་ཁས་ལེན་ཐོབ་ཡོད། འགལ་བ་དང་རྩོད་གླེང“གོམ་ལྔའི་བརྟག་བཅོས་བྱེད་ཐབས”ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་བས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་ཚད99%ཡིན། མདའ་བཞི་རྫོང་གི“ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་མ་དཔེ་རུ་བདམས་ཡོད། ཉེན་མེད་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་ཏུ་བཏང་ནས། གཏེར་རི་དང་བཟོ་ཚོང་། ཉེན་ཡོད་རྫས་འགྱུར་དངོས་རྫས་སོགས་ཁྱབ་ཁོངས་ཀྱི་བྱུར་རྐྱེན2949གྲལ་བཤེར་བཅོས་སྒྲིག་བྱས་པ་དང་། ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ལས་འཛོལ19དང་རང་བྱུང་གནོད་འཚེ8ལ་ཁ་གཏད་འོས་འཚམ་བཅལ་བ། འཇུ་ལག་གི་ཆུ་ལོག་འདམ་རུད་དང་ཀླུ་ལུང་རིར་ཁྲིམས་འགལ་ངང་རྐང་ཐང་དུ་སྐྱོད་པ་སོགས་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ནུས་ལྡན་བྱས། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་སོགས་ཆེད་དོན་ལས་དོན་སྤེལ་ནས་བདེ་འཇགས་འཛུགས་སྐྲུན་ལས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ལོ་གཉིས་ལ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པས་རང་ངོས་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི“གྲོས་གཞི་དང་པོ”སློབ་སྦྱོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པར་དམ་འཛིན་བྱས་པ། གནད་དོན28འཚོལ་བཤེར་དང་ལེགས་བཅོས་བྱས་པ། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལས་བཏོན་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་པ། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཀྱི་ལྡོག་ལན་གནད་དོན37ངོས་ལེན་དང་དག་ཐེར་ཡོ་བསྲང་བཅས་བྱས་ཏེ། “དམིགས་བསལ་སྨྲ་བ”དང“ཁ་གསབ་སེམས་ཁམས”མཐའ་གཅིག་ཏུ་མེད་པར་བཟོས་ཡོད། རྩ་བའི་དགོངས་གཞི་ནན་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོལ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས་ཤིང་། མགོ་འབུས་རང་བཞིན་དང་ཉེན་ཁའི་རང་བཞིན་གྱི་ལས་རིགས་ཟིང་ཆ74གཙོ་གནད་དུ་བཟུང་ནས་ལེགས་བཅོས་བྱས་ཡོད། ལོ་འཁོར་གྱི་ཁྲིམས་འཛུགས་འཆར་གཞི་དོན་འཁྱོལ་བྱས་ཏེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ5གཏན་འབེབས་དང་བཟོ་བཅོས་བྱས་པ་དང་། སྲིད་འཛིན་ཐབས་ཇུས་དང་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གལ་ཆེན156ཞིབ་བཤེར་ཐོ་འགོད་བྱས་པ། རྫོང་ཁོངས་ཀྱི“ཕྱོགས་བསྡུས་ཆེན་པོ་གཞི་གཅིག་ཅན”གྱི་སྲིད་འཛིན་ཁྲིམས་བསྟར་ཁྱབ་སྤེལ་བཏང་བ། རྫོང་རིམ་པའི་ཕྱོགས་བསྡུས་ཁྲིམས་བསྟར་དོན་ཚན780གསེད་བཀྲོལ་དང་གཏན་འཁེལ་བྱས་ཡོད། འཚོ་བ་བསྲི་ཚགས་སྐྱེལ་རྒྱུར་གོམས་པར་བྱས་ཏེ། ནོར་སྲིད་མ་དངུལ80%ཡན་དམངས་ཚིས་བྱ་གཞག་ལ་སྤྱད་པ་དང་། རིགས་ཆེན་པོ་དགུའི་དམངས་ཚིས་དོན་དངོས་ལས་གཞི22ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་དོན་དག600ལྷག་ཐག་གཅོད་བྱས་ཡོད། ཕྱོགས་སོ་སོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱས་ཏེ། 12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ལས་ཐོ་ཁྲི1.71བདག་སྤྲོད་བྱས་པ་དང་། ལས་སྒྲུབ་བྱས་ཚད100%ལ་སླེབས་ཡོད། ཞིང་ཆེན་དང་ཁུལ་དམངས་ཆེན་འཐུས་མིའི་གྲོས་མགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི72བསྒྲུབས་པས། དུས་ཐོག་ཏུ་ལན་འདེབས་ཚད་དང་བློ་ཡིད་ཚིམ་ཚད་ཚང་མ100%ལ་སླེབས་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བར་དམིགས་ནས་རྒྱལ་སྲུང་སྐུལ་སློང་དང་དམག་དམངས་མཉམ་འདྲེས། གཉིས་བཀུར་མཉམ་སྐྲུན། རུ་འཁྱུར་དམག་མིའི་ཞབས་ཞུ་འགན་སྲུང་བཅས་མཐུན་སྦྱོར་གཏིང་ཟབ་ཏུ་བཏང་བ་དང་། རྩིས་བཤེར་ལྟ་སྐུལ་དང་སྡོམ་རྩིས་བརྟག་དཔྱད། ལས་ཁུངས་ལས་དོན། བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་དང་བྱིས་པ། རྒྱ་གྲམ་དམར་པོ་ཚོགས་པ། བཟོ་ཚོང་མཉམ་ལྷན། དབང་སྐྱོན་མཉམ་ལྷན། རྩོམ་རིག་སྒྱུ་རྩལ་མཉམ་ལྷན། ཚན་རྩལ་མཐུན་ཚོགས་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་བ། གསང་སྡོམ་དང་ཕྱི་དོན། གནམ་གཤིས། གསར་འགྱུར། ཡིག་ཚགས། མཁོ་འཚོང་། དགེ་སྒྲུབ། སྤྱི་གསོག་མ་དངུལ། ས་གནས་ལོ་རྒྱུས། མི་རིགས་སྐད་ཡིག་སོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། བཅོས་སྒྱུར་གྱི་དོན་ཚན་གལ་ཆེན་དང་གསར་གཏོད་བྱེད་ཐབས་ཁག54དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས། མཚོ་བྱང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཐུན་མོང་ཐོག་གཅིག་ཏུ་སྒྲིལ་ཡོད།

འཐུས་མི་རྣམ་པ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་དང་འབད་འཐབ་ལྷོད་མེད་འོག 2025ལོའི་དམིགས་འབེན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱུང་ཞིང་། དེས“ལྔ་བཅུ་པ”འཆར་འགོད་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་དང་མཚོ་བྱང་འཕེལ་རྒྱས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ་མཚོན་ཡོད། ལོ་ལྔའི་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་གནང་བ་དང་ལྷག་པར་དུ་མཚོ་བྱང་ལས་དོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་མི་གཏོང་བ་དང་། འཆར་གཞི་གཅིག་མཐའ་གཅིག་ཏུ་འགོད་རྒྱུ་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་པ། སྣེ་མང་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཀྱི་དུས་བབ་ལ་ཁ་གཏད་ཧུར་ཐག་བཅལ་བ། བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་གི་དཀའ་གནད་མང་པོ་ཞིག་གི་ལས་འགན་ལྕི་མོ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པ། ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅལ་ཏེ། མཚོ་བྱང་གི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དུས་སྐབས་ཆེས་ཡག་ཤོས་སུ་སླེབས་ཡོད།

ལོ་ལྔ་བོ་འདི་ནི་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་མཐུད་ཤུགས་སྣོན་པའི་འགག་རྩའི་ལོ་ལྔ་ཡིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་སྲོལ་ཡིག་ཐོག་མ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། རེས་སྐོར་སྔོན་མ་གཉིས་ཀྱི་ཀྲུང་དབྱང་ཁོར་སྲུང་བཤེར་ཞིབ་ལས་བཏོན་པའི་གནད་དོན་ཚང་མ་མེད་པར་བཟོས་པ། ཞིང་ཆེན་ཡོངས་སུ་ཕྱིར་འཐེན་རིགས་ཀྱི་ཆུ་གློག་ས་ཚིགས7དང་བཅོས་སྒྲིག་རིགས་ཀྱི་ཆུ་གློག་ས་ཚིགས33གཙང་བཤེར་བཅོས་སྒྲིག་བྱས་པ། རྩྭ་ས་དང་ནགས་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཚད100%ལ་སླེབས་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད69.71%ལ་སླེབས་པ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་སྤེལ་ཁང་རྒྱལ་ཡོངས་ཀྱི“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”ལག་ལེན་སློབ་ཁྲིད་རྟེན་གཞིར་བདམས་ཤིང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་ཚོད་ལྟ་ལ་ཞིང་ཆེན་རིམ་པའི་བཅོས་སྒྱུར་གསར་གཏོད་ཀྱི་བྱ་དགའ་ཐོབ། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གནམ་སྔོན་པོ་དང་ས་སྔོ་ལྗང་། ཆུ་དྭངས་གཙང་བཅས་ནི་མཚོ་བྱང་གི་ཆེས་མངོན་གསལ་གྱི་ལེགས་ཆ་དང་ཆེས་མཛེས་སྡུག་ལྡན་པའི་མིང་བྱང་དུ་གྱུར་ཡོད།

ལོ་ལྔ་བོ་འདི་ནི་མཚོ་བྱང་དཔལ་འབྱོར་རིགས་སྒྱུར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་གྱི་འགག་རྩའི་ལོ་ལྔ་ཡིན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར120ལས་བརྒལ་བ་དང་། “མཚོ་སྔོན་ངོ་འཕྲད་གྲོས་ཚོགས”སུ་གན་རྒྱ་བཞག་པའི་རྣམ་གྲངས་གྱི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་བརྒྱ་ལས་ཐོག་མར་བརྒལ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྔ་རྗེས་སུ་ཐིག་བརྟོལ་བ་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གཞི་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གསར་གཏོད་ཐབས་ལམ་དུ་བདམས་ཤིང་། འཇུ་ལག་གི་ལོག་དཀར་ཆུང་བ་དང་། མདོ་ལའི་བོད་ལུག་ཀྲུང་གོའི་ཞིང་ལས་སྤུས་རྟགས་དཀར་ཆག་ནང་བདམས་པ། རྐང་ཚའི་བོད་ལུག་རྒྱལ་ཡོངས་ཀྱི“རྫོང་རེར་ཁྱད་ཆོས་རེ”ཡི་སྤུས་རྟགས་དཀར་ཆག་ནང་བཅུག་ཡོད་པ། ནུས་ཁུངས་གཙང་མའི་གློག་འདོན་ཚད་ལྡབ་བརྒྱད་འཕར་བ། རྐང་ཚ་ཁུལ་ཡོངས་ཀྱི་སྟོང་ཝ་ཁྲི་བརྒྱ་ཟིན་པའི་ནུས་ཁུངས་གཙང་མའི་ཐོན་ལས་རྫོང་དང་པོར་གྱུར་བ། མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ཁུལ6བསྐྲུན་ཚར་ནས་གཉེར་སྐྱོང་བྱས། “དག་སྣང་མཚོ་བྱང”གི་གནས་སྐོར་འགྲུལ་བཞུད་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་མ་དཔེར་བདམས། དེ་སྔའི221རྟེན་གཞིའི་གནས་རྙིང་རྒྱལ་ཁབ་ཀྱི་བཟོ་ལས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དཔེ་མཚོན་མ་དཔེར་བདམས། རྒྱལ་དབང་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་དང་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཞིང་། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁྲི2.33བར་འཕར་བ་དང་། མི་འབོར་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ་དབང་ཚད1.02བར་མང་དུ་ཕྱིན་ཡོད།

ལོ་ལྔ་བོ་འདི་ནི་མཚོ་བྱང་གི་མཁར་གྲོང་དང་གྲོང་གསེབ་མཉམ་འདྲེས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པའི་འགག་རྩའི་ལོ་ལྔ་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། དབུལ་ཐར་མི་འབོར་གྱི་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.1ལས་བརྒལ་ཡོད། ཆུ་མིག་གྲོང་རྡལ་རྒྱལ་ཡོངས་ཀྱི“སྡེ་བ་རེར་སྤུས་རྟགས་རེ”ཡི་དཔེ་སྟོན་གྲོང་རྡལ་དུ་བདམས་ཤིང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ45དང་། འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན། རོང་འབྲོག་པའི་སྡོད་ཁང་ཁྲི1.2ལྷག་གི་ཆ་རྐྱེན་ལེགས་བཅོས། མཁར་གྲོང་གི་གཞིས་ཁུལ་རྙིང་པའི་སྡོད་ཁང2813སྒྱུར་བཀོད་བཅས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། འཇུ་ལག་བསྟུད་མར་ལོ་ལྔ་ལ་ཀྲུང་གོའི་རྫོང་ཁོངས་ཆེས་ཡག་ཤོས་ཀྱི་མིང་ཐོའི་ནང་བདམས་ཡོད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི1ལས་བརྒལ་ཞིང་། ལོ་གཉིས་སྔ་སྣུར་དུ་རྫོང་དང་རྫོང་བར་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད་ལ། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཚོད་ལྟས་རྒྱལ་ཡོངས་ལ་མཚོ་བྱང་གི་ཉམས་མྱོང་འདོན་སྤྲོད་བྱས་ཡོད།

ལོ་ལྔ་བོ་འདི་ནི་མཚོ་བྱང་གི་དམངས་ཚིས་བདེ་སྐྱིད་ཆུ་ཚད་ཉིན་རེ་བཞིན་མཐོ་རུ་ཕྱིན་པའི་འགག་རྩའི་ལོ་ལྔ་ཡིན། དམངས་ཚིས་དངོས་གཉེར་ལས་གཞི139ལག་བསྟར་བྱས་པ་དང་། མཁར་གྲོང་གི་མི་ཁྲི1.02ལས་ཞུགས་གསར་སྣོན་བྱུང་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི24སྤོ་སྒྱུར་ལས་ཞུགས་ཐུབ་ཡོད། མཁར་གྲོང་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་ཁྲི4དང་སྒོར་ཁྲི2ལས་བརྒལ་ཡོད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་སློབ་ལག་ལེན་སློབ་གསོ་ཉམས་ལེན་རྟེན་གཞི་གཅིག་པུ་དེ་མཚོ་བྱང་དུ་བཙུགས་ཤིང་། ཁུལ་ཡོངས་ཀྱི་རིམ་པ་གསུམ་པའི་སྨན་ཁང་ཐོག་མ་གསར་འཛུགས་བྱས་ཤིང་། བོད་སྨན་སྨན་རྫས་རིགས212སྨན་བཅོས་གུན་སྐྱོབ་ཀྱི་དཀར་ཆག་ནང་བཅུག་པ་དང་། སྨན་བཅོས་གུན་སྐྱོབ་ཀྱི་གློག་རྡུལ་དཔང་རྟེན་དང་བེད་སྤྱོད་བྱས་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྡོད་དམངས་བདེ་ཐང་ཆུ་ཚད26.26%བར་མཐོ་རུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་སྔོན་དཔག་གི་ཚེ་ཚད་ལོ73ལས་བརྒལ་ཡོད། གཞི་རྩའི་རྒན་གསོའི་ཞབས་ཞུའི་གསལ་ཐོ་ཁག22བཟོས་པ་དང་། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་ནུས་པ་མཐོ་རུ་ཕྱིན་པའི་ཕུལ་བྱུང་ས་ཁུལ་དུ་བདམས་ཡོད། དཔེ་སྟོན་རྣམ་པའི་བྱིས་པའི་ཁྱིམ་གཞིས70བསྐྲུན་པ་དང་། བཅོལ་སྐྱོང་ལས་ཁུངས17ཐོ་འགོད་བྱས། ཞིང་ཆེན་ཡོངས་སུ་སྔོན་ལ་གཉེན་སྒྲིག་ལག་ཁྱེར་སྤྲོད་པའི་ཕྱི་རོལ་རྟེན་གཞི་རྫོང་བཞི་རུ་བཙུགས་ཤིང་། གཉེན་སྒྲིག་གོམས་སྲོལ་བཅོས་སྒྱུར་གྱི་ཉམས་མྱོང་དམངས་སྲིད་པུ་ཡིས་ཁས་ལེན་དང་ཁྱབ་གདལ་བཏང་ལ། བསོད་ནམས་ཚེ་རིང་རང་ཞིང་གི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཐོག་མར་གྱུར་ཞིང་། ཆོས་དབྱང་སྐྱིད་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་རང་ཞིང་གི་གསེར་གྱི་རྟགས་མ་ཐོག་མ་བླངས་ཡོད།

ལོ་ལྔ་བོ་འདི་ནི་མཚོ་བྱང་སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བའི་འགག་རྩའི་ལོ་ལྔ་ཡིན། རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་ཚོགས་པ12དང་། དཔེ་སྟོན་ཚན་པ9དང་། སློབ་གསོའི་རྟེན་གཞི1བཅས་བཙུགས་པ་དང་། ཁུལ་དང་རྫོང་ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དུ་གྱུར་ཡོད།《མཚོ་བྱང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། ཁུལ་དང་རྫོང་། གྲོང་རྡལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཡོངས་སུ་འཁོར་སྐྱོད་བྱས། རྒྱལ་ཡོངས་རིམ་པ་དང་ཞིང་ཆེན་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ36གསར་སྐྲུན་བྱས། རྒྱལ་ཡོངས་ཀྱི“ཧྥེང་ཆའོ་ལུགས་ཀྱི་ལས་དོན་སྒྲུབ་ཐབས”ཀྱི་དཔེ་མཚོན་མ་དཔེ1བདམས་པ་དང་། ཉེས་དོན་དང་བདེ་འཇགས་ཀྱི་གྱོད་གཞི་སོ་སོར25.86%དང27.83%ཆག་ཡོད། ཞིང་ཆེན་ཡོངས་ཀྱི་སྔོན་ལ་གཞི་རིམ་གྱི“འཕྲལ་བསྟུན་ཤེས་རྟོགས་མཁན”དང་རྟ་ཐོག དམངས་དམག རུ་འཁྱུར་དམག་མི་བཅས་ཀྱི་འཕྲལ་བསྟུན་མྱུར་སྐྱོབ་དཔུང་ཁག་བཙུགས་ཤིང་། རྒྱུན་རྣམ་ཅན་གྱི་སྐར་མ10ཡི་འཕྲལ་བསྟུན་བརྡ་ལན་ཚོགས་པ་བསྐྲུན་ཡོད། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་གེགས་སེལ་དཔེ་སྟོན་སྡེ་ཁུལ3གསར་སྐྲུན་བྱས་ཡོད།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་ལྔའི་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་གནང་བའི་འབྲས་བུ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་གནང་བའི་འབྲས་བུ། ཁུལ་དམངས་ཆེན་གྱིས་ལྟ་སྐུལ་རྒྱབ་སྐྱོར་དང་ཁུལ་སྲིད་གྲོས་ཀྱིས་རོགས་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། ཧྲན་ཏུང་ཞིང་ཆེན་དང་འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་ཤུགས་ཆེན་དང་སྤྱི་ཚོགས་ལས་རིགས་ཁག་ཞུགས་པའི་འབྲས་བུ། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་འབད་བརྩོན་ལྷོད་མེད་དང་མཚོ་བྱང་གི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན། འདིར་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་ཡོངས་དང་། མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བའི་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ས་ཁུལ་དང་ཚན་པ། བཟོ་ཚོང་མཉམ་ལྷན། མི་དམངས་ཚོགས་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཁུལ་དུ་སྡོད་པའི་དམག་དཔུང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དམངས་དམག་གྲ་སྒྲིག་མི་སྣ། མེ་གསོད་རོགས་སྐྱོབ་དཔུང་ཁག་གི་བཀོད་འདོམས་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་། མཁར་གྲོང་དང་གྲོང་གསེབ་འཛུགས་སྐྲུན། ལས་རིགས་སྣ་ཚོགས་དར་རྒྱས་གཏོང་བའི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་ངལ་རྩོལ་པ་དང་སྲུང་སྐྱོབ་པ། བྱས་རྗེས་འཇོག་མཁན་བཅས་ཡོངས་ལ་བླ་ན་མེད་པའི་གུས་འདུན་ཞུ་བ་ཡིན།

འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་ལྟ་བྱས་ན། ད་དུང་ཐག་གཅོད་ཡག་པོ་བྱས་མེད་པའི་དཀའ་གནད་དང་འགག་རྩར་གྱུར་བའི་གནད་དོན་ཁག་ཅིག་སྔར་བཞིན་གནས་ཡོད་དེ། གཙོ་བོ་ནི་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་། དཔལ་འབྱོར་སྤྱི་འབོར་ཞིང་ཆེན་ཡོངས་སུ་ཟིན་པའི་བསྡུར་ཚད་དམའ་བ། ཐོན་ལས་གསུམ་གྱི་གྲུབ་ཚུལ་ལེགས་པོ་མིན་པ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཐུང་བ། ལས་སྣོན་ཞིབ་ཚགས་མི་འདང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ། ་སྐྱེ་ཁམས་ཀྱི་ལེགས་ཆ་དང་སྤུས་རྟགས་ཀྱི་རིན་ཐང་ད་དུང་འདོན་སྤེལ་ལེགས་པོ་བྱས་མེད་པ། བཟོ་ལས་ཀྱི་འདེགས་སྐྱོར་ནུས་པ་ཞན་པ། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རྣམ་པ་གསར་པའི་འཕེལ་རྒྱས་དལ་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཀྱི་དུས་མཚམས་སུ་གནས་པ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་སུ་མཉམ་འདྲེས་གཏིང་ཟབ་བྱས་མེད་པ། མཐའ་འཁོར་ས་ཁོངས་ལ་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཐོག་མཐུན་སྦྱོར་མཉམ་འགུལ་བྱས་པ་དམ་ཟབ་མིན་པ། ཐོན་ལས་རྣམ་གྲངས་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གསོག་འཇོག་མི་འདང་ཞིང་། ལྷག་པར་དུ་དཔེ་སྟོན་རང་བཞིན་དང་སྣེ་ཁྲིད་རང་བཞིན། སྐུལ་ཁྲིད་རང་བཞིན་བཅས་ལྡན་པའི་རྣམ་གྲངས་ཆེན་པོ་ཉུང་དྲགས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་ཞན་པ། ལས་བྱེད་པའི་དཔུང་སྡེའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་སྒུལ་ཤུགས་ད་དུང་མི་འདང་བ་སོགས་ཡིན། དེ་བས། ང་ཚོས་ཆེས་བློ་ཐག་ཆོད་པའི་རྣམ་འགྱུར་དང་ཆེས་ནུས་ལྡན་གྱི་བྱེད་ཐབས། ཆེས་དོན་གཉེར་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ནན་ནན་ཏིག་ཏིག་སྒོས་དཀའ་གནད་སེལ་བ་དང་། དན་དན་ཏིག་ཏིག་གིས་ཞན་ཆ་གསབ་པ། སེམས་ཤུགས་གཅིག་སྒྲིལ་དང་དམངས་སེམས་གཅིག་སྒྲིལ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་ཀའི་གྲུབ་འབྲས་ལེན་དགོས།

གཉིས། “ལྔ་བཅོ་ལྔའི”དུས་སྐབས་ཀྱི་དམིགས་འབེན་གཙོ་བོ་དང2026ལོའི་གཙོ་གནད་ལས་དོན་འགན་འཁྲི།

“ལྔ་བཅོ་ལྔའི”དུས་སྐབས་ནི་མཚོ་བྱང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་། ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། ཁུལ་ཁོངས་འཕེལ་རྒྱས་དེ་སྐྱེ་ཁམས་ལེགས་ཆ་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་དང་། ཐོན་ལས་རིགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བའི་མཐོར་འདེགས་དུས་སྐབས། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་ཐོད་བརྒལ་དུས་སྐབས་བཅས་སུ་སླེབས་ཡོད་པས། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་བར་སྟོང་མུ་མཐུད་དུ་རྒྱ་བསྐྱེད་པ། འཕེལ་རྒྱས་ཀྱི་ཐབས་ལམ་སྔར་ལས་གསལ་བ་ཡིན་དགོས། 《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་ལ་འབེབས་པའི་སྐོར་གྱི་གྲོས་གཞི》གཞིར་བཟུང་ནས། ང་ཚོས་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ཁ་ཕྱོགས། མཚོ་བྱང་གི་ནུས་པ། མང་ཚོགས་ཀྱི་རེ་བ་བཅས་ལ་དམིགས་ཏེ།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་རྩ་གནད(འཆར་ཟིན)》སྒྲིག་བཟོ་བྱས་ཏེ། “ལྔ་བཅོ་ལྔའི”དུས་སྐབས་སུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་བཅས་བཏོན་ནས། ཐེངས་འདིའི་ཚོགས་ཆེན་སྟེང་ཞིབ་བཤེར་བྱ་བར་དབུལ་རྒྱུ་ཡིན།

འབྱུང་འགྱུར་ལོ་ལྔའི་ནང་། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རང་འགུལ་ངང་ཞུགས་ནས་ཞབས་འདེགས་ཞུ་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་། ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་བྱ་རྒྱུ། “ཡོལ་གཅིག་གླིང་གཉིས་ཁུལ་བཞི་ལྷུ་ཚིགས་མང་པོ”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པ་བཅས་ཀྱི་ཐད་མདུན་གྲལ་དུ་སྐྱོད་པ་དང་། མིག་དཔེ་བསྟན་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་དགོས། རྨང་གཞི་འདིའི་སྟེང་དུ། ལོ་ལྔ་ལ་མུ་མཐུད་དུ་འབད་པ་བྱས་ཏེ། ཉིས་སྟོང་སོ་ལྔ་ལོར་སླེབས་དུས་ཁུལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ནུས་པ་མཐོར་འདེགས་ཆེན་པོ་བྱུང་བ་དང་། དཔལ་འབྱོར་སྤྱི་འབོར་བརྟན་པོར་འཕར་བ། ཐོན་ལས་གྲུབ་ཚུལ་སྔར་ལས་ལུགས་མཐུན་ཡིན་པ། ཡོང་འབབ་འབྲིང་གི་རིགས་ཚོགས་མངོན་གསལ་གྱིས་མང་དུ་འགྲོ་བ། དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་མངོན་འགྱུར་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།

གཅིག་ནས་བྱེད་ཐབས་སྔར་ལས་མང་བར་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏང་རྒྱུ། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པར་གཞི་ཚུགས་ཏེ། “རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ”གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། མདོ་ལ་རིང་མོ་དང་མཚོ་སྔོན་པོ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། གསེར་ལྡན་ཆུ་བོ་སོགས་མཛེས་པའི་ཆུ་མཚོ་འཛུགས་སྐྲུན་དང་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་ལ་སྐུལ་འདེད་གཏང་རྒྱུ། བཙོག་འཕྲི་ཐཱན་གཅོག་མཉམ་སྡེབ་གསར་གཏོད་ཀྱི་ཚོད་ལྟ་འཚོལ་ཞིབ་བྱས་ཏེ། གད་སྙིགས་དང་བཙོག་ཆུ་ཚད་འཕྲི་ཅན་དང་ཐོན་ཁུངས་ཅན། གནོད་མེད་ཅན་དུ་ཐག་གཅོད་བྱེད་པར་ཤུགས་སྣོན་པ། མཁའ་དབུགས་ཀྱི་སྤུས་ཚད་ཚད་ལོན་པ་དང་ཐཱན་འབུད་གཏོང་རྩེར་སོན་སོགས་ཀྱི་ཚོད་ལྟ་དཔེ་སྟོན་བྱ་རྒྱུ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་གཟིགས་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཀོད་པ་ལེགས་སྒྱུར་དང་མཉམ་སྡེབ་འཛུགས་སྐྲུན། མཉམ་འགུལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་རྒྱུ། སྐྱེ་ཁམས་གནས་སྐོར་དང་སྐྱེ་ཁམས་ཁམས་གསོ། སྐྱེ་ཁམས་ཉམས་ལེན་སོགས་དམིགས་འཁྲོལ་གཉེར་སྐྱོང་འཚོལ་ཞིབ་བྱས་ཏེ། འཚོ་བ་དང་ཐོན་སྐྱེད། སྐྱེ་ཁམས་བཅས་མཉམ་རྒྱལ་ཡོང་བ་བྱ་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་པར་རེ་ཞུ་བྱ་རྒྱུ།

གཉིས་ནས་ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་འབོར་གཉིས་ཀ་འཕར་བར་སྐུལ་འདེད་གཏང་རྒྱུ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་ལེགས་སྒྱུར་དང་། ཁྱད་ལྡན་ཐོན་ལས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། གསར་དར་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་དཔག་བཀོད་སྒྲིག་བཅས་བྱ་རྒྱུ། “རི་ཆུ”དང“མཛེས་ལྗོངས”“གངས་འཁྱགས”“ནགས་རྩྭ”“འབྲུ་སྣུམ”“ནོར་ལུག”“ཉ་བྱ”སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྐྱེ་ཁམས་ཞིང་ཕྱུགས་དང་ལྗང་མདོག་རྩིས་གློག གསར་བརྗེའི་རིག་གནས་གནས་སྐོར། མཐོ་སྒང་གི་ཁམས་གསོ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏང་རྒྱུ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ་གཙོ་བོར་བྱེད་པའི་གསར་བརྗེའི་ཞིབ་སློབ་དང་གསོ་སྦྱོང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏང་རྒྱུ། “ཆུ་ཚན+”ཡི་མཉམ་འདྲེས་ཐོན་ལས་འཚོལ་ཞིབ་དང་། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། “ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་དོན། ཁམས་གསོ”བཅས་ལས་རྣམ་མང་པོ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་རྒྱུ། མཚོ་བྱང་གི་ཁྱད་ལྡན་ལེགས་ཆའི་ལྗང་མདོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་གཏང་རྒྱུ། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བཏོད་དེ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ། ཁ་གཏད་རོགས་སྐྱོར་མཉམ་ལས་རིམ་སྤོར་ཇེ་མགྱོགས་སུ་གཏང་བ་དང་། ཕྱི་ནང་མཉམ་སྡེབ་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་སྐུལ་སློང་དང་། དཔལ་འབྱོར་སྤུས་ཚད་ནུས་ལྡན་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ནས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་ལོ་རེར་ཆ་སྙོམས་འཕར་ཚད4%ཡན་དུ་སླེབས་པ་བརྩོན་ལེན་བྱ་རྒྱུ།

གསུམ་ནས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་མཁར་གྲོང་དང་གྲོང་གསེབ་མཐུན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་བརྟེན་ནས་ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ས་ཁོངས་རང་བཞིན་གྱི་གནས་སྐོར་འགྲིམ་འགྲུལ་སྡུད་འགྲེམ་ལྟེ་གནས་ཀྱི་གནས་བབ་མཐོ་རུ་གཏང་རྒྱུ་དང་། རྨ་ཙོང་གཞོང་སའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་ལ་མཉམ་འདྲེས་བྱ་རྒྱུ། གུང་ཧོ་གཤོང་ས་ཆེན་པོའི་མཉམ་སྡེབ་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ། “ལྟེ་གཅིག་གྲོང་གཉིས་རྒྱུད་གསུམ་གནས་མང”གི་མཁར་གྲོང་འཕེལ་རྒྱས་རྣམ་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། ཆེས་མཛེས་པའི་གསར་བརྗེ་མཁར་གསར་ཏེ“བདེ་བརྟན་མདའ་བཞི”འཛུགས་སྐྲུན་དང་། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འགག་རྩའི་མཁར་གྲོང་སྟེ“གསེར་གཞོངས་འཇུ་ལག”འཛུགས་སྐྲུན། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཚད་གཞིའི་མཁར་གྲོང་སྟེ“ལྷ་ཁམས་མདོ་ལ”འཛུགས་སྐྲུན། མཚོ་སྐོར་བྱང་ངོགས་ཀྱི་ནུས་ཁུངས་གཙང་མ་དང་གནས་སྐོར་མཁར་གྲོང་སྟེ“བོད་མཁར་རྐང་ཚ”འཛུགས་སྐྲུན་བཅས་ཀྱི་ངེས་གནས་ལ་གཞི་ཚུགས་ནས། མཁར་གྲོང་དཔེ་གསར་ཅན་དང་གྲོང་གསེབ་དར་སྤེལ་གཉིས་ཀྱི་སྐུལ་སྤེལ་སྤྱི་འདོམས་བྱ་རྒྱུ། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་། མཁར་གྲོང་གིས་གྲོང་གསེབ་སྣེ་ཁྲིད་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་བཏང་ནས། རྫོང་ཁོངས་ཀྱི་མཁར་གྲོང་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་ལེན་ཁུལ་གཏོད་རྒྱུ།

བཞི་ནས་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏང་རྒྱུ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། གང་ནུས་ཅི་ཐུབ་སྒོས་ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ། མཁར་གྲོང་དང་གྲོང་གསེབ་སྡོད་དམངས་ཀྱི་འབབ་འཕར་འཆར་གཞི་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏང་རྒྱུ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཏེ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ། བདེ་ཐང་མཚོ་བྱང་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། སྨན་སྐྱོབ་དང་སྨན་བཅོས། སྨན་རྫས་བཅས་མཉམ་སྡེབ་ཀྱིས་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་རྒྱུ། མང་ཚོགས་ཡོངས་དང་ཚེ་སྲོག་གི་དུས་ཡུན་ཧྲིལ་པོར་ཁྱབ་པའི་མི་འབོར་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་། མཁར་གྲོང་དང་གྲོང་གསེབ་སྤྱི་འདོམས་དང་འདྲ་མཉམ་གཅིག་གྱུར། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་མཐུས་ཚང་དུ་གཏང་རྒྱུ། “1+5+N”ཡི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་མཐུས་ཚང་དུ་བཏང་སྟེ། “རྒན་པ་གཅིག་དང་གཞོན་པ་གཅིག”གི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་རྒན་བཀུར་ཅན་གྱི་སྡེ་ཁུལ5བསྐྲུན་རྒྱུ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དང་། “རིག་གནས་ལྔ”དར་སྤེལ་བཏང་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ།

ལྔ་ནས་བློ་སྟོབས་སྔར་ལས་ཆེ་བའི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་གི་བདེ་འཇགས་སྲུང་རགས་བརྟན་པོར་སྲུང་རྒྱུ། འཕེལ་རྒྱས་དང་བདེ་འཇགས་ལ་ནུས་ལྡན་གྱིས་སྤྱི་འདོམས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏང་རྒྱུ། མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་ལ་སྐུལ་འདེད་གཏོང་བའི“འཆར་གཞི་གསུམ”དང“བྱ་སྤྱོད་ཁག་བཅུ”དོན་འཁྱོལ་གཏིང་ཟབ་དང་། ཆོས་ལུགས་ལས་དོན་མི་སྣའི“སྐོར་སྦྱོང”དང“བློ་སྦྱོང”ལས་གཞི་དང“དགོན་པར་སྐྱོད་པ་བདུན”དང“དགོན་པར་སྐྱེལ་བ་གསུམ”གྱི་བྱེད་སྒོ་ཟབ་སྤེལ་བྱ་རྒྱུ། ཁྲིམས་སྐྱོང་མཚོ་བྱང་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཏེ། ནག་འཇོམས་ངན་སེལ་དང་བདེ་འཇགས་གསར་སྐྲུན་ལ་རྒྱུན་རྣམ་སྐུལ་འདེད་དང་། གཞི་རིམ་གྱི་རྨང་གཞིའི་འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་ཇེ་མགྱོགས། བདེ་འཇགས་ཀྱི་ཉེན་ཁ་རིམ་དབྱེའི་དོ་དམ་ཚོད་འཛིན་དང་བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་གི་སྔོན་འགོག་རྐྱེན་སྲོལ་གཉིས་རྒྱུན་རྣམ་ཅན་དུ་འཁོར་སྐྱོད་བྱེད་པར་སྐུལ་འདེད། དམིགས་བསལ་དང་ཚབས་ཆེའི་ལས་འཛོལ་བྱུང་རྒྱུར་འགོག་ཟོན་མཐའ་གཅིག་ཏུ་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ནུས་ལྡན་འགོག་ཟོན་དང་ཁ་གཏད་འཇལ་བ་བཅས་བྱས་ཏེ་ཁུལ་ཁོངས་ཀྱི་སྤྱི་པའི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་རྒྱུ།

འཐུས་མི་རྣམ་པ། འཆར་གཞི་བཀོད་ཟིན་པས་ལས་འགན་གྱིས་ང་ཚོར་འབད་བརྩོན་བྱ་དགོས་པར་སྐུལ་ལྕག་གཏོང་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཁུལ་ཨུའི་ཡང་དག་པའི་སྣེ་ཁྲིད་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་ལ་བརྟེན་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི“ལྔ་བཅོ་ལྔའི”འཆར་འགོད་བདེ་བླག་ངང་མངོན་འགྱུར་བྱ་ཐུབ་ངེས་ཡིན་པ་དང་། མཚོ་བྱང་གི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

2026ལོ་ནི“ལྔ་བཅོ་ལྔ”མགོ་རྩོམ་པའི་ལོ་ཞིག་ཡིན་ལ། ཀྲུང་གོའི་ལུགས་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་ལེའུ་གསར་པ་རྩོམ་པར་འབྲེལ་མཐུད་ཀྱི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན། སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ། ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “ཆེས་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང“ལྷག་ཏུ་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞིགས་པ་དང་། “སྤྱི་གླིང་གཉིས་དང་མཐོ་ས་གཅིག”གཏོད་པ་དང་། ཐོན་ལས་ཀྱི“ས་ཁུལ་བཞི”མཛུགས་སྐྲུན། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”གྱི་ལས་འགན་ལ་དམིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཚ་ཚང་ཡང་དག་དང་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་གཏིང་ཟབ་དང་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་སྔར་ལས་ཡག་པོ་བྱེད་པ། དཔལ་འབྱོར་སྤུས་ཚད་ནུས་ལྡན་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་འཛིན་བྱས་ཏེ།“ལྔ་བཅོ་ལྔ”མགོ་ཡག་པོ་ཞིག་བརྩམ་ཐུབ་པར་འབད་བརྩོན་ལྷུར་ལེན་བྱ་དགོས།

ད་ལོའི་མཚོ་བྱང་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར4.5%ཡས་མས་འཕར་ནས་གྲུབ་འབྲས་སྔར་ལས་ལེགས་པ་བརྩོན་ལེན་བྱ་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད4.5%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར4.5%ཡས་མས་འཕར་བ། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ1%འཕར་བ། སྡོད་དམས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་དུས་མཉམ་ཡོང་བ། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད3.5%ནང་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་སུ་ཚོད་འཛིན་བྱ་རྒྱུ།

གོང་གི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ན། བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ནུས་སྐྱེད་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་དུ་འཛིན་པ། ལས་ཕྱོད་ཆེ་བའི་དོན་འཁྱོལ་འགན་སྲུང་དུ་བྱེད་པ། ཁུལ་ཁོངས་ཀྱི་ཐོན་ཁུངས་ལྷན་ནུས་ལ་གཞི་ཚུགས་ཏེ། རྨང་གཞི་སྲ་བརྟན་དང་ཞན་ཆ་ཁ་གསབ། ལེགས་ཆ་འདོན་སྤེལ། སྒུལ་ནུས་གསོག་འཇོག་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས།

ད་ལོར། ང་ཚོས་སྐྱེ་ཁམས་དཔོན་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་སྲ་བརྟན་དུ་གཏང་རྒྱུ།

སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་ཟབ་སྤེལ་བྱ་རྒྱུ། ཙོང་ཆུའི་འབབ་ཡུལ་གྱི“རི་ཆུ”རྣམ་གྲངས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར26.9བཏང་བའི་མཚོ་སྔོན་པོའི་མཐའ་འཁོར་གྱི“རི་ཆུ”རྣམ་གྲངས་ལག་བསྟར་བྱ་རྒྱུ། མཛེས་པའི་ཆུ་མཚོ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། བར་དམ་ཆུ་བོ་དང་ཙོང་ཆུ། མུ་རི་ཆུ་བོ་སོགས་གཙོ་གནད་ཆུ་བོ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ། བར་དམ་གངས་དཀར་དང་མེ་ལྷ་གངས་དཀར་སོགས་གངས་རིར་རྟོག་འཇལ་སྔོན་ཟོན་དང་མ་ལག་ཅན་གྱི་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་རྒྱུ། “བྱང་གསུམ”ལས་གཞིའི་འགག་སྒྲོལ་དམག་འཐབ་ལ་ཏན་ཏིག་ངང་སྐུལ་འདེད་བཏང་སྟེ། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི30དང་། བྱེ་འགོག་བྱེ་བཅོས་མུའུ་ཁྲི10དང་། རྩྭ་ཐང་ལེགས་བཅོས་མུའུ་ཁྲི60དང་། ལྕགས་དྲ་བསྐོར་ནས་གསོ་སྤེལ་མུའུ་ཁྲི33དང་། རི་བཀག་ནགས་གསོ་མུའུ་ཁྲི2དང་། ནགས་ཚལ་ཞན་འགྱུར་ཉམས་གསོ་མུའུ་ཁྲི3བཅས་ལག་བསྟར་བྱ་རྒྱུ་དང་། དེང་རབས་ཅན་གྱི་རྒྱལ་དབང་ནགས་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ། འགྲིམ་འགྲུལ་ལམ་འགྲམ་དང་མཚེའུ་མཛོད་ཀྱི་མཐའ་འཁོར་ལྗང་སྒྱུར་ཤུགས་ཆེན་སྤེལ་རྒྱུ་དང་། ཁིས་ཐོག་བྱེ་བཅོས་དཔེ་མཚོན་གྱི་སྤུས་འབྲས་མཐོར་འདེགས་དང་ཁྱབ་གདལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་བྱེ་བཅོས་དཔེ་མཚོན་གཏོད་རྒྱུ།

ཁོར་ཡུག་བཅོས་སྐྱོང་དང་སྦགས་བཙོག་འགོག་བཅོས་བྱེད་པར་ཤུགས་སྣོན་རྒྱུ། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བཏོན་པའི་གནད་དོན་སྣ་ཚོགས་དག་ཐེར་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དམ་འཛིན་ནན་པོ་བྱས་ཏེ། གཏེར་ལས64ཡི་དབང་ཆ་ཕྱིར་འཐེན་ལ་ཁ་གསབ་སྤྲོད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་། ཚེ་ཐར་གཏེར་ཁའི་སྐྱེ་ཁམས་བཅོས་སྐྱོང་ལས་འགན་དང་རྩིས་ལེན་ཐོ་སུབ་དུས་ཐོག་ཏུ་ལེགས་སྒྲུབ་བྱ་རྒྱུ། སྦགས་དངོས་གཙོ་བོ་བཙོག་འབུད་ཉུང་གཏོང་དང་ནུས་ཁུངས་ཐོན་ཁུངས་ཟད་ཚད་མར་ཆག་པའི་ལས་འགན་འགག་སྒྲོལ་བྱས་ཏེ། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ནང་ཚོད་འཛིན་དང་། ཆུ་བོ་གཙོ་བོ་ཁོངས་བརྒལ་བཅད་ངོས་ཆུའི་སྤུས་ཚད་རིགསⅡདང་དེ་ཡན་དུ་རྒྱུན་འཁྱོངས་བྱ་རྒྱུ། “སྐྱེ་ཁམས་ཆེན་པོའི”ཁྲིམས་བསྟར་ལྟ་སྐུལ་དོ་དམ་གྱི་ལས་ཀའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་བཟོད་སྒོམ་གཏན་ནས་བྱ་རྒྱུ་མིན།

སྐྱེ་ཁམས་རིན་ཐང་མངོན་འགྱུར་དང་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏང་རྒྱུ། མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏང་རྒྱུ་དང་། མཚོ་སྔོན་པོའི་བྱ་གླིང་གི“སྐྱེ་ཁམས་བྱ་གཟིགས་མཁར་གྲོང”འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་རྒྱུ། ལྷ་ཆབ་ཁུག་སོགས་སྐྱེ་ཁམས་མཛེས་ལྗོངས་ཁུལ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་སྤེལ་ཁང་སོགས་སྐྱེ་ཁམས་ཚན་རིག་ཁྱབ་གདལ་རྟེན་གཞི། སྟག་སྣ་དགོན་དོ་དམ་སྲུང་སྐྱོབ་ས་ཚིགས་སོགས་རང་བྱུང་སློབ་གྲྭར་བརྟེན་ནས་སྐྱེ་ཁམས་ཞིབ་སློབ་དང་རང་བྱུང་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་ས་ཁོངས་སུ་མཐོ་སྒང་གི་བདེ་ཐང་ཁམས་གསོའི་ལས་རྣམ་གསར་པ་འཚོལ་ཞིབ་དང་གསོ་སྐྱོང་བྱ་རྒྱུ། ནགས་བརྟེན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རྐང་ཚ་དང་འཇུ་ལག་རྫོང་གཉིས་སུ་མུའུ9000ཡི་སྟར་བུའི་འབྲས་དམན་ནགས་ཚལ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་ཡག་པོ་བྱ་རྒྱུ་དང་། མུའུ་ཁྲི32ཀྱི་སྟར་བུ་སྤྱད་དེ“སྟར་བུ་ནགས་ཚལ+”ཡི་སྣ་མང་ལས་རྣམ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ། གྲོ་མ་ལས་དོན་ས་ཚིགས་དང་གླ་བ་གསོ་སྤེལ་རྟེན་གཞི། ཤྭ་བ་གསོ་སྤེལ་འདུས་ཚོགས་བཅས་བསྐྲུན་པ་བརྩོན་ལེན་བྱ་རྒྱུ། ཀྲུང་བོད་ལུགས་སྨན་རྩྭའི་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ལུགས་དང་མཐུན་པའི་སྨན་རྩྭའི་རྟེན་གཞི་གྲབས་འཛུགས་བྱ་རྒྱུ། “ཐཱན་གཉིས”ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས་མདོ་ལ་རིང་མོའི་ས་ཁུལ་གྱི་ནགས་རྩྭ་ཐཱན་འདུས་མུའུ་ཁྲི7.1གསར་སྤེལ་ཉོ་ཚོང་བྱེད་པར་སྐུལ་འདེད་གཏང་རྒྱུ། ཙོང་ཆུའི་འབབ་ཡུལ་གྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་བྱ་བར་ཟབ་ཞུགས་བྱ་རྒྱུ།

ད་ལོར། ང་ཚོས་ཐོན་ལས་ཀྱི་རིགས་སྒྱུར་འཕེལ་རྒྱས་སྔར་བས་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏང་རྒྱུ།

མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ལས་སྟོབས་ཆེར་གཏང་རྒྱུ། སོན་བཟང་དང་གྲངས་འབོར་བརྟན་པོ། སྤུས་ཚད་མཐོར་འདེགས། ཕན་འབྲས་ཆེར་གཏོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མདོ་ལའི་བོད་ལུག་དང་རྐང་ཚའི་ནོར་གནག འཇུ་ལག་ལོག་དཀར་སོགས་ཞིང་ལས་སྤུས་རྟགས་ཀྱི་རྫོང་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ། ཆུ་གྲང་ཉ། བཟའ་བྱའི་ཤ་མོ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་། བོད་ལུག་དང་ནོར་གནག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་མུ་མཐུད་དུ་གཉེར་ནས་མདོ་ལ་རྫོང་གིས་རྒྱལ་ཁབ་རིམ་པའི་བོད་ལུག་དང་ནོར་གནག་གི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་གླིང་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། སོན་ལས་དར་སྤེལ་ལ་སྐུལ་འདེད་དང་། མཚོ་སྔོན་གྱི་ནས་དང་ལོག་དཀར་ཆུང་བ། བོད་ལུག་བཅས་ཀྱི་སོན་བཟང་མཁོ་འདོན་རྟེན་གཞི་ཆེས་ཆེ་ཤོས་ཀྱི་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ནས་དང་ལོག་དཀར་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི5.3མང་དུ་གཏོང་བ་དང་། བོད་ལུག3500དང་ནོར་གནག250ཡི་སྤུས་ལེགས་སོན་བཟང་མཁོ་འདོན་བྱེད་པ་དང་། ནོར་དཀར་དང་མཚོ་སྔོན་གྲོ་རྒྱའི་རྟ་རྒྱུད་སླར་གསོ་ལ་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་ལས་གཞིའི་ཚད་གཞི་མཐོར་གཏོང་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། འཇུ་ལག་དང་རྐང་ཚའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མ་ལག་རིམ་སྤོར་དང་། མདོ་ལ་དང་མདའ་བཞིའི་སྤུས་རྟགས་གཉེར་སྐྱོང་ནུས་པ་ཆེ་རུ་གཏོང་བར་གཙོ་གནད་འགག་སྒྲོལ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་མཁོ་སྤྲོད་དང་ལས་སྣོན་ཞིབ་ཚགས། སྤུས་རྟགས་རིན་ཐང་བཅས་ཀྱི“ཕྲེང་གསུམ་མཉམ་སྒྲིག”ལ་སྐུལ་འདེད་མགྱོགས་སུ་བཏང་ནས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད66%ལ་སླེབས་པ་དང་། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཞིང་ཕྱུགས་ཐོན་རྫས10ཡན་ལ་སླེབས་པར་བྱ་རྒྱུ། ཁུལ་དང་རྫོང་གི“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོ”ཞེས་པའི་སྣེ་འདྲེན་ཚོང་ཁང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། “དྲ་ཐོག་ཐད་གཏོང+དྲ་ཕྱིའི་འགྲེམ་ཚོང”རྣམ་པའི་མཉམ་འདྲེས་ལས་སྟེགས་བསྐྲུན་ནས་སྦྲང་རྩི་དང་། ཤ་མོ། ནོར་ལུག་གི་ཤ་སོགས“མཚོ་བྱང་རྟགས་ཅན”དང“མཚོ་བྱང་ཞིང་ལས་རྟགས་ཅན”གྱི་སྤུས་ལེགས་ཐོན་རྫས་རྒྱལ་མཚམས་བརྒལ་ཏེ་ཕྱི་རྒྱལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར12ཡན་ལ་སླེབས་པར་བྱ་རྒྱུ། ཐོན་ལས་དང་པོའི་འཕར་ཐང6%ཡས་མས་འཕར་བར་བརྩོན་ལེན་བྱ་རྒྱུ།

ལྗང་མདོག་བཟོ་གཏེར་གྱི་རྩིས་གློག་ཐོན་ལས་སྟོབས་ཆེར་གཏང་རྒྱུ། ཐོན་ལས་གླིང་ཁུལ་སྡེབ་སྒྲིག་ལེགས་སྒྱུར་དང་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། མདའ་བཞི་ཆུ་དམར་གཞོང་སྐྱེ་ཁམས་བཟོ་ལས་དཔལ་འབྱོར་གཅིག་སྡུད་འཕེལ་རྒྱས་ཁུལ་དང་། མདོ་ལ་སྐྱེ་ཁམས་གཅིག་སྡུད་འཕེལ་རྒྱས་ཁུལ་ཞིང་ཆེན་རིམ་པའི་གཙོ་གནད་གྲས་སུ་འཇུག་རྒྱུ་དང་། གཙོ་གནད་ལས་རིགས་ཀྱི་ནུས་སྲི་ཟད་འཕྲིའི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ཐང་ཧུའུ་གློག་ཁང་གི་སྟོང་ཝ་ཁྲི2×35ཡི་རྒྱས་སྐྲུན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་མེ་རྡོ་ནག་པོ་ཚི་སྣ་ཏུན་ཁྲི3དང་ནུས་མཐོའི་འདུས་སྦྱོར་རྒྱུ་ཆ་ཏུན་ཁྲི4སོགས་རྣམས་གྲངས་དོན་འཁྱོལ་ཡོང་བར་འབད་པ་བྱ་རྒྱུ། བཟོ་ལས་ཐོན་ལས་ཀྱི་ལྗང་མདོག་ཅན་དང་ཁྱུ་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གཞི་ཁྱོན་ཡན་གྱི་ཁེ་ལས45སྲ་བརྟན་སྟོབས་ཆེར་གཏོང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང6%ཡས་མས་འཕར་བར་འབད་པ་བྱ་རྒྱུ། “ཁུངས་དྲ་ཐེག་གསོག”དང“འཕར་ཚད་བསྲེས་སྒྱུར”“ཕྱུགས་འོད་གསབ་རེས”“ལྗང་གློག་ཐད་འདྲེན”སོགས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཀྲུང་གོ་ཧ་ཡང་ཏུན་ཁྲི10ཡི་གློག་འབྱེད་ཧ་ཡང་གི་ལྗང་གློག་ཐད་འདྲེན་དང་། ཞིང་ཆེན་མ་འཇོག་གི་གློག་འབྱེད་ཧ་ཡང་ཏུན་ཁྲི50ཡི་ལྗང་གློག་ཐད་འདྲེན་དང་། ཏཱ་ཐང་ལྗང་གློག་ཐད་འདྲེན་རླུང་ཤུགས་གློག་འདོན་དང་། ཆུ་ཁོལ་སྟོང་ཝོལ750ཡི་གློག་གཏོང་སྒྱུར་སོགས་རྣམ་གྲངས་དོན་འཁྱོལ་ལས་མགོ་རྩོམ་པ་དང་། ནགས་རྫུབས་འགག་དང་ཕ་བོང་འགག་སོགས་ཆུ་འཐེན་ནུས་གསོག་གློག་ཚིགས2ཀྱི་ཚད་གཞིར་ཐོན་པའི་ལས་དོན་ལ་ཤུགས་རྒྱག་པ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་རྩིས་ནུས་རྣམ་གྲངས2ལས་མི་ཉུང་བ་ཞིག་ལ་གན་རྒྱ་འཇོག་པ་དང་། ལན་ཅན་ཅུན་ཞིན་དང་ཙི་ཐེན་ཧུང་། འབྱུང་འགྱུར་ཚན་རྩལ་སོགས་ལྗང་མདོག་རྩིས་ནུས་རྣམ་གྲངས་དང་མཚོ་བྱང་ལྗང་མདོག་རིག་ནུས་རྩིས་ནུས་ལྟེ་གནས། འཇུ་ལག་ལྗང་གློག་རིག་རྩིས་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་ནས་ལོ་འདིའི་ནང་རྩིས་ནུས6000Pལས་གཉེར་ཐུབ་པར་འབད་པ་བྱ་རྒྱུ། ལྗང་མདོག་གཏེར་རི་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཧེ་བདག་སོལ་གཏེར་གྱི་ཐོན་སྐྱེད་བསྐྱར་གསོ་བྱ་རྒྱུ་དང་། ཧའེ་ཞིན་གཏེར་ལས་དང་དུས་རབས་ཨའོ་ཁའེ་སོགས་གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། འཇུ་ལག་གསེར་ཟངས་རྩད་ཞིབ་གསར་སྤེལ་རྟེན་གཞིའི་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གསོམ་ལུང་ལྷོ་མ་སོགས་གཏེར་ཁ་སྔོག་འདོན་འདེམས་སྒྲུག་དང་གསེར་རྡོ་གཏེར་ཁ་ཕྱོགས་བསྡུས་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱ་རྒྱུ། སྤུས་ལེགས་འཛུགས་སྐྲུན་ལས་རིགས་ཀྱི་ཁེ་ལས་སྡུད་འགུག་དང་ས་གནས་རང་གི་ཁེ་ལས་སྐྱེད་སྲིང་དང་རིམ་སྤོར་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་འཛུགས་སྐྲུན་རིགས་ཀྱི་ཁེ་ལས26གི་གཉེར་སྐྱོང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཐོན་རྫས་རིན་ཐང་འཕར་རྒྱུར་སྐུལ་ཁྲིད་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ། ཐོན་ལས་གཉིས་པའི་འཕར་ཐང7%ཡས་མས་འཕར་བ་བརྩོན་ལེན་བྱ་རྒྱུ།

ཁྱད་ལྡན་རིག་གནས་གནས་སྐོར་ཞིབ་སློབ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏང་རྒྱུ། ལྗང་མདོག་སྐྱེ་ཁམས་དང་། གསར་བརྗེའི་སྙིང་སྟོབས། སྣ་མང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་བརྟེན་ནས་ཀན་སུའུ་དང་མཚོ་སྔོན་གྱི་སྐོར་ལམ་ཆེན་མོའི་ནང་ཧུར་ཐག་གིས་ཞུགས་པ་དང་། མཚོ་བྱང་གི་སྐོར་ལམ་ཆུང་བ་ལེགས་སུ་གཏོང་བ་དང་སྐད་གྲགས་ཆེ་རུ་གཏོང་བ། “མི་ཚེའི་གངས་རི་དང་པོ”སྟེ་མདོ་ལ་རིང་མོའི་མེ་ལྷ་གངས་དཀར་དང་། མཚོ་སྔོན་པོ་སྨོན་ལམ་མཐོན་པོའི“སྤྲིན་གྱི་རྒྱ་མཚོ”སོགས་ལྟེ་བའིIPགཏོད་པ། ཨ་མྱེས་སྟོང་སོ་དང་གཞུང་ལམ་ཨང9པའི་སྤུས་རྟགས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། “མཚོ་སྔོན་པོའི་ཉ་གཟིགས+མདོ་ལ་རིང་མོའི་གངས་ཤུད”དང་།“མ་རྡུལ་མཁར་གསར་བརྗེའི་ཞིབ་སློབ+ཆུ་ཚན་ཁམས་གསོ”སོགས་སྤུས་ལེགས་ཁྱད་ལྡན་གནས་སྐོར་ལམ་ཐིག་འདོན་པ། “དཔྱིད་ཀར་དར་ལ་ལྟ་བ”དང་། “དབྱར་ཁར་གངས་ཤུད་གཏོང་བ”“སྟོན་ཁར་དབྱང་རླུང་གསོག་པ”“དགུན་ཁར་ཁྲུས་གསོལ་བྱེད་པ”སོགས་དུས་ཚིགས་ལས་ལྡོག་པའི་ཉམས་རོལ་མཁོ་འདོན་བྱས་ཏེ། “དུས་ཚིགས་བཞི་ལ་མཛེས་ལྗོངས་ཡོད་པ་དང་། ལོ་ཧྲིལ་བོར་གནས་སྐོར་བྱེད་ཆོག་པའི”ཐོན་རྫས་མ་ལག་བསྐྲུན་ཏེ། “དབྱར་ཁར་གནས་སྐོར་བྱེད་མཁན་མང་བ་དང་དགུན་ཁར་ཉུང་བའི”གནས་སྐོར་གྱི་གནས་བབ་ལ་འགྱུར་ལྡོག་གཏང་རྒྱུ། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི“123” རྨང་གཞི་བརྟན་གཏོང་ལས་གཞི་མུ་མཐུད་ལག་བསྟར་བྱས་ཏེ། མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རིང་མོའི་སྐྱེ་ཁམས་གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། གསེར་དངུལ་ཐང-མ་རྡུལ་མཁར། ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གཏོད་པར་སྐུལ་འདེད་གཏོང་བ། འོམ་ཆུའི་ཁེ་རམ་ཐང་སྐྱེ་ཁམས་སློབ་གསོ་ཁུལ་དང་བྱེ་མ་ལ་བདུན-བྱེ་གླིང་བྱེ་མ་མྱོང་རོལ་ཁུལ། འབྲུ་གུ་གཡས་གྲོག་རོང་སྐྱེ་ཁམས་ཞིབ་སློབ་རྟེན་གཞི་བཅས་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ། ཞིང་ཆེན་བཞི་དང་གྲོང་ཁྱེར་བཅུ་གཉིས་ཀྱི་རིག་གནས་གནས་སྐོར་མནའ་འབྲེལ་དང་། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་མ་རྡུལ་མཁར་དུ་ཞིབ་སློབ་ཏུ་བསྐྱོད་པ་དང་། ཝང་ལའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན། འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་གྱི་མུ་འབྲེལ་བྱེད་སྒོ་སོགས་ཀྱི་སྤུས་རྟགས་ཇེ་གྲགས་དང་། ཞིང་ཆེན་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་གསུམ་པ་ལེགས་པར་བསྒྲུབ་རྒྱུ། “འགྲན་བསྡུར་དང་མཉམ་དུ་གནས་སྐོར་དུ་འགྲོ་བའི”སྤུས་རྟགས་བཏོད་དེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྱད་ལྡན་འགྲན་བསྡུར་ཆེ་གྲས་བཞི་མུ་མཐུད་གཉེར་བ་དང་། རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དང་། མདོ་ལ་རིང་མོའི་རྒྱལ་སྤྱིའི་རྐང་བགྲོད་ཆེན་མོ། མཚོ་བྱང་གི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སོགས་འགྲན་བསྡུར་རྩེ་གྲ་ཡག་པོར་གཉེར་བ། “འགྲན་བསྡུར+མཛེས་ལྗོངས་ཁུལ་གྱི་སྦྲེལ་འཛིན”དང“འགྲན་བསྡུར+ཁྱིམ་ཚང་མགྲོན་ཁང་གི་སྡེབས་ཟས”བཅས་བྱེད་ཐབས་བཏོན་ནས་འགྲན་བསྡུར་གྱི་སྐད་གྲགས་དེ་ཐོན་ལས་ཀྱི་འཕར་ཚད་དུ་བསྒྱུར་རྒྱུ། མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར1.06བཏང་བའི་ཕྱི་རོལ་གྱི་ལུས་རྩལ་བྱ་ཡུལ6གི་རྣམ་གྲངས་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱ་རྒྱུ་དང་། ཕྱི་རོལ་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་ཆེན་གྲ་སྒྲིག་བྱ་རྒྱུ། མ་རྡུལ་མཁར་དྲན་གསོ་ཁང་གིས་ཞིང་ཆེན་ཕྱི་ནང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། དྲན་གསོ་ཁང་དང་སྤེལ་རེས་མཉམ་འགུལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། “མདེལ་གཉིས་སྐར་གཅིག” སྙིང་སྟོབས་ཀྱི་གསར་བརྗེའི་ཞིབ་སློབ་ཀྱི་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་གཏང་རྒྱུ། གནས་སྐོར་མི་ཐེངས་དང་སྤྱིའི་འགྲོ་གྲོན་ཆ་སྙོམས་ཀྱིས20%ཡན་འཕར་བར་བརྩོན་ལེན་བྱ་རྒྱུ།

དེང་རབས་ཞབས་ཞུའི་ལས་རིགས་སྣ་མང་དར་རྒྱས་གཏང་རྒྱུ། ནང་མཁོས་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི“གསར་པ་གཉིས”ཀྱི་སྲིད་ཇུས་ལེགས་བཅོས་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཞབས་ཞུ་ལས་རིགས་ཀྱི་ནུས་གཏོད་སྤུས་འདེགས་ལ་སྐུལ་འདེད་གཏོང་བ། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པ། བཅད་འབོར་ཡན་གྱི་ཁེ་ལས35དང་ཉོ་འཚོང་འཁོར་རྒྱུག་ཁེ་ལས་སྒྲིག་འཛུགས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། “མཚོ་སྔོན་གསོལ་སྟོན”སོགས་ཁྱད་ལྡན་བཟའ་བཏུང་དང་ཁྱིམ་ལས། རྒན་གསོ། བུ་བཅོལ་སོགས“རྒན་པ་གཅིག་དང་གཞོན་པ་གཅིག” གི་ཞབས་ཞུའི་འཛད་སྤྱོད་སྤུས་འདེགས་རྒྱ་སྐྱེད་པ། མངགས་ཟས་དང་མྱུར་སྐྱེལ། ཚབ་གཏོང་། དྲ་འབོད་གླ་འཁོར། དྲ་རྒྱའི་གཙོ་སྒྲོན་སོགས་ལས་རྣམ་གསར་པའི་འཕེལ་རྒྱས་གསོན་ཤུགས་མཐོར་འདེགས་བཏང་སྟེ། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས4%ཡས་མས་འཕར་བར་འབད་པ་བྱ་རྒྱུ། ཉོ་འཚོང་མ་འཇོག་གཞི་གཅིག་ཅན་དང་། ཕྱི་ནང་ཉོ་འཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར8%ཡན་འཕར་བ་བྱ་རྒྱུ། སྐྱེ་ཁམས་ཞིང་ལས་དང་གྲོང་གསེབ་གནས་སྐོར་ཟུང་འབྲེལ། མི་རིགས་རིག་གནས་དང་ཞིབ་སློབ་གནས་སྐོར་མཉམ་འགུལ། ལུས་རྩལ་འགྲན་བསྡུར་དང་འཛད་སྤྱོད་རྣམ་པའི་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། “ལུས་རྩལ+ཁམས་གསོ”དང་། “ལུས་རྩལ+ཞིབ་སློབ”ཀྱི་བྱེད་སྟངས་གསར་པ་གཙོ་གནད་ཐོག་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་པོ-གསེར་དངུལ་ཐང་དམའ་དབྱིངས་འཕུར་སྐྱོད་དང་འཇུ་ལག་གངས་འཁྱགས་ལུས་རྩལ། མདའ་བཞིའི་ལྕགས་རྟར་ཞོན་ཏེ་མཚོ་སྐོར་བྱེད་པ། མདོ་ལའི་གཞུང་ལམ་སྒེར་འཁོར་གཏོང་བ། རྐང་ཚའི་ཕྱི་རོལ་རྐང་བགྲོད་སོགས་ལས་རྣམ་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ། “ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས། ཁམས་གསོ”ཡི་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ། ཐོན་ལས་གསུམ་པའི་འཕར་ཐང4%ཡས་མས་འཕར་བར་བརྩོན་ལེན་བྱ་རྒྱུ།

ད་ལོར། ང་ཚོས་སྤྱི་ཚོགས་ཁྲོམ་རའི་སྔོན་དཔག་མུ་མཐུད་བརྟན་པོ་ཡོང་བར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏང་རྒྱུ།

ཁུལ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏང་རྒྱུ། རྒྱུན་རྣམ་ཅན་གྱིས“ལས་ཕྱོད་མཐོ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པ” ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་མ་བཙུགས་གོང་གི་བློ་འདྲིའི་རྐྱེན་སྲོལ་བཙུགས་ཏེ། གཞི་གྲངས་མང་ཙམ་བསྐྱོད་པ་དང་། མང་ཚོགས་དང་ཁེ་ལས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱས་ཏེ། ཁེ་ལས་ལ་སྟབས་བདེ་བ་དང་དམངས་ལ་ཕན་པ་ཅན་གྱི་རྒྱུན་རྣམ་གསར་པ་གཏོད་རྒྱུ། ཁེ་ལས་ཀྱི་སྐས་རིམ་གསོ་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། ཁྲོམ་རའི་བྱེད་པོ950གསར་དུ་འཕར་བ་བརྩོན་ལེན་བྱེད་པ་དང་། འཚར་ལོངས་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ60སྐྱེད་སྲིང་བྱེད་པ། གཞི་ཁྱོན་ཡན་གྱི་ཁེ་ལས་དང་བཅད་འབོར་ཡན་གྱི་ཁེ་ལས་སོ་སོར2གསར་དུ་འཕར་སྣོན་བྱ་རྒྱུ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་ཞབས་ཞུ་སྒྲུབ་པ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་དང་ཡིག་ཆ་གཙང་བཤེར་བྱེད་ཚད100%ལ་སླེབས་པ་འགན་ལེན་བྱ་རྒྱུ། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་མ་རྩ་དོ་དམ་གཙོ་བོར་བྱས་ཏེ་རྒྱལ་དབང་རྒྱུ་ནོར་ལ་རྟོག་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུ། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་རྩིས་ཁྲའི་དངུལ་འགྱངས་ཆད་གང་མགྱོགས་གཙང་སེལ་བྱ་རྒྱུ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་རྟོག་དམ་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་རྒྱུན་ལྡན་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་གནོད་པའི་དགོས་མེད་ཀྱི་འགལ་རྐྱེན་གཏན་ནས་མི་བཟོ་བ་བཅས་བྱས་ཏེ། ཞུ་གཏུག་བྱས་ན་ངེས་པར་དུ་བརྡ་ལན་སྤྲོད་པ་དང་དོན་དག་མེད་ན་རྙོག་དྲ་མི་བཟོ་བ་བྱ་རྒྱུ།

སྤྱི་ཚོགས་ཀྱི་མ་དངུལ་འཇོག་པའི་ཡིད་ཆེས་ཆེ་རུ་གཏང་རྒྱུ། “རྣམ་གྲངས་གཙོ་བོ་ཡིན་པའི”ལྟ་བ་མུ་མཐུད་བརྟན་པོར་བསྐྱེད་དེ། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གྱི་གཞི་ཁྱོན་འོས་འཚམ་གྱིས་ཚོད་འཛིན་བྱས་ཏེ། མཚོ་སྔོན་པོ་མེ་འཁོར་འབབ་ཚུགས་དང་རྐང་ཚའི་གནམ་ཐང་། མཐོ་སྒང་ཕྱི་རོལ་ལུས་རྩལ་བྱ་ཡུལ་སོགས་སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར3228ཡིན་པའི་རྣམ་གྲངས་གལ་ཆེན་ཁག170གཙོ་གནད་ཐོག་འཆར་འགོད་བརྩོན་ལེན་བྱ་རྒྱུ། དམངས་ཁྲོད་ཀྱི་མ་འཇོག་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། “བཀག་སྡོམ་མིན་ན་ཞུགས་ཆོག་པ”གཞིར་བཟུང་སྟེ། དམངས་ཁྲོད་ཀྱི་མ་འཇོག་དེ་སྐྱེ་ཁམས་ཞིང་ཕྱུགས་དང་ནུས་ཁུངས་གཙང་མ། ལྗང་མདོག་རྩིས་ནུས། རིག་གནས་གནས་སྐོར་མཉམ་འདྲེས་སོགས་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་བཅོས་སྐྱོང་། དམངས་ཚིས་ལེགས་གཏོང་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར152.9ཡིན་པའི་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་ཆེན་པོ26གཙོ་གནད་དུ་ལག་བསྟར་ཡག་པོ་བྱ་རྒྱུ། “ABC”དོ་དམ་དང་མགོ་ཁྲིད་ཀྱིས་འབྲེལ་གཏུག་འགན་གཙང་ལེན་བྱེད་པ་སོགས་ཀྱི་རྣམ་གྲངས་ལས་ཀའི་རྐྱེན་སྲོལ་ཡག་པོ་སྤྱོད་པ་དང་། མ་དངུལ་སྒོར་དུང་ཕྱུར70.3བཏང་བའི་རེ་ཞུ་གསོག་འཇོག་རྣམ་གྲངས་ཁག279བརྩོན་ལེན་དོན་འཁྱོལ་བྱ་རྒྱུ། མཐོ་སྒང་ས་ཡོམ་རོགས་སྐྱོབ་སྦྱོང་བརྡར་རྟེན་གཞི་དང་རྒྱ་མདོ་ཆུ་མཛོད་ཀྱི་ཆུ་མཁོ་འདོན་སོགས་རྨང་གཞི་བརྟན་གཏོང་དང་དམངས་ཚིས་ལ་ཕན་པའི་གཙོ་གནད་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་མ་འཇོག་ཉུང་དུ་འགྲོ་བ་ལས་ཟློག་སྟེ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུ།

ནོར་ཁྲལ་དང་དངུལ་རྩའི་གབ་ཤུགས་སྔོག་འདོན་གཏིང་ཟབ་བྱ་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར་དང་། “གཞུང་གསུམ”གྲོན་དངུལ་མི་འཕར་བ་རྒྱུན་འཁྱོངས། གཞི་རིམ་གྱི“འགན་ལེན་གསུམ”གྱི་མ་མཐའི་ཚད་ཐིག་བརྟན་པོར་བསྲུང་རྒྱུ། བུན་སེལ་སྲིད་ཇུས་རབ་དང་རིམ་པ་མུ་མཐུད་ལག་བསྟར་བྱས་ནས་སྲིད་གཞུང་གི་བུ་ལོན་སྒོར་དུང་ཕྱུར3.81མེད་པར་བཟོས་ཏེ་མངོན་མེད་བུ་ལོན་གསར་དུ་འཕར་བར་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ། ཁྲལ་སྡུད་དོ་དམ་དང་ཁྲལ་ཆད་གཙང་འཇལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། “དངུལ་རྩ་ཆེན་པོ་ལྔ”འཕེལ་རྒྱས་ཤུགས་ཆེན་གཏོང་བ། དངུལ་རྩ་ལས་ཁུངས་ཀྱིས་ནང་མཁོ་རྒྱ་སྐྱེད་དང་ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པར་ཁྲིད་སྟོན་བྱས་ཏེ་དངུལ་རྩའི་ལས་རིགས་ཚད་ལྡན་གཉེར་སྐྱོང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ། སྲིད་གཞུང་གི་མ་དངུལ་སྡུད་རུབ་ཀྱི་འགན་ནུས་ལས་སྟེགས་ནས་ཕྱིར་འཐེན་བྱས་པའི་སྤྱི་གཉེར་གཉིས་ཁྲོམ་ར་ཅན་དུ་འགྱུར་བའི་རིགས་སྒྱུར་མགྱོགས་སུ་བཏང་ནས་ལས་སྟེགས་ཁེ་ལས་དང་ལས་སྟེགས་ནང་གི་གཉེར་སྐྱོང་པ་དང་ངལ་རྩོལ་པ་གཉིས་ཕན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ།
ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏང་རྒྱུ། ཚོང་འགུགས་མ་འདྲེན་གྱི“མགོ་ཁྲིད་གཙོ་བོའི”ལས་གཞི་མུ་མཐུད་ལག་བསྟར་བྱས་ཏེ། ཐོན་ལས་སྦྲེལ་ཐག་གཙོ་བོར་དམིགས་ནས་གནད་སྨིན་ཚོང་འགུགས་དང་ཚོང་ལས་ལ་བརྟེན་ནས་ཚོང་འགུགས་བྱ་རྒྱུ་དང་། ད་ཡོད་ཀྱི་འཆར་གཞིའི་མ་འཇོག་སྡོམ་འབོར་སྒོར་དུང་ཕྱུར200ཡིན་པའི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་མཛོད80འཐུས་སྒོ་ཚང་དུ་གཏོང་བ། “མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་ལས་སྟེགས་ལ་བརྟེན་ནས་རྣམ་གྲངས་ངོ་འཕྲད་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གན་རྒྱ་འཇོག་གྲངས་སྒོར་དུང་ཕྱུར100ལས་མི་དམའ་བ་དང་། རྫོང་རེར་ཐོན་ལས་རིགས་ཀྱི་ཁེ་ལས་དངོས་ཚན་གཅིག་ཡན་གསར་དུ་འཛུགས་ཐུབ་པ་བྱ་རྒྱུ། གཙོ་གནད་ཚོང་འགུགས་ཆེད་ཚན་དང་ཐོན་ལས་སྦྲེལ་ཐག་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱས་ཏེ་གཙོ་གནད་ཚོང་འགུགས་རྣམ་གྲངས་ལ“གཅིག་གཏད་གཅིག”གི་རྗེས་འདེད་ཞབས་ཞུ་ལག་བསྟར་བྱས་ནས་གན་རྒྱ་བཞག་པའི་རྣམ་གྲངས་ལག་བསྟར་བྱེད་ཚད100%ལ་སླེབས་པ་དང་། མུ་མཐུད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་གསར་པའི་ལག་འབྱོར་མ་དངུལ་སྒོར་དུང་ཕྱུར20ཡན་དོན་འཁྱོལ་ཐུབ་པ་བརྩོན་ལེན་བྱ་རྒྱུ།

ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་ཟབ་སྤེལ་བྱ་རྒྱུ། པེ་ཅིང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའུ་དང་ཧྲན་ཏུང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའུ་སོགས་འབྲེལ་གཏུག་མཐུན་སྦྱོར་ལས་སྟེགས་ཡག་པོ་སྤྱད་དེ། ཧྲན་ཏུང་ཞིང་ཆེན་དང་དེ་བཞིན་ཀྲུང་དབྱང་ཁེ་ལས་བཞིའི་ཁ་གཏད་རོགས་སྐྱོར་མཉམ་ལས་དང་ཕྱོགས་གཉིས་ཕན་ཚུན་འཚམས་འདྲི་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ཐོན་ལས་དང་འཇོན་མི། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་རོགས་སྐྲུན་རོགས་སྐྱོར་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་བ། “ཚོགས་སྒྲིག་རྣམ་པ”དང“ཚོགས་སྒྲིག་ཆུང་བའི་རྣམ་པའི”འཇོན་མིའི་རོགས་སྐྱོར་དང་། འཇོན་མི་དང་རིག་པ་ནང་འདྲེན་དང་ཕྱོགས་གཉིས་སྦྱོང་བརྡར་སྤེལ་རེས་སོགས་ལས་གཞི་ལག་བསྟར་བྱས་ཏེ། མ་འཇོག་སྡོམ་འབོར་སྒོར་དུང་ཕྱུར2.5ཡི་འཆར་གཞི་ཡོད་པའི་ཁྱབ་ཁོངས་ཆེན་པོ་ལྔ་ཡི་ཧྲན་ཏུང་རོགས་སྐྲུན་ལས་གཞི་གཙོ་གནད་ཐོག་ལག་བསྟར་བྱ་རྒྱུ།

ད་ལོར། ང་ཚོས་མཐུན་སྦྱོར་འཕེལ་རྒྱས་ལ་མུ་མཐུད་དུ་སྤྱི་འདོམས་ཟབ་སྤེལ་བྱས་ཏེ། མཁར་གྲོང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་སྐུལ་འདེད་མགྱོགས་སུ་གཏང་རྒྱུ།

མཁར་གྲོང་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་གྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་རྒྱུ། ཆུ་ཚད་མཐོ་བའི་འཆར་འགོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁུལ་དང་རྫོང་གི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་ལ་དཔྱད་དཔོག་དང་ལེགས་སྒྲིག་ཡག་པོ་བྱས་ནས། ཡུལ་ཚོ་དང་གྲོང་རྡལ27གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་སྡེ་བ164ཡི་འཆར་འགོད་ལ་ཞིབ་མཆན་བཀོད་དེ། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞི་བོར་སྦྲེལ་ཐུབ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་འབྲེལ་ཐག་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཆར་འགོད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཁར་གྲོང་དང་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་ཚོད་འཛིན་དོ་དམ་ནན་མོ་དང་དེ་ཚད་ལྡན་དུ་བཏང་སྟེ། “ལྟེ་བ་གཅིག་དང་ཁུལ་གསུམ”གྱི་བར་སྟོང་འཕེལ་རྒྱས་རྣམ་པ་བསྐྲུན་རྒྱུ། རྫོང་མཁར་གཞི་རྟེན་གལ་ཆེན་ཡིན་པའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས། གྲོང་ཁྱེར་གསར་བརྗེའི་དཔེ་སྟོན་བྱ་སྤྱོད་ལག་བསྟར་བྱས་ཏེ། རྫོང་མཁར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་དང་། རོང་འབྲོག་ཁུལ་གྱི་ཆུའི་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ། ཚད་ལྡན་འཐུང་ཆུའི་ཁྱབ་ཚད88%ཡན་ལ་སླེབས་པ་བརྩོན་ལེན་བྱ་རྒྱུ། གཞུང་ལམ་ཇེ་ལེགས་སུ་གཏོང་བའི་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས། སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་ལམ་དང་ཆུ་ཁོལ་ནས་སྤྱང་ཚང་བར་གྱི་མྱུར་ལམ་འགྲུབ་ནས་འཁོར་སྐྱོད་ཐུབ་པ་བརྩོན་ལེན་དང་། མཚོ་སྐོར་ཤར་ལམ་དང་མཚོ་སྐོར་ནུབ་ལམ། སན་ཀན་གཞུང་ལམ་བཅས་ཀྱི་སྐྱར་བསྐྲུན་ལས་གཞི་མགོ་རྩོམ་པ། མཁར་གྲོང་མཐའ་འཁོར་གྱི་གཞུང་ལམ་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་གྱི་རིམ་པ་གསུམ་པའི་གཞུང་ལམ་ཤར་གཏོང་ཐུབ་པའི་འཛུགས་སྐྲུན་ལས་གཞི་ལས་མགོ་རྩོམ་པ། ཁག་དང་པོའི་མ་དངུལ་སྒོར་དུང་ཕྱུར5.3གྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས། མཁར་གྲོང་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲོ་སྐྱོད་ཀྱི་སྟབས་བདེའི་ཆུ་ཚད་མཐོ་རུ་གཏང་རྒྱུ།

མཁར་གྲོང་དང་གྲོང་གསེབ་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ། རོང་ཁུལ་དང་འབྲོག་ཁུལ། ནགས་ཁུལ། སྡེ་ཁུལ། ལྗོངས་ཁུལ། གླིང་ཁུལ་བཅས་ཀྱི་ལྟོས་བཅས་ཀྱི་ལེགས་ཆར་བརྟེན་ནས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་པོའི་རང་གི་ཁྱད་ཆོས་ལྡན་པ་དང་ལེགས་ཆ་ལྡན་པའི་ལས་རྣམ་མང་པོའི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དེ། རྫོང་ཁོངས་དཔལ་འབྱོར་གྱི་གཞི་ཁྱོན་ཇེ་ཆེར་འཕར་བ་ནས་སྤུས་ཚད་མཐོ་རུ་འགྲོ་བའི་ཕྱོགས་སུ་བསྒྱུར་བའི་གོམ་སྟབས་མགྱོགས་སུ་གཏང་རྒྱུ། གྲོང་གསེབ་དར་སྤེལ་གཏོང་བའི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱི་སྦྲེལ་མཐུད་མ་དངུལ་གྱི65%ཡན་གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས་ཕྱོགས་ལ་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲེལ་མཐུད་མ་དངུལ་དང་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར10དོན་འཁྱོལ་ཡོང་བ་བརྩོན་ལེན་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས150ལྷག་ལག་བསྟར་ཡག་པོ་བྱ་རྒྱུ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི“སྟོབས་ལྡན་སྡེ་བའི”ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ནས། འཇུ་ལག་རྫོང་དགོན་ལུང་སྡེ་བ་དང་མདོ་ལ་རྫོང་ཁྲ་གཟེབ་སྡེ་བ། རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བ། མདའ་བཞི་རྫོང་སྟོང་རྟ་སྡེ་བ་སོགས་གྲོང་གསེབ་དར་སྤེལ་གྱི་དཔེ་མཚོན་སྡེ་བའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྤུས་ལེགས་ཀྱི་ཞིང་སྡེའི་ཕྱོགས་བསྡུས་སྒྲིག་གཞི་དང་ཞིང་ཕྱུགས་སྤྲོ་སྐྱིད་ཁང་། ཁྱིམ་ཚང་མགྲོན་ཁང་སོགས་གྲོང་གསེབ་ཐོན་ལས་དངོས་ཚན་ཁག་གཅིག་གསོ་སྐྱོང་བྱེད་པ་དང་། ཞིང་ཕྱུགས་ཉམས་ལེན་འཚོལ་ཞིབ་དང་། ནགས་ཚལ་ཆུ་ཚན་ཁམས་གསོ། ཕྱི་རོལ་ལུས་སྦྱོང་ངལ་གསོ། སྣ་མང་རིག་གནས་ཞིབ་སློབ་སོགས་མཉམ་འདྲེས་ཅན་གྱི་ཐོན་ལས་འཕེལ་རྒྱས་བཏང་ནས། སྡེ་བ214ཡི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏང་རྒྱུ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ནང་བཞག་སྟེ་སྤྱི་འདོམས་ལག་བསྟར་བྱས་ནས་སྡེ་བའི་མཉམ་སྡེབ་དང་རོང་འབྲོག་མང་ཚོགས་ཀྱི་རྒྱུན་མཐུད་ཀྱི་ཐོན་ལས་ཡོང་འབབ་འཕར་བར་སྐུལ་འདེད་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་འགྱུར་མི་བྱུང་བའི་མཐའ་ཚད་བརྟན་སྲུང་བྱ་རྒྱུ།

མཁར་གྲོང་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏང་རྒྱུ། རེས་སྐོར་གསར་པའི་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་གྱི་ལོ་ལྔའི་བྱ་སྤྱོད་ཡག་པོ་སྤེལ་ནས། མཁར་གྲོང་གི་གཞིས་ཁུལ་རྙིང་པའི་སྡོད་ཁང1155ཡི་སྒྱུར་བཀོད་ལག་བསྟར་བྱེད་པར་བརྩོན་ལེན་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་གྱི་མང་ཚོགས་དུད་ཚང433དང་མཚོ་སྔོན་པོའི་མཚོ་ཆུ་རྒྱས་ནས་བསྣུབས་པའི་ས་ཁུལ་གྱི་མང་ཚོགས་དུད་ཚང386གི་སྐྱེ་ཁམས་ཡུལ་མི་གནས་སྤོ་བྱ་རྒྱུར་བརྟན་འཇགས་ངང་སྐུལ་འདེད་གཏོང་བ། རྐང་ཚའི་གནས་སྐོར་གསང་སྤྱོད་འཛུགས་སྐྲུན་དང་དོ་དམ་བྱེད་སྟངས་ཀྱི་ཉམས་མྱོང་ཁྱབ་གདལ་དང་བེད་སྤྱོད་བཏང་ནས་མངའ་ཁོངས་ཡོངས་ཀྱི་གསང་སྤྱོད་བཅོས་སྒྱུར་གྱི་ཕན་འབྲས་ཇེ་ཆེར་གཏང་རྒྱུ། ཁུལ་སྲིད་གཞུང་དང་རྫོང་མཁར་གནས་སའི་མཁར་གྲོང5ཡི་ཆར་ཆུ་དང་བཙོག་ཆུ་ཕྲལ་འདྲེན་ཚོད་ལྟའི་བསྐྱར་སྐྲུན་ལ་སྐུལ་འདེད་དང་། མ་དངུལ་ཁྱོན་སྒོར་དུང་ཕྱུར1.64གཏོང་བའི་ཆར་ཆུ་དང་བཙོག་ཆུ་ཕྲལ་འདྲེན་དང་ཆུ་འབུད་མ་ལག་གི་སྒྱུར་བཀོད་རྣམ་གྲངས7འཆར་འགོད་ལག་བསྟར་བྱེད་པ། རྫོང་མཁར་གྱི་ཆུ་འབུད་སྦུ་གུ་ཉེ་འཁོར་གྱི་སྡེ་བར་སྲིང་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད། གནོད་འཚེ་སྔོན་འགོག་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱ་རྒྱུ། བཀང་ཡོད་པའི་གད་སྙིགས་ཕོད་ས4ཡི་བཀག་སྡོམ་མགྱོགས་སུ་བཏང་ནས། མཚོ་སྔོན་པོའི་མཐའ་འཁོར་སོགས་ས་ཁུལ་གྱི་གད་སྙིགས་གཙང་སེལ་ལྟེ་གནས་ཆེ་གྲས་བསྐྲུན་རྒྱུ་བརྩོན་ལེན་དང་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་སྡུད་འདྲེན་གཙང་སེལ་མ་ལག་གི་ཁྱབ་རྒྱ་ཆེ་རུ་གཏང་རྒྱུ། མདའ་བཞི་རྫོང་གི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་གཏོད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། འཇུ་ལག་རྫོང་པ་ཧ་སྡེ་བ་དང་རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བ་སོགས་སྡེ་བ16རྒྱལ་ཁབ་སྲོལ་རྒྱུན་སྡེ་བའི་མིང་གཞུང་ནང་འཇུག་པའི་རེ་ཞུར་སྐུལ་འདེད་དང་། འཆམ་མཛེས་གྲོང་གསེབ7འཛུགས་སྐྲུན་བྱ་རྒྱུ་བརྩོན་ལེན་བྱས་ཏེ་འཆམ་མཛེས་གྲོང་གསེབ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏང་རྒྱུ།

ད་ལོར། ང་ཚོས་དམངས་ཚིས་དངོས་དོན་ཁག་ཅིག་ཏན་ཏིག་གིས་བསྒྲུབས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ནུས་ཤུགས་གཅིག་སྒྲིལ་གྱིས་ཐག་གཅོད་བྱ་རྒྱུ།

མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏང་རྒྱུ། ལས་གནས་བརྟན་པོར་གཏོང་བ་དང་ཁྱབ་ཁོངས་རྒྱ་སྐྱེད་པ། སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་དང་། མཁར་གྲོང་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་འཕར་བའི་འཆར་གཞི་ལག་བསྟར་བྱས་ཏེ། “འཇུ་ལག་འོ་ཁ”དང་། “སེ་ལྡན་གྲོ་མ”། “མཐོ་སྒང་གི་གངས་རིའི་སྣེ་ཤན་པ”། “མདའ་བཞིའི་སྤྱི་ཚོགས་ལས་དོན་པ”། “མདོ་ལའི་ཤ་མོ་འཐུ་འཚོང་མཁན”། “རྐང་ཚའི་སྐྱེ་ཁམས་གནས་སྐོར་སྣེ་ཤན་པ”སོགས་ཞིང་ཆེན་དང་ཁུལ་རིམ་པའི་ངལ་ནུས་སྤུས་རྟགས་རྒྱ་ཇེ་ཆེར་དང་སྟོབས་ཇེ་ཆེར་གཏང་རྒྱུ། རྒྱུན་རྣམ་ཅན་གྱི“12+N”གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། སློབ་ཆེན་མཐར་ཕྱིན་སློབ་མ་དང་རུ་འཁྱུར་དམག་མི། གླ་རྒྱག་ཞིང་པ་སོགས་གཙོ་གནད་རིགས་ཚོགས་ཀྱི་ལས་ཞུགས་བརྟན་པོར་གཏོང་བ་དང་། མཁར་གྲོང་གི་མི2000ཡན་གསར་དུ་ལས་ཞུགས་བྱ་རྒྱུ། རོང་འབྲོག་ཁུལ་གྱི་ངལ་ནུས་མི་ཐེངས་ཁྲི4.5ཡན་སྤོ་སྒྱུར་ལས་ཞུགས་བྱ་རྒྱུ། ཁྱིམ་ཚང་ལ་ལས་ཞུགས་གཅིག་ཀྱང་མེད་པའི་གནས་ཚུལ་འགུལ་རྣམ་གཙང་སེལ་ཁག་ཐེག་བྱ་རྒྱུ། སིལ་ལས་ས་ཚིགས4ཡི་གཉེར་སྐྱོང་ཕན་ནུས་ཆེ་རུ་གཏོང་བ་དང་། “ལས་གནས་དགོས་མཁོ+རྩལ་ནུས་གསོ་སྦྱོང+རྩལ་ནུས་གདེང་འཇོག+ལས་ཞུགས་ཞབས་ཞུའི”གཞི་གཅིག་ཅན་གྱི་བྱེད་སྟངས་ཁྱབ་གདལ་བཏང་ནས། མི་ཐེངས2000ལ་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་བྱ་རྒྱུ། གླ་རྒྱག་ཞིང་པའི་གླ་ཕོགས་འགྱངས་ཆད་བྱས་པའི་ཐེར་འདོན་ཞུ་གཏུག་གི་གྱོད་གཞི་ཐག་གཅོད་བྱེད་ཚད98%ཡན་ལ་སླེབས་པ་བརྩོན་ལེན་བྱ་རྒྱུ།

སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ལེགས་སྒྱུར་བྱ་རྒྱུ། ཁུལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐེངས་བདུན་པ་འཚོག་རྒྱུ་དང་། སློབ་ཞུགས་གོང་གི་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་། འོས་འགན་སློབ་གསོའི་ནུས་པ་མཐོར་འདེགས། མཐོ་འབྲིང་དཀྱུས་མའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བཅས་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་གུང་ཟས་ཡོངས་སུ་ཁྱབ་པ་མངོན་འགྱུར་དང་། སློབ་ཞུགས་གོང་གི་ཆེད་བསྐོས་དགེ་རྒན་ལ་ལག་རྟགས་ཡོད་པའི་ཚད98%ཡན་ལ་སླེབས་རྒྱུ། “རྫོང་རེར་སྤུས་རྟགས་རེ”ཡི་བསམ་བློ་ཆབ་སྲིད་ཀྱི་སྤུས་རྟགས་གསར་གཏོད་ཟབ་སྤེལ་བྱས་ཏེ། “མ་རྡུལ་མཁར་དུ་སྐྱོད་པ”ཞེས་པའི་ཞིབ་སློབ་ལག་ལེན་གྱི་སྤུས་རྟགས་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ཞིབ་སློབ་བྱེད་ཚད་མི་ཐེངས་ཁྲི10ལས་བརྒལ་རྒྱུ། དམ་ཚགས་ཅན་གྱི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་དངོས་སུ་བཙུགས་ནས། གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་གཞི་གཅིག་ཅན་གྱི་དོ་དམ་ཁྱབ་ཚད75%ལ་སླེབས་རྒྱུ་དང་། མི་ཚོགས་ཡོངས་དང་གཙོ་གནད་མི་ཚོགས་ཀྱི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད་སོ་སོར80%དང90%ཡན་རྒྱུན་འཁྱོངས་ཐུབ་རྒྱུ། གཞི་རྩའི་སྨན་སྐྱོབ་ནང་ཞུགས་པའི་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། སྐར་མ15ཡི་སྨན་སྐྱོབ་ཞབས་ཞུའི་སྐོར་ཚོགས་འཛུགས་རྒྱུ། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ནས། དཔེ་མཛོད་ཁང5དང་རིག་གནས་ཁང5དང་། ཡུལ་གྲོང་གི་རིག་གནས་ས་ཚིགས30བཅས་རིན་མེད་ངང་སྒོ་འབྱེད་བྱེད་རྒྱུ་མུ་མཐུད་དུ་ཡག་པོ་བསྒྲུབ་རྒྱུ། “དྲ་ཐོག་རིག་གནས་སློབ་ཁང”དང“སྤྲིན་སྣེའི་གཟུགས་མེད་ཤུལ་བཞག་བཤམ་འཁྲབ”གསར་འདོན་བྱ་རྒྱུ། མཚོ་སྔོན་རྐང་གྲུག་རིམ་འདས་མཉམ་འགྲན་དང་། མཚོ་སྔོནBAལག་གྲུག་འགྲན་བསྡུར། རིག་གནས་ཁྱིམ་ཚང་ཁྲི་ལ་སྐྱོད་པ་སོགས་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། “ཟློས་གར་གྲོང་གསེབ་ཏུ་སྐྱོད་པ”དང“རིག་རྩལ་སྐྱ་དམག་བཤམ་འཁྲབ”སོགས་རིག་གནས་དམངས་ཕན་བྱེད་སྒོ་ཐེངས200ལྷག་སྤེལ་རྒྱུ།

སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་རྒྱུ། རྣམ་པ་གསར་པའི་ལས་ཞུགས་ངལ་རྩོལ་པའི་ལས་རིགས་གནོད་འཚེའི་འགན་སྲུང་ལམ་ལུགས་དང་། ངལ་རྩོལ་འགན་སྲུང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ལས་རྨས་གུན་སྐྱོབ་དང་ལས་ཤོར་གུན་སྐྱོབ་གྱི་ཁྱབ་རྒྱ་ཆེ་རུ་གཏང་རྒྱུ། རྒན་པ་མང་འགྱུར་ལ་རང་འགུལ་གྱིས་ཁ་གཏད་འཇལ་བ་དང་། རིམ་པ་བཞིན་ལས་འཁྱུར་ངལ་གསོ་ཕྱིར་འགྱངས་སྲིད་ཇུས་ལག་བསྟར་བྱ་རྒྱུ། རིམ་པ་གསུམ་པོའི་རྒན་གསོའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུ་སྐར་མ15ཡི་འཚོ་བའི་ཚོགས་ཁུལ་དང་ས་ཁོངས་ཧྲིལ་པོའི་རྒན་པའི་ཟས་རོགས་ཞབས་ཞུའི་དྲ་བ་འཛུགས་རྒྱུ། བདེ་སྐྱིད་ཟ་ཁང་གི་ཁུལ་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི150གྲ་སྒྲིག་བྱས་ནས། བདེ་སྐྱིད་ཟ་ཁང་གི་རྫོང་རིམ་པའི་གཉེར་སྐྱོང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་། རྫོང་དང་ཡུལ་ཚོ། གྲོང་གསེབ་ཀྱི་བདེ་སྐྱིད་ཟ་ཁང151ཚད་ལྡན་ངང་གཉེར་སྐྱོང་བྱ་རྒྱུ། གཉེན་སྒྲིག་དང་བུ་བཙའི་ལྟ་བར་ཁྲིད་སྟོན་བྱས་ནས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ། ནར་མ་སོན་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་ལྟེ་གནས་ཀྱི་བྱེད་ནུས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། བྱིས་པའི་ཀྲུའུ་རེན་དཔུང་ཁག་ཆ་ཚང་སྡེབ་སྒྲིག་དང་སྟོབས་ཆེར་བཏང་སྟེ། བྱིས་པ་རིགས་བཅུ་མཐིལ་རྟོགས་གྲལ་བཤེར་གྱི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་། དཀའ་ངལ་ཡོད་པའི་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”དོན་འཁྱོལ་བྱས་ནས། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་བྱེད་ཚད་དང་དབང་པོ་སྐྱོན་ཅན་བྱིས་པའི་དྲག་སྐྱེད་ཞབས་ཞུ་བྱེད་ཚད95%ཡན་བརྟན་སྲུང་བྱ་རྒྱུ། “གཞི་གྲངས་ཆེན་མོ+གཞི་རིམ་དུ་སྐྱོད་པ”ཡི་འགུལ་རྣམ་རྟོག་འཇལ་དང་རང་འགུལ་ཤེས་རྟོགས་ནུས་པ་མཐོར་འདེགས་དང་བེད་སྤྱོད་བྱ་རྒྱུ། སྒྲིག་སྦྱོར་རོགས་སྐྱོབ་ཁ་གསབ་མ་དངུལ་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱས་ཏེ། དཀའ་ངལ་ལ་འཕྲད་པའི་མང་ཚོགས་སྐྱོབ་དགོས་པ་ཚང་མ་སྐྱོབ་པ་འགན་ལེན་བྱ་རྒྱུ།

ད་ལོར། ང་ཚོས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། དམངས་ཡོངས་ཀྱི་ལས་བརྩོན་བདེ་སྡོད་ལ་སྲུང་སྐྱོང་བྱ་རྒྱུ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་ཏུ་སྤེལ་རྒྱུ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་གཏོད་གྲུབ་འབྲས་སྲ་བརྟན་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་འབུར་དུ་བཏོད་ནས། ཕུལ་བྱུང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཕྱིར་ངོམ་པ་དང་། གསར་བརྗེའི་ཆེད་གཏོང་མེ་འཁོར་དང་གཟུགས་མེད་ཤུལ་བཞག་བཤམ་འཁྲབ་སོགས་གཞི་རྟེན་དུ་བྱས་ནས། གསེར་དངུལ་ཐང-མ་རྡུལ་མཁར་གྱི་གནས་སྐོར་ལ་བརྟེན་ནས་མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་གྱི་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དཔེ་མཚོན་བྱས་རྗེས་སྒྲོག་བཤད་དང་། གཞུང་ལུགས་ཞིབ་འཇུག་སྤེལ་རེས། ཡིག་རིས་བརྙན་ལེན། བསྟོད་གླུའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཡག་པོར་སྤེལ་ནས། “མི་རིགས་མཐུན་སྒྲིལ+”མཉམ་འདྲེས་འཕེལ་རྒྱས་སྐུལ་སྤེལ་ཤུགས་ཆེན་བྱ་རྒྱུ། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། 《མཚོ་བྱང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》བཟོ་བཅོས་བྱས་ནས། ཁྲིམས་སྐྱོང་དགོན་པའི་དཔེ་སྟོན་གསར་འཛུགས་ཀྱི་བྱེད་སྒོར་སྐུལ་འདེད་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་བྱང་ལག་ལེན་གཏིང་ཟབ་ཏུ་སྤེལ་རྒྱུ།

གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱ་རྒྱུ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “ཕྲན་ཚེགས་དྲུག་གི་ཐག་གཅོད་བྱེད་ཐབས”དང“གོམ་ལྔའི་བརྟག་བཅོས་བྱེད་ཐབས”“ལས་གནས་སྟོང་དང་སོ་སྲུང་ཁྲི”སོགས་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ། འགལ་བ་དང་རྩོད་གཞིའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱ་རྒྱུ། “དགུ་ལྔ”ཁྲིམས་སྤེལ་ཁྱབ་གདལ་ལག་བསྟར་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚད་ལྡན་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་རྒྱུ། མང་ཚོགས་ཚོགས་པ་དང་སྤྱི་ཚོགས་རྩ་འཛུགས། དང་བླངས་དཔུང་སྡེ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུ། སྤྱི་ཚོགས་བདེ་སྲུང་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་གྱི་བྱ་སྤྱོད་སྤེལ་བ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་ནས། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་འགན་སྲུང་བྱ་རྒྱུ།
བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོར་བསྲུང་རྒྱུ། “དོན་དག་གཅིག”གི་འབྲེལ་ཐག་ཧྲིལ་པོའི་བདེ་འཇགས་རྟོག་དམ་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་སུ“ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྐྱོང”གི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པར་དམ་པོར་དམིགས་ཏེ། ཟས་རིགས་དང་སྨན་རྫས། ཐོན་རྫས་བཅས་ཀྱི་སྤུས་ཚད་དང་། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོར་བསྲུང་རྒྱུ། སྤྱིར་བཏང་གི་དོན་རྐྱེན་ཇེ་ཉུང་དང་། ལས་འཛོལ་ཆེ་བ་སྔོན་འགོག ལས་འཛོལ་ཚབས་ཆེན་གཏན་འགོག་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་རྒྱུ། རྟོག་འཇལ་སྔོན་ཟོན་དང་འཕྲལ་བསྟུན་བརྡ་ལན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རེས་སྐོར་གསར་པའི་སྔོན་ཇུས་ལམ་ལུགས་བཟོ་བཅོས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞིའི་འཕྲལ་བསྟུན་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན། སྣ་མང་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཀྱི་མ་ལག་སྟོབས་ཆེར་གཏོང་བ། ལས་རེས་དང་འཕྲལ་བསྟུན་འགན་ལེན་ལ་ཤུགས་སྣོན་པ། གནོད་འགོག་གེགས་སེལ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ།

འཐུས་མི་རྣམ་པ། ད་ལོའི་འཕེལ་རྒྱས་ཀྱི་ལས་འགན་འགག་སྒྲོལ་དང་། “ལྔ་བཅོ་ལྔ”མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱ་རྒྱུ་ནི། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་གཡོལ་ཐབས་མེད་པའི་ལས་འགན་དང་འགན་འཁྲི་ཡིན་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ། སྲིད་དོན་བྱས་རྗེས་ལྟ་བ་ཡང་དག་འཛུགས་པ་དང་། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་རྒྱུན་འཁྱོངས། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་ཡག་པོ་ཞིག་བྱ་རྒྱུ། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་ཏུ་སྒྲིལ་དང་། ཞིང་ཆེན་དང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་མཐའ་གཅིག་ཏུ་བརྩི་སྲུང་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། རང་འགན་གཙང་སྒྲུབ་དང་འགན་འཁུར་དངོས་སྒྲུབ་ཀྱི་ནུས་པ་སྦྱོང་བརྡར། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་གཅིག་མཐུན་ཡོང་བ་བྱ་དགོས། ང་ཚོས་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་ཁྲིམས་སྐྱོང་མཚོ་བྱང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་གྱི་ལམ་ལུགས་ཁག་གསུམ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ། ཁྲིམས་བསྟར་ཞབས་ཞུའི་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དམངས་ཀྱི་ཆེད་དུ་ཁྲིམས་བསྟར་བྱེད་པ་འབུར་དུ་བཏོད་ནས། ཁྲིམས་བསྟར་དེ་དོ་དམ་ཅན་ནས་ཞབས་ཞུ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ང་ཚོས་རང་འགུལ་གྱིས་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་དང་ལེན་དང་། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བྱེད་པ། སྲིད་གཞུང་དང་ཁྲིམས་ཁང་། སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ། སྲིད་དོན་ཡོངས་བསྒྲགས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དབང་ཆ་ཀུན་གྱི་མཐོང་ལམ་དུ་འཁོར་སྐྱོད་བྱེད་དུ་འཇུག་རྒྱུ། ང་ཚོས་རྒྱུན་མཐུད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་གཅིག་སྡུད་སྒོས་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་མཐུན་རྐྱེན་སྦྱོར་བ་སྤྱི་འདོམས་བྱེད་པ། སྲིད་དོན་ལྟ་སྐུལ་ཞིབ་བཤེར་དང་གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། “གཞི་རིམ་གཤམ་སྐྱོད་བཞིའི”ལམ་ལུགས་དང་། “1+10”གཞི་རིམ་དང་འབྲེལ་བ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་ལེགས་པོར་སྤྱོད་དགོས། རིགས་ཆེན་པོ་བཅུའི་དམངས་ཚིས་དངོས་དོན་ལས་གཞི་དོན་ཚན26ཡག་པོར་བསྒྲུབས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་དོན་བྱས་རྗེས་འཇོག་པ་དང་། དངོས་དོན་བསྒྲུབས་ནས་མི་དམངས་ལ་ཕན་གདགས་དགོས།

འཐུས་མི་རྣམ་པ། ལས་འགན་བརྗིད་ཉམས་ལྡན། འབད་འབུངས་དུས་ལ་རན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་དང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག “དྲིན་གཟོ་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙིགས”བཅས་ལག་བསྟར་དང་། སྤྱོད་ཚུལ་ཡང་དག་དང་འབད་འཐབ་ངར་ཤུགས། གསར་གཏོད་འདུ་ཤེས་བཅས་ལ་སྔར་ལས་ལྷག་པའི་སྐུལ་སྤེལ་བྱེད་པ། སྔ་གཞུག་འབྲེལ་མཐུད་དང་གསར་གཏོད་ཡར་བརྩོན། སྔ་འཛིན་ཕྱི་གཏོད། དངོས་སྒྲུབ་སྔོན་བརྩོན་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ་དང་། “ལྔ་བཅོ་ལྔ”མགོ་ཡག་པོ་རྩོམ་རྒྱུར་འབད་བརྩོན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་རྩོམ་པར་མཚོ་བྱང་གི་སྟོབས་ཤུགས་འབུལ་དགོས།


མཉམ་སྤྱོད།