དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འཚོགས།

2026-03-12 15:28:02   |   360

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས11ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ཐེངས82པ་གཙོ་སྐྱོང་གནང་སྟེ་འཚོགས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྐུལ་སློང་དང་བཀོད་སྒྲིག་བྱས།

1.png

ཚོགས་འདུའི་ཐོག་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ད་ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་པས་ཏང་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི“ཏང་འཛུགས་སྤྱི་ཕན་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། ལེགས་བཅོས་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་སློབ་གསོར་དངོས་དོན་གྱི་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས།

2.png

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་གཙོ་གནད་ལས་འགན་བརྒྱུད་རིམ་ལྡན་པའི་ངང་སྟངས་འཛིན་བྱས་ཏེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་གོ་རྟོགས་གཏིང་ཟབ་ཡོང་བའི་ཐད་འབད་བརྩོན་བྱས་ཏེ། “སྲིད་སྐྱོང་བྱས་རྗེས་སུའི་ཆེད་དུ་འཇོག་པ་དང་། སྲིད་སྐྱོང་བྱས་རྗེས་གང་འདྲ་ཞིག་འཇོག་པ། སྲིད་སྐྱོང་བྱས་རྗེས་གང་ཞིག་ལ་བརྟེན་ནས་འཇོག་པ”བཅས་ཀྱི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། རྩད་ཆོད་མཐའ་གསལ་དང་ལེགས་བཅོས་བྱེད་པའི་ཐད་ཐབས་ཤེས་དངོས་བཏོན་ནས་ཞིབ་བཤེར་བྱེད་བཞིན་དུ་ཡོ་བསྲང་དང་འཕྲལ་མར་བསྲང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བའི་ཐད་གནས་པའི་གནད་དོན་མངོན་གསལ་ཅན་འཚོལ་ཞིབ་གཏིང་ཟབ་དང་དག་ཐེར་ནན་ཏན་བྱེད་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད་ཐོད་བརྒལ་ཡོད་པར་བྱས་ཏེ།“མིག་མདུན་གྱི་གནད་དོན་ལེགས་བཅོས”དང “ཡུན་ཕན”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་ལམ་ལུགས་དང་ལམ་སྲོལ་ཁྲོད་ཀྱི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་གི་བླང་བྱ་དང་མི་མཐུན་པའི་གཏན་འབེབས་འཚོལ་ཞིབ་གཏིང་ཟབ་བྱེད་པ་མ་ཟད་དུས་ཐོག་ཏུ་མེད་པར་བཟོ་བའམ་བཟོ་བཅོས་རྒྱག་དགོས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་མགོར་རྒྱ་ཁྱབ་ཏུ་ཉན་པ་དང་། དུས་ཐོག་ཏུ་མང་ཚོགས་ལ་སློབ་སྦྱོང་དང་སློབ་གསོ་སྤེལ་ཚུལ་དང་དག་ཐེར་ཡོ་བསྲང་བྱས་ཚུལ་ཡོངས་བསྒྲགས་བྱེད་པ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གླེང་གཞི་གལ་ཆེན་དང་དཀའ་གནད་ཁག་ཅིག་ཐག་གཅོད་ཏན་ཏིག་བཅས་བྱས་ནས་མང་ཚོགས་ལ་སློབ་སྦྱོང་དང་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་དང་ཕན་འབྲས་དངོས་ཚོར་ཐུབ་པར་བྱེད་དགོས།

3.png

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་སློབ་གསོ་དེ་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མར་ཁྱབ་པའི་འགན་ལེན་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་ཁོངས་གཏོགས་ཀྱི་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུར་སྣང་ཆེན་བྱེད་པ། སློབ་སྦྱོང་སློབ་གསོར་དམ་འཛིན་བྱ་རྒྱུ་དང་མིག་སྔའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཟུང་འབྲེལ་བྱེད་པ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། རྣམ་གྲངས་མ་འཇོག གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། དམངས་འཚོ་འགན་ལེན། བདེ་འཇགས་ཐོན་སྐྱེད་བཅས་ལ་དམ་འཛིན་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་ཚོགས་འདུར་ཞུགས་པ་དང་། ཁུལ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཁག་དང་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་སློབ་སྦྱོང་སློབ་གསོའི་ཆེད་དོན་འཛིན་གྲྭའི་ཁོངས་མི་དག་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།