དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོ་སར་གུང་གསེང་སྐབས་མཚོ་བྱང་གིས་གནས་སྐོར་བ་མི་ཁྲི21.66སྣེ་ལེན་བྱས་པ།

2026-02-28 10:17:48   |   44

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།   མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ལོ་གསར་གུང་གསེང་སྐབས་སུ། མཚོ་བྱང་ཁུལ་གྱི་རིག་གནས་དང་གནས་སྐོར་ཁྲོམ་རར་མི་ཚོགས་མང་བ་དང་། ལོ་གསར་གྱི་ཡོ་ལང་རྣམ་པར་རྒྱས་པ། སྒྲིག་ལམ་ལེགས་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད། གུང་གསེང་གི་ཉིན་བཅུ་གཉིས་རིང(ཟླ2པའི་ཚེས15ཉིན་ནས་ཟླ2པའི་ཚེས26ཉིན་བར)ཁུལ་ཡོངས་ཀྱིས་གནས་སྐོར་བ་མི་ཁྲི21.66ལ་སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་འབབ་སྡོམ་འབོར་སྒོར་ཁྲི8370.81སླེབས་ཡོད། 

微信图片_20260228101904_509_144.jpg

གནས་སྐོར་རིག་གནས་ཀྱི་དམངས་ཕན་ཕན་འབྲས་མངོན་གསལ་དོད། ལྗོངས་ཁུལ་དུ་མི་ཚོགས་རྒྱས་ཤིང་གསོན་ཤུགས་འཕེལ་ཡོད། ལོ་སར་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱིས་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་སྤེལ་ནས། ཕུན་སུམ་ཚོགས་པའི་གུང་གསེང་གི་ཡུལ་ལྗོངས་བྱ་འགུལ་སྤེལ་ཞིང་། ལྗོངས་ཁུལ་སོ་སོས་རང་གི་ཁྱད་ཆོས་དང་དགེ་མཚན་ལ་ཟུང་འབྲེལ་བྱས་ཏེ། ཐོན་རྫས་ཀྱི་མཁོ་སྤྲོད་གསར་གཏོད་བྱས་པ་དང་། གཟིགས་སྐྱོང་གི་བྱེད་ཐབས་སྣ་མང་བཏོན་ནས་གནས་སྐོར་བ་རྣམས་ལ་སྤྲོ་གསེང་གཏོང་བར་རོགས་རམ་བྱས། “མི་ཚོགས་མང་བའི”ཚ་རླབས་དེ་མཚོ་བྱང་ཁུལ་གྱི་ལྗོངས་ཁུལ་སོ་སོར་རྒྱུན་མཐུད་ངང་བྱུང་། 

微信图片_20260228101949_511_144.jpg


དེའི་ཁྲོད་དུ། མདོ་ལ་རིང་མོའི་མེ་ལྷ་གངས་དཀར་ཕྱི་རོལ་ལུས་རྩལ་བྱ་ཡུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི11ལ་སྣེ་ལེན་བྱས་པ་དང་། གྲངས་ཀ་འདིས“གྲང་བའི་ཐོན་ཁུངས”ཀྱིས་མུ་མཐུད་དུ“ཚ་བའི་དཔལ་འབྱོར”གྱི་གསོན་ཤུགས་རྒྱས་སུ་བཅུག་ཡོད་པ་མ་ཟད། མདོ་ལ་རིང་མོའི་མེ་ལྷ་གངས་དཀར་ཕྱི་རོལ་ལུས་རྩལ་བྱ་ཡུལ་དེ་དགུན་དུས་མཐོ་སྒང་གནས་སྐོར་གྱི་ཆེས་དགའ་བསུ་ཐོབ་པའི་གནས་སྐོར་གནས་མཆོག་ཏུ་གྱུར་པ་དང་། གངས་འཁྱག་གནས་སྐོར་དེ་མཚོ་བྱང་ཁུལ་གྱི་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་པ་མཚོན་ཡོད།   

微信图片_20260228101911_510_144.jpg

རིག་གནས་གནས་སྐོར་གྱི་ངོ་མཚར་བྱ་འགུལ་ལས། ཕྱོགས་བཞིའི་མགྲོན་པོའི་གུང་གསེང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། ལོ་སར་གུང་གསེང་གི་སྐབས་སུ། མཚོ་བྱང་ཁུལ་གྱི་རྫོང་ཁག་སོ་སོས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་གྱི་བྱ་འགུལ་མུ་མཐུད་དུ་རྩ་འཛུགས་བྱས་ཏེ། རིག་གནས་གནས་སྐོར་གྱི་གསོལ་སྟོན་གཅིག་རྗེས་གཉིས་མཐུད་དུ་མངོན་བཤམས་ནས་དུས་ཆེན་གྱི་རྣམ་པ་གསོན་ཉམས་ལྡན་པ་ཞིག་མངོན་པར་བྱས་པ་དང་། དགའ་སྤྲོའི་ཡོ་ལང་གང་སར་ཁྱབ་ཡོད།  

微信图片_20260228101959_512_144.jpg

 སྨོན་ལས་མཐོན་པོའི་སྒང་དུ་ཕྱིན་ཏེ་འཁྱགས་རོམ་གྱིས་བསྡམས་པའི་མཚོ་སྔོན་པོར་བལྟ་བ་དང་། ཨ་མྱེས་སྟོང་སོའི་སྒང་དུ་འགོས་ནས་ནགས་ཚལ་དང་གངས་ལྗོངས་ལ་གཟིགས་པ། རྐང་ཚ་རྫོང་དུ་སོང་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཟློས་གར་ལ་ལྟ་བ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་གསར་བརྗེ་རིག་གནས་ཀྱི་ངོ་མཚར་ལ་མྱོང་རོལ་བྱེད་པ། “མི་ཚེའི་གངས་རི་ཐོག་མ”སྟེ་མེ་ལྷ་གངས་དཀར་ལ་འཛེགས་ནས་རི་འཛེགས་ཀྱི་སྤྲོ་སྣང་ལ་མྱོང་རོལ་བྱེད་པ། ཤ་ལུང་ཆུ་ཚན་དུ་སེམས་བདེ་བག་དལ་ངང་ཆུ་ཚན་ལ་ཞུགས་པ་སོགས་གནས་སྐོར་བས་མཚོ་བྱང་གི་རང་བྱུང་མཛེས་ལྗོངས་མྱོང་རོལ་བྱེད་པའི་དུས་མཚུངས་སུ། ཡུལ་སྲོལ་གོམས་གཤིས་མི་འདྲ་བ་མྱོང་ཚོར་ཐུབ་བྱུང་ཡོད།

ཤུལ་བཞག་དམངས་སྲོལ་རིག་གནས་ཀྱིས་ལོ་སར་ལ་བཀྲག་མདངས་འཚེར།རིག་གནས་གནས་སྐོར་མཉམ་འདྲེས་ཀྱིས་སྲོལ་རྒྱུན་ལོ་སར་ལ་གསོན་ཤུགས་བསྩལ། ལོ་གསར་གུང་གསེང་རིང་། མཚོ་བྱང་ཁུལ་གྱི་ས་གནས་སོ་སོའི་དམངས་སྲོལ་རིག་གནས་བྱེད་སྒོ་རེས་མོས་ཀྱིས་སྤེལ་བ་དང་། བཀྲག་མདངས་རྣམ་པར་འཚེར་བ། ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ལོ་གསར་སྐོར་སྐྱོད། རྣམ་པ་མང་བའི་རིག་གནས་གནས་སྐོར་མཉམ་འདྲེས་ཀྱིས་སྲོལ་རྒྱུན་ལོ་གསར་གྱི་རྣམ་པར་གསོན་ཤུགས་རྒྱས་པར་བྱས་ཏེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་གནས་སྐོར་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས། མི་རྣམས་ཀྱིས་སྲོལ་རྒྱུན་དམངས་སྲོལ་གྱི་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད།

微信图片_20260228102009_513_144.jpg

微信图片_20260228102019_514_144.jpg

དཔའ་རིས་བོད་ཀྱི་རྒྱན་གོས་དང་ཧོས་རིགས་ཀྱི་གསོལ་སྟོན་གླུ་གཞས་སོགས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གཅིག་བསྡུས་ཀྱིས་འཁྲབ་སྟོན་བྱས་པ་དང་། ནུབ་གོང་སྨན་རྒྱལ་མོའི་རིག་རྩལ་འཁྲབ་སྟོན་དང “མཚོ་སྔོན་པོ་རིག་གནས”ཀྱི་དམངས་གླུ་སྤྲོ་ཚོགས། མེ་ཕུང་སྐོར་བྲོ་སོགས་ཀྱི་བྱེད་སྒོ་རེས་མོས་ཀྱིས་སྤེལ་བས། གནས་སྐོར་བ་རྣམས་ཀྱིས་མཚོ་བྱང་ཁུལ་གྱི་མེ་ཕོ་རྟ་ལོའི་ལོ་གསར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་དུ་བཅུག་ཡོད།

微信图片_20260228102028_515_144.jpg

བྱེད་ཐབས་སྣ་མང་གིས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། རིག་གནས་གནས་སྐོར་ཁྲོམ་ར་བརྟན་ཞིང་གོ་རིམ་ལྡན་ཡོད། མཚོ་བྱང་ཁུལ་གྱིས་དུས་ཆེན་གཉིས་ཀྱི་སྐབས་སུ་བདེ་འཇགས་དོ་དམ་ལྷོད་གཡེང་དུ་མི་གཏོང་བར་རྒྱུན་མཐུད་ངང་རིག་གནས་གནས་སྐོར་ལས་རིགས་ཀྱི་བདེ་འཇགས་འགན་ལེན་བྱས་པ་དང་། གནས་སྐོར་ཁྲོམ་རའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་གནས་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་གིས་མཚོ་བྱང་གི་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད


མཉམ་སྤྱོད།