དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རིན(ཅུ་ཀྲང)ཚོགས་འདུ་འཚོགས།

2026-03-12 09:30:08   |   205

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས10ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རིན(ཅུ་ཀྲང)ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། འབྲེལ་ཡོད་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། འབྲེལ་ཡོད་ཆོས་ལུགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཁྱོན་ཡོངས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུ་ཀྲང་དང་མི་རིགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རིན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། 2025ལོའི་བྱ་བར་ཕྱོགས་སྡོམ་བྱས་ཤིང་2026ལོའི་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་སངས་རྒྱས་ཚོགས་འདུར་སླེབས་ནས་གཏམ་བཤད་གནང་།

1.jpg

ཚོགས་འདུའི་ཐོག་བསྟན་དོན། 2025ལོར་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་སྔོན་བརྩོན་བྱས་པས་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་གལ་ཆེའི་ནུས་པ་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཀྱི་ཁྱབ་ཁོངས་སོ་སོའི་བྱ་བར་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་བླངས་ཡོད། 2026ལོ་ནི“ལོ་ལྔའི་འཆར་གཞི་བཅོ་ལྔའི”མགོ་རྩོམ་པའི་ལོ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ད་ལོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བ་ཡག་པོར་བསྒྲུབ་དགོས་ན། ངེས་པར་དུ་ལངས་ཕྱོགས་སྔར་ལས་མཐོ་བའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་དགོས་པ་དང་། སྔར་ལས་གཏིང་ཟབ་པའི་ཟུར་ཚད་ཐོག་ནས་བསམ་བློ་ཆབ་སྲིད་སྣེ་ཁྲིད་བྱ་བར་དམ་འཛིན་ཏན་ཏིག་བྱེད་པ། ཚད་གཞི་སྔར་ལས་མཐོ་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ། སྟོབས་ཤུགས་སྔར་ལས་ཆེ་བའི་ཐོག་ནས་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་བྱང་གི་ལག་ལེན་གཏིང་ཟབ་ཏུ་གཏོང་བ། འགན་འཁྲི་སྔར་ལས་ཆེ་བའི་ཐོག་ནས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་པ། མཐོང་རྒྱ་སྔར་ལས་རྒྱ་ཆེ་བར་བརྟེན་ནས་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེལོ་ལྔའི་འཆར་གཞི་བཅོ་ལྔའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་སྤྱི་ཡོངས་ཀྱི་ནུས་ཕྱོད་མཐོ་རུ་བཏང་སྟེ། ཆབ་སྲིད་བརྟན་པོ་ཡིན་པ་དང་ལས་སྒོར་བྱང་ཆུབ་པ། སྤྱོད་ཚུལ་བཟང་བའི་འཐབ་ཕྱོགས་གཅིག་གྱུར་གྱི་དཔུང་ཁག་ཅིག་གཏོད་དགོས་ཟེར།


མཉམ་སྤྱོད།