དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་ལས་བྱེད་རྒན་པའི་ཅུ་ཀྲང་ཚོགས་འདུ་འཚོགས།

2026-03-12 09:26:02   |   323

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས10ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་ལས་བྱེད་རྒན་པའི་ཅུ་ཀྲང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས2025ལོའི་བྱ་བར་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ལ། 2026ལོའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའི་པུ་ཀྲང་སི་ཅི་ཧྲིན་ཚོགས་འདུར་སླེབས་ནས་གཏམ་བཤད་གནང་།

1.jpg

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ཁུལ་ཡོངས་ཀྱི་ལས་བྱེད་རྒན་པའི་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཁུལ་ཨུའི་ལྟེ་བའི་བྱ་བར་དམ་པོར་དམིགས་པ་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ནུས་པ་འདོན་སྤེལ་ལ་སྐུལ་འདེད་གཏོང་བ། ཞབས་ཞུ་འགན་སྲུང་ཏན་ཏིག་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་གསར་བ་བླངས་པ་དང་བཀྲག་མདངས་འཚེར་ས་གསར་བ་མངོན་པར་བྱས་ཡོད།


ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། 2026ལོར་ཁུལ་ཡོངས་ཀྱི་ལས་བྱེད་རྒན་པའི་བྱ་བས“ལོ་ལྔའི་འཆར་གཞི་བཅོ་ལྔའི”རིང་གི་ལས་བྱེད་རྒན་པའི་བྱ་བའི་དམིགས་ཚད་བླང་བྱ་དང་ལག་ལེན་ཐབས་ལམ་ཁོང་དུ་ཆུད་པར་བྱས་ནས་གཙོ་གནད་ལས་འགན་དོན་འཁྱོལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནས་བློ་སྦྱོང་མི་སྐྱོང་ལ་དམིགས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ཐད་མུ་མཐུད་ཤུགས་སྣོན་དགོས། མངོན་གསལ་དོད་པོས་ཆབ་སྲིད་ལ་དང་དོད་བྱ་རྒྱུ་དེ་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། བསམ་བློའི་གཡུལ་ས་ཡག་པོ་སྲུང་བ། རྒྱ་ཆེའི་ལས་བྱེད་རྒན་པ་རྣམས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། གཉིས་ནས་རྨང་བརྟན་རྩ་མཁྲེགས་རྒྱུན་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་གནད་ལ་འཁེལ་བའི་ནུས་ཤུགས་བཏོན་ཏེ་རྒྱ་ཆེའི་རྩ་འཛུགས་ཀྱི་ཁྱབ་རྒྱ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་ཏང་འཛུགས་སྐྱོང་གི་ཆས་རྟགས་གསལ་བོར་བཟོ་བ། ཏང་ཡོན་ལ་དོ་དམ་ནན་མོ་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་བྱེད་རྒན་པའི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་འགན་ལེན་བྱས་ཏེ་ལས་བྲལ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཏང་རྩ་འཛུགས་དེ་སྟོབས་ལྡན་གྱི་འཐབ་འཛིང་བཙན་རྫོང་དུ་བསྐྲུན་དགོས། གསུམ་ནས་ནུས་པ་འདོན་སྤེལ་འབུར་ཐོན་བྱས་ཏེ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་རང་འགུལ་ངང་བྱ་བ་སྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་ཆས་རྟགས་དེ་ཁུལ་དུ་ལག་བསྟར་བྱེད་པ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང“དབུ་དཀར་རིག་མཛོད”ཡག་པོ་བསྐྲུན་པ།“ནུབ་མཚོ་དབུ་དཀར”དང་བླངས་ཞབས་ཞུའི་རུ་ཁག་སྟོབས་ཆེར་གཏོང་བ་དང་། དབུ་དཀར་རིག་མཛོད་གཅིག་སྡུད་དང་ཞབས་ཞུའི་གཞི་རྟེན་སྟོབས་ཆེར་གཏོང་བ། བློ་མཐུན་རྒན་གྲས་ཀྱིས་གཅིག་རྒྱུད་གཅིག་འཛིན་ལ་རམ་འདེགས་བྱེད་པར་ཁྲིད་སྟོན་བྱེད་དགོས། བཞི་ནས་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞབས་ཞུའི་འགན་ལེན་མཐོ་རུ་གཏོང་བའི་བྱམས་བརྩེ་མངོན་དགོས། ཐོག་མཐའ་བར་གསུམ་དུ་ལས་བྱེད་རྒན་པའི་བདེ་སྡུག་སེམས་ལ་བཟུང་ནས་འཚོ་བར་འགན་སྲུང་ཏན་ཏིག་དང་བདེ་ཐང་ཞབས་ཞུ་ལེགས་སྒྲུབ། བསམ་པའི་ཐུགས་ཁུར་གཏིང་ཟབ་བཅས་བྱས་ཏེ་སྲིད་ཇུས་ཐོབ་བྱ་སོ་སོ་འཁྲུལ་མེད་དོན་འཁྱོལ་བྱས་ནས་གནད་ལ་འཁེལ་ཞིང་ཞིབ་ཚགས་ལྡན་པའི་ཞབས་ཞུ་ཡིས་བློ་མཐུན་རྒན་པ་རྣམས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། ལྔ་ནས་སྤུས་འདེགས་ནུས་སྤེལ་ལ་དམིགས་ཏེ་རྒན་པའི་སློབ་གསོ་སྟོབས་ཆེར་གཏོང་རྒྱུའི་ཐད་མིག་དཔེ་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྒན་པའི་སློབ་ཆེན་ཡག་པོ་གཉེར་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“སློབ་གསོ་ཆེན་པོའི”རྣམ་པ་ཧུར་ཐག་གིས་འཛུགས་པ་དང་། སློབ་ཁྲིད་བྱེད་སྟངས་གསར་གཏོད་དང་གཡུལ་སའི་བྱེད་ནུས་རྒྱ་བསྐྱེད། སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་བཅོས་བཅས་བྱས་ཏེ་རྒན་པའི་སློབ་ཆེན་གྱི་སློབ་གཉེར་སྤུས་ཚད་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། དྲུག་ནས་ཉམས་སད་ཐེག་ཐུབ་ཀྱི་སྤྱོད་ཚུལ་ཞུན་བརྡར་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་ཐོག་མའི་བསམ་འདུན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ལས་བྱེད་པ་རྒན་པའི་བྱ་བའི་ལས་སྒོའི་སྦྱོང་བརྡར་ཆེན་པོ་གཏིང་ཟབ་ཏུ་བཏང་སྟེ་ཆབ་སྲིད་ལ་ལྷག་བསམ་རྣམ་དག་དང་ཆེད་ལས་ནུས་པ་ཆེར་གཏོང་། བྱ་བའི་མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ཆབ་སྲིད་བརྟན་གཏོང་དང་ལས་སྒོ་བྱང་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་པ་རྒན་པའི་བྱ་བའི་དཔུང་ཁག་ཅིག་ཧུར་ཐག་གིས་བསྐྲུན་དགོས་ཟེར། 


མཉམ་སྤྱོད།