དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་མདའ་བཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདའ་བཞིའི་སྟོབས་ཤུགས་སྔར་བས་མང་བ་ལེགས་སྐྱེས་སུ་དབུལ་དགོས་པ་ནན་གྱིས་བསྟན།

2026-02-06 10:03:17   |   39

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་མདའ་བཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། “ལྔ་བཅོ་ལྔའི”མགོ་ཚུགས་དམིགས་འབེན་གཏན་འཁེལ་བྱས་ཏེ། དོན་འཁྱོལ་ནན་ཏན་གྱིས་གྲུབ་འབྲས་ཕུལ་བྱུང་བླངས་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་སྔར་ལས་ཆེ་བ་མངོན་པ་དང་ལེགས་སྐྱེས་སྔར་ལས་མང་བ་དབུལ་དགོས་ཟེར།

图片7.png

གྲོས་ཞིབ་སྐབས་འཐུས་མི་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་གཞི་བཟུང་ནས་མདའ་བཞིའི་འཕེལ་རྒྱས་ཀྱི་དོན་དངོས་དང་མང་ཚོགས་ཀྱི་རེ་སྒུག་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་སྤེལ། ཀྲང་ཧྲིང་ཡོན་གྱིས་ནན་ཏན་གྱིས་ཉན་ཏེ་ཕན་ཚུན་ཁ་བརྡ་བརྗེ་རེས་བྱས་ནས་འཐུས་མི་ཚོས་འགན་འཁྲི་ཁུར་བ་དང་བསམ་འཆར་ཇུས་འདོན་བྱས་པར་ཁས་ལེན་གནང་བར་མ་ཟད། གྲོས་ཞིབ་བྱས་པའི་སྙན་ཞུ་དང་འཆར་ཟིན་ལ་ཡོངས་སུ་མོས་མཐུན་གནང་།

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་ཁུལ་ཡོངས་དང་མདའ་བཞི་རྫོང་གི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མདའ་བཞི་རྫོང་ནི་ཁུལ་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཡིན་པའི་ངོས་ནས་ཁུལ་ཡོངས་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན། འགྲིམ་འགྲུལ་ལྟེ་བ་བཅས་ཡིན་ལ་དཔལ་འབྱོར་དམིགས་ཚད་མང་པོ་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཚབ་བྱེད་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། 2026ལོ་ནི“ལྔ་བཅོ་ལྔའི”མགོ་རྩོམ་གྱི་ལོ་ཡིན་པས་མདའ་བཞིའི་རྨང་གཞི་བརྟན་པ་དང་ལེགས་ཆ་འདང་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཀྱིས་མདུན་སྐྱོད་བརྩོན་ལེན་དང་རྒྱུན་མཐུད་ཤུགས་བཏོན་བྱས་ཏེ་བྱ་བ་སོ་སོར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་གི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད་རེ་བ་བཞི་བཏོན་པ་སྟེ། གཅིག་ནས་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། "རྒྱལ་དོན་གྱི་ཆེ་ཕྱོགས"བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི"རི་ཆུའི"ལས་གཞི་དང"བྱང་གསུམ"བཟོ་སྐྲུན་གྱི་དུས་ཐེངས་དྲུག་པའི་ལས་གཞི་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ"ཁོངས་མི་ལྔ་གཞི་གཅིག་ཏུ་སྒྲིལ་བའི"བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ཐུ་བྱེ་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་མཚོ་སྔོན་པོའི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། གཉིས་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་དེང་རབས་ཀྱི་མ་ལག་འཛུགས་དགོས། ཐོན་ཁུངས་ཀྱི་ལྷན་ནུས་ལ་གཞི་ཚུགས་ནས་ལྗང་མདོག་ཞིང་ཕྱུགས་ཐོན་ལས་སྟོབས་ཆེར་གཏོང་བ་དང་གསར་དར་ཐོན་ལས་ཆེ་རུ་གཏོང་བ། གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ལས་ཇེ་ལེགས་བཏང་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ལྗང་མདོག་གློག་ཐད་སྦྲེལ་མཐུད་པ། ལྗང་མདོག་རིག་ནུས་རྩིས་རྒྱག་སོགས་ཀྱི་ལས་གཞི་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། "དག་སྣང་མཚོ་བྱང་། གསར་བརྗེའི་མདའ་བཞི"ཡི་ཆས་རྟགས་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གསུམ་ནས་དམངས་འཚོའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་མཐོ་རུ་གཏོང་དགོས། ནོར་སྲིད་མ་དངུལ་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་པ་དང་ལས་ཞུགས་དང་ལས་གཏོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ། "རྒན་གཅིག་བྱིས་གཅིག"གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ནུས་ལྡན་ངང་ཆེ་རུ་གཏོང་དགོས། བཞི་ནས་བཅོས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་ནས་མཐའ་ཚད་བརྟན་པོ་སྲུང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་བཅོས་སྐྱོང་གི་ཕན་ནུས་ནུས་ལྡན་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཟེར།


མཉམ་སྤྱོད།