དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བརྒྱད་པ་རྒྱལ་ཁའི་ངང་གྲོལ།

2026-02-06 09:22:02   |   63

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ནུབ་མཚོ་གྲོང་རྡལ་དུ་རྒྱལ་ཁའི་ངང་གྲོལ། ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་པའི་སྡེ་ཁག་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག བློ་ཁ་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་བྱས་ནས“ལྔ་བཅོ་ལྔའི”མགོ་ཡག་པོར་རྩོམ་པར་སྲིད་གྲོས་ཀྱིས་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པའི་འབོད་སྐུལ་གནང་།

图片1.png

ཚོགས་འདུ་ནི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་གྱིས་གཙོ་སྐྱོང་གནང་ལ། ཀྲུའུ་ཞི་གཞོན་པ་ལུང་དབྱང་ཧྲེང་དང་། ཝུའུ་ཧྲུའུ་རུང་། དབྱང་ཏེ། ཞོ་རོས་ཞིན། ཅིན་ཀྲན་ཞུས། དྲུང་ཡིག་ཆེན་མོ་ལིས་ཧུང་པོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

 图片2.png

图片3.png

ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རིན་ཆན་གོ་ཆིན་སོགས་ཁུལ་གྱི་མགོ་ཁྲིད་གདན་ཞུས་ལྟར་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ཡོད།

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན206ཡོད་པ་དང་དངོས་སུ་ཞུགས་མཁན160ཡོད་པས་གཏན་འབེབས་མི་གྲངས་དང་མཐུན།

ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་འབྲེལ་ཡོད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་ཆབ་སྲིད་གྲོས་ཆོད་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།

 图片4.png

ཀྲུང་ཀྲི་ཅུན་གྱིས་གསུང་བཤད་ཁྲོད་བསྟན་དོན། ཐེངས་འདིའི་ཚོགས་འདུ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབད་བརྩོན་ཆེན་པོས“ལྔ་བཅོ་ལྔའི”མགོ་ཡག་པོར་རྩོམ་པར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཧྲུའུ་ཅི་ཀྲང་ཧྥེང་དང་། ཁུལ་དཔོན་ཀྲང་ཧྲིང་ཡོན་སོགས་ཁུལ་གྱི་མགོ་ཁྲིད་ཚོགས་ཆེན་ལ་ཞུགས་ཤིང་། ཨུ་ཡོན་ལ་འཚམས་འདྲི་དང་ལས་རིགས་སོ་སོའི་མཉམ་འབྲེལ་ཚན་ཆུང་གྲོས་བསྡུར་ནང་ཞུགས་ལ། ཨུ་ཡོན་རྣམས་དང་མཉམ་འགུལ་བརྗེ་རེས་བྱས་ཏེ། ཐུན་མོང་ཐོག“ལྔ་བཅོ་ལྔའི”མགོ་རྩོམ་པ་དང་འཆར་གཞི་ཆེན་པོ་འགོད་པ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་གཞག་བཅས་ལ་གྲོས་བསྡུར་བྱས་ནས། ཁུལ་ཨུས་སྲིད་གྲོས་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྲིད་གྲོས་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། སྲིད་གྲོས་ཨུ་ཡོན་ལ་ཐུགས་ཁུར་ཟབ་མོ་བྱེད་པ་བཅས་མངོན་པར་བྱས་ཡོད། ཨུ་ཡོན་ཡོངས་དང་ཚོགས་འདུར་ཟུར་ཞུགས་བྱས་པའི་བློ་མཐུན་ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་ཤུགས་དྲག་པོར་བརྟེན་ནས། སྙན་ཞུ་དང་ཡིག་ཆ་སྣ་ཚོགས་ལ་ནན་ཏན་གྱིས་གྲོས་ཞིབ་དང་གྲོས་བསྡུར་བྱས་ནས་ཁུལ་ཡོངས་ཀྱི“ལྔ་བཅོ་ལྔའི”མགོ་ཡག་པོར་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཚ་གནད་དང་དཀའ་གནད་ལ་ཧུར་བརྩོན་ཆེན་པོས་ཐབས་འདོན་ཇུས་འབུལ་བྱས་ཏེ། སྤུས་ཚད་མཐོ་བའི་སྲིད་གྲོས་ཀྱི་གྲུབ་འབྲས་ཁག་ཅིག་སྤྲད་ནས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ལ་འགན་འཁྲི་སྒྲུབ་པ་དང་མི་དམངས་ལ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་གང་ལེགས་སྒོས་མངོན་པར་བྱས་ཡོད་ཟེར།

ཀྲུང་ཀྲི་ཅུན་གྱིས་ནན་གྱིས་བསྟན་དོན། འཆར་གཞི་བཀོད་ཟིན་ལ། འབོད་སྐུལ་ཡང་སྒྲོག་ཟིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཀྱིས་བསམ་བློ་དང་བྱ་སྤྱོད་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་དངོས་ཀྱི་ཐོག་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་དང་བྱས་རྗེས་མངོན་དགོས།ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་དང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ།"གཏན་འཁེལ་གཉིས"མཐའ་གཅིག་ཏུ་བརྟན་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ་དང་། ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་གི་ལྟ་དགོངས་དེ་ཁུལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་གཙོ་གནད་དུ་བརྩིས་ནས་ཁུལ་ཨུའི་ལྟེ་བའི་བྱ་བ་དང"ལྔ་བཅོ་ལྔའི"འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་ལྟ་སྐུལ་ཟབ་མོ་དང་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས་ནས་ཐབས་འདོན་ཇུས་འདོན་དེ་དགོས་དུས་འདོན་པ་དང་སྲིད་གླེང་སྲིད་ཞུགས་དེ་གནད་ལ་འཁེལ་བར་བྱེད་པ། ལྟ་སྐུལ་དེ་གནད་འགག་སྐབས་ལ་ལྟ་སྐུལ་བྱས་ནས"ཐབས་མཆོག"དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི"གསེར་གྱི་ལྡེ་མིག"ཏུ་འགྱུར་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་དོན་དུ་འགན་འཁྲི་སྒྲུབ་རྒྱུ་དེ་སྲིད་ཞུགས་སྲིད་གླེང་གི་རིན་ཐང་གཉེར་ཕྱོགས་སུ་བརྩིས་ནས་བློ་གྲོས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱི་གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་བྱས་ནས་དམངས་འཚོའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་ལས་རིགས་སོ་སོའི་མང་ཚོགས་ཀྱི"མགྲིན་ཚབ་པ"ཡག་པོ་ཞིག་བྱེད་དགོས། ཁུལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་སྲིད་གྲོས་ཀྱི་འབྲེལ་གཏུག་རྒྱ་ཁྱབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་འབྲེལ་བ་མཐུན་སྦྱོར་དང་དཀའ་ངལ་སེལ་བ། དོགས་གནད་སེལ་བ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་པ་དང་། བློ་གྲོས་དང་སྟོབས་ཤུགས་ཁུལ་ཡོངས་ཀྱི"ལྔ་བཅོ་ལྔའི"འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་གཅིག་སྡུད་བྱས་ཏེ་བློ་སེམས་གཅིག་མཐུན་གྱིས་འཕེལ་རྒྱས་དོན་གཉེར་དང་ཕྱར་བ་གྲུ་འདེགས་ཀྱིས་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཚད་གཞི་སྔར་ལས་མཐོ་བ་དང་། བླང་བྱ་སྔར་ལས་ནན་མོ། སྤྱོད་ཚུལ་སྔར་ལས་ཏན་ཏིག་གིས་རྩལ་ནུས་ཡག་པོ་སྦྱོང་བ་དང་སྣང་བརྙན་ཡག་པོ་གཏོད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱུགས་སྤྲོད་དུ་སྐྱོད་པའི་རིག་པ་དྭངས་གསལ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ"སྲིད་གྲོས་ཤེས་པ་དང་གྲོས་མོལ་ལ་འཇོན་པ། སྲིད་གླེང་ལ་མཁས་པ"བཅས་ཀྱི་འགན་འཁྲི་སྒྲུབ་ནུས་དང"སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་དང་དོད་བྱེད་པ། སྤྱོད་ལམ་ལ་མཐོང་ཆེན་བྱེད་པའི”སྤྱོད་ལམ་དངོས་སྤྱད་དེ"ཨུ་ཡོན་གྱི་ལས་བྱ"ཡག་པོ་ཞིག་སྤྲོད་དགོས་པ་དང"སྲིད་གྲོས་ཀྱི་རྒྱུགས་ལན"ཡག་པོ་ཞིག་འབྲི་དགོས་ཟེར།

图片5.png

图片6.png

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།