དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྥེང་གིས་ཁུལ་ཨུའི་སྡེ་ཁག་སོ་སོར་གཟིགས་སྐོར་བརྟག་ཞིབ་གནང་།

2026-02-28 16:23:20   |   260

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་སྔ་རྗེས་སུ་ཁུལ་ཨུའི་དྲིལ་སྒྲོག་པུ་དང་རྩ་འཛུགས་པུ། འཐབ་ཕྱོགས་གཅིག་གྱུར་པུ། སྲིད་ཁྲིམས་ཨུ་ལྷན། སྤྱི་ཚོགས་ལས་དོན་པུ་བཅས་སུ་ཕྱིན་ནས་གཟིགས་སྐོར་བརྟག་ཞིབ་གནང་ཞིང་། ཡུལ་དངོས་ནས་ལས་ཁུངས་ཀྱི་འཁོར་སྐྱོད་དང་དཔུང་ཁག་འཛུགས་སྐྲུན། གཙོ་གནད་བྱ་བར་སྐུལ་འདེད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་བྱ་བའི་སྙན་ཞུར་ཉན་ནས་སྡེ་ཁག་སོ་སོས་ཉེ་བའི་ལོ་ཤས་རིང་བླངས་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།

ཀྲང་ཧྥེང་གིས་བསྟན་དོན། ཁུལ་ཨུའི་སྡེ་ཁག་སོ་སོ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི“གནད་འགག་གཙོ་བོ”ཡིན་པའི་ཆ་ནས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་འགན་འཁྲིའི་ལས་འགན་ལ་གཞི་ཚུགས་ནས་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མཐོ་རུ་བཏང་སྟེ་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་བྱེད་ནུས་སུ་བསྒྱུར་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། རྒྱུན་མཐུད་སྒོས་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་སྤྱོད་ཚུལ་བཟང་བོར་བརྟེན་ནས་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཕན་འབྲས་ཐོན་པར་བྱེད་དགོས། ཁུལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས“རིགས་དྲུག་གི་ནུས་པ”སྔར་ལས་མཐོར་འདེགས་བཏང་སྟེ། ཚད་གཞི་སྔར་ལས་མཐོ་བ་དང་སྤྱོད་ཚུལ་སྔར་ལས་ཏན་ཏིག བྱེད་ཐབས་སྔར་ལས་བཟང་བོ་བཅས་ཀྱི་ཐོག་ནས་རང་འགན་གཙང་བསྒྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་བྱ་བ་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཀྲང་ཧྥེང་གིས་ནན་གྱིས་བསྟན་དོན། ཁུལ་ཨུའི་སྡེ་ཁག་སོ་སོས་འགན་ནུས་ཀྱི་ངེས་གནས་གཞིར་བཟུང་ནས། ལྟེ་བའི་བྱ་བར་དམིགས་ཏེ་གནད་སྨིན་ཤུགས་འདོན་དང་འགན་འཁྲི་འཁུར་ཕོད་པ་དང་། དངོས་སྒྲུབ་སྔོན་བརྩོན་ལ་བརྟེན་ནས་བྱ་བ་སོ་སོར་གྲུབ་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་དྲང་སྲུང་གསར་གཏོད་དང་བློ་སྒྲིལ་སེམས་སྐྱེད་ཀྱིས་གཙོ་རྒྱུག་གླེང་ཕྱོགས་སྟོབས་ཆེར་གཏོང་བ་དང་། ཡ་རབས་སྲོལ་བཟང་དར་སྤེལ་བཏང་སྟེ“རི་གཅིག་མཚོ་གཅིག་མཁར་གཅིག”(མདོ་ལ་རི་བོ། མཚོ་སྔོན་པོ། རྡུལ་ཕྲན་མཁར།)ལ་དམིགས་ནས་མཚོ་བྱང་གི་གཏམ་རྒྱུད་གཏིང་ཟབ་གླེང་སྟེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་ཀྱི་རླབས་ཆེའི་སྙིང་སྟོབས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་རྒྱུན་འཁྱོངས་བྱེད་དགོས་ཤིང་། གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཚད་ལྡན་དུ་གཏོང་བ། ཕྱོགས་སོ་སོའི་ཕུལ་བྱུང་འཇོན་མི་རྒྱ་ཁྱབ་ངང་བསྡུ་རུབ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་ཆོས་ལུགས་དང་ཏང་ཕྱིའི་མི་སྣ། དམངས་གཉེར་དཔལ་འབྱོར་སོགས་ཁྱབ་ཁོངས་སོ་སོའི་བྱ་བ་ཏན་ཏིག་སྒོས་ལེགས་པར་བསྒྲུབ་སྟེ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་དང་མི་སེམས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་མཚོ་བྱང་གི་མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་སེམས་མཐུན་གཉིས་ཕན། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་བོ་མུ་མཐུད་སྲ་བརྟན་དུ་གཏོང་དགོས། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་དུས་བདེ་མཚོ་བྱང་དང་། ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། ཁུལ་ཨུའི་སྤྱི་ཚོགས་བྱ་བ་པུའུ་ཡིས་ཡིག་བསྐུར་ངོ་བཅར་བྱ་བ་དང་མང་ཚོགས་ཀྱི་གྲོས་གཞི་བསྡུ་རུབ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་རེ་ཞུ་མཚོན་པའི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ནས་སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས་ཟེར།

སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་སོ་སོ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁུར་བརྟན་སྲུང་དང་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ། བྱ་བ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བཅས་བྱས་ཏེ་ལས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན་ཟེར།

ཁུལ་གྱི་མགོ་ཁྲིད་ཀྲང་ཨའེ་ཧུང་དང་། སི་ཅི་ཧྲེང་། སངས་རྒྱས། ཀྲང་ཐའོ། ཚོ་ཅི་ཆང་བཅས་ཀྱིས་སོ་སོར་བརྟག་ཞིབ་ལ་ཕེབས་རོགས་བྱས།


མཉམ་སྤྱོད།