དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྥེང་མདོ་ལ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

2026-02-05 15:40:23   |   119

རྩོམ་སྒྲིག    སངས་དོན།     ཡོང་ཁུངས།    མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།      བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ2པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་མདོ་ལ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་དང་ཞིང་ཆེན་དང་ཁུལ་གྱི"ཚོགས་འདུ་གཉིས"ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ"ལྔ་བཅོ་ལྔའི"མགོ་ཡག་པོ་འཛུགས་རྒྱུར་དམ་པོར་དམིགས་ཏེ། ཁྱོན་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་དར་སྤེལ། དཔེ་སྟོན་བྱེད་པ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁྲི་སྔར་ལས་ཆེ་བ་མངོན་དགོས་ཟེར།མདོ་ལ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ཡུལ་དངོས་སུ་རེ་བ་དང་སྤྲོ་སེམས་ཀྱིས་བརྟས་ཤིང་། ཀང་ཧྥུ་དང་། ལི་ཁྲིན་ཞང་། ཝང་ཙི་ཁྲེང་། མ་ཁྲེང་ཧྲོའུ། ཧའེ་མིན་སོགས་འཐུས་མིས་གཏམ་བཤད་གནང་།      ཚང་མའི་གཏམ་བཤད་ལ་ཉན་རྗེས། ཀྲང་ཧྥེང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཕྱོགས་བསྡོམས་བྱས་པའི་གྲུབ་འབྲས་དོན་དངོས་དང་མཐུན་ཞིང་དང་ཕྱོགས་ཡོངས་ཡིན་ལ། བཀོད་སྒྲིག་བྱས་པའི་བྱ་བར་དངོས་སྒྲུབ་ཀྱི་ནུས་པ་ལྡན་པས། འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བ་དང་དམངས་ཆེད་བྱ་བ་སྒྲུབ་པའི་ཐོག་མའི་བསམ་འདུན་མངོན་ཡོད་པས་ཡོངས་སུ་མོས་མཐུན་ཡིན་ཟེར། 

ཀྲང་ཧྥེང་གིས་མདོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་གནས་བབ་དམིགས་བསལ་ཡིན་པ་དང་ཞིང་ཕྱུགས་ལས་ཀྱི་རྨང་གཞི་བརྟན་ལ་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་རྒྱ་ཆེ་བས། ཁྱོན་ཡོངས་ལ་མིག་རྒྱང་རིང་པོས་ལྟ་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མདོ་ལའི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་བའི་ཐད་འབད་བརྩོན་བྱས་ཏེ"རྒྱལ་དོན་གྱི་ཆེ་ཕྱོགས"ཡིད་ལ་བརྟན་པོ་བཅངས་པ་དང"སྐྱེ་ཁམས་ནི་ཁྱད་ཆོས་ཡིན་པ"དང"སྐྱེ་ཁམས་ནི་རིན་ཐང་ཡིན་པའི"འདུ་ཤེས་བརྟན་པོ་བཙུགས་ནས"ལྗང་མདོག་གི་རྩིས་ཐོ"ཡག་པོ་རྩི་བ་དང"ལྗང་མདོག་གི་ཆས་རྟགས"ཡག་པོ་བསྐྱེད་དེ། སྐྱེ་ཁམས་ཐོན་ཁུངས་དེ་དམངས་ཕྱུག་ཐོན་ལས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། མང་ཚོགས་ལ་སྐྱེ་ཁམས་ཀྱི་ཕན་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྔར་ལས་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང"མདོ་ལའི"ཆས་རྟགས་ཐོ་འགོད་དང་སྲུང་སྐྱོབ། གསར་སྤེལ། བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་མདོ་ལ་རིང་མོའི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་སྒྲིག་བཀོད་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལས་གཞི་སྔར་ལས་གཏིང་ཟབ་དང་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། སྲིད་ཇུས་ཀྱི་སྐར་ཁུང་དུས་ཚོད་དམ་འཛིན་གྱིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་མ་འཇོག་སྟོན་ཕྱོགས་དང་སྦྲེལ་མཐུད་བྱས་ནས་རྒྱུ་རྐྱེན་གཙོ་བོ་འགན་ལེན་ཡག་པོ་བྱས་ཏེ། རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་གཙོ་གནད་ལས་གཞི་ཁག་གཅིག་དོན་འཁྱོལ་བྱེད་རྒྱུའི་བརྩོན་ལེན་བྱས་ནས། སྲིད་ཇུས་ཀྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་འགྱུར་བ་བྱེད་དགོས། དམངས་འཚོའི་བདེ་སྐྱིད་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུའི་ཐད་འབད་བརྩོན་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་རོང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ"ཡོང་འབབ་བཟང་བ་དང་སྡོད་ཁང་བཟང་བ། སློབ་གསོ་བཟང་བ། སྨན་བཅོས་བཟང་བ"སོགས་དངོས་དོན་གཉེར་བའི་བྱེད་ཐབས་སྤྱད་དེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་སྔར་ལས་གསར་གཏོད་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། སྡེ་སྲོལ་དམངས་ཆིངས་དམ་འཛིན་བྱ་གཞིར་བྱས་ནས། གཞི་རིམ་རང་སྐྱོང་ལ་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་ཟེར།

མ་ཁྲིན་ཀོས་དང་ཧན་ཧྲི་ཞུགས།


མཉམ་སྤྱོད།