དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-12 10:40:05   |   171

       རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ལོ་ཙཱ། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས11ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་དོན་ཚན་ཁག་ཡོངས་འགྲུབ་བྱས་རྗེས་མཇུག་བསྡུས།

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོས་ཚེས་11ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་ནས་ཚང་མས་འདེམ་ཤོག་བྲིས་པ་བརྒྱུད། ལི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་རྒྱུ་ཐག་བཅད།

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོར་འདེམ་ཤོག་བྲིས་ནས་བརྡས་ཐག་བཅད་ཅིང་། ཀྲང་ཡིའུ་ཞ་དང་ཧི་ཝེ་ཏུང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་དང་། ལི་ཧྲང་ཧྥུ་དང་ལིའུ་ཀྲེན་ལི། མིའོ་ཧྭ། ཀྲང་ཧྲེང་རྨེན་བཅས་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་དུ་བསྐོ་རྒྱུ་ཐག་བཅད།

  • ཚེས་11ཉིན། ལིའུ་ཅིན་ཀུའོ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དུ་གདམས་ཐོན་དང་། ཀྲང་ཅུན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དུ་གདམས་ཐོན་བྱུང་ལ། ཡིང་ཡུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དུ་གདམས་ཐོན་བྱུང་།

  • མི་དམངས་དངུལ་ཁང་གི་གཞི་གྲངས་གསར་ཤོས་ལྟར་ན། ཟླ་2པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི1. 81ཏུ་འཕར་ཞིང་། དུས་མཉམ་དང་བསྡུར་ན་སྒོར་དུང་ཕྱུར་5928འཕར་ཡོད།

2.jpg

  • ཚེས11ཉིན་གྱི་ཕྱི་དྲོར། “འཚོལ་ཞིབ་ཨང་རྟགས་དང་པོ”ཚན་དཔྱོད་གྲུ་གཟིངས་ཀྱིས་“འབད་བརྩོན་མཁན་”རྟགས་ཅན་གྱི་མི་སྡོད་ཆུ་འཛུལ་གྲུ་དྲུད་ནས་སན་ཡར་ཐོན་ཞིང་། རྒྱལ་སྤྱིའི་ཐོག་གི་རྒྱ་མཚོ་ཆེན་པོའི་གླིང་ལ་སྐོར་རྒྱབ་ནས་མི་སྡོད་གཏིང་འཛུལ་ཞིབ་འཇུག་གི་ལས་འགན་ཐོག་དང་པོར་འགྲུབ་སོང་།

སྤྱི་ཚོགས། 

3.jpg

  • ཀྲུང་དབྱང་གནམ་གཤིས་ཁང་གིས་མུ་མཐུད་དུ་འཁྱག་རླུང་མདོག་སྔོན་རིམ་པ་ཅན་གྱི་ཉེན་བརྡ་བཏང་བ་དང། སྔོན་དཔག་ལྟར་ན་ཚེས་11ཉིན་གྱི་དུས་ཚོད་20ནས་ཚེས་13་ཉིན་གྱི་དུས་ཚོད་8བར་དུ། དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་ཤས་ཀྱི་དྲོད་ཚད་6-10℃མར་ཆག་རྒྱུ་དང་། ཧོང་ཧུའེ་དང་ཅང་ཧའེ་སོགས་ཀྱི་དྲོད་ཚད་12℃མར་ཆག་རྒྱུ་རེད།

4.jpg

  • རང་རྒྱལ་གྱི་ཆེད་མཁས་ཚོགས་པས་ཉེ་ལམ་བརྒྱུད་རིམ་ཧྲིལ་བོར་འཕྲུལ་ཆས་ཀྱིས་རམས་འདེགས་བྱས་ཏེ་པྲོག་དབྱིབས་ཁྲག་རྩ་བརྙན་བཟོ་ཐུབ་པ་ཐོག་དང་པོར་ལེགས་འགྲུབ་བྱུང་ནས། སྨན་པར་འཕྲོ་ཐིག་མི་ཐེབས་པ་མངོན་འགྱུར་བྱུང་།

5.jpg

  • པེ་ཅིང་ཧའེ་ཏིན་ཉེན་རྟོག་གིས་ཚེས་11ཉིན་བསྟན་དོན། ཧྲེན་གེ་མོ་སོགས་མི་3ཡོན་མིང་ཡོན་གྱི་རྗེས་ཤུལ་དུ་འགོས་པར། ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས།

6.jpg

  • ཉིན་འགའི་སྔོན། ཁྲུང་ཆིང་གིས་ཅུན་ཡུན་རི་བོའི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ཞིང་། ན་ནིང་རི་མེ་རོགས་སྐྱོབ་ཏུ་ཞུགས་པའི་དང་བླངས་པ་བཅུ་ལྷག་ཡང་བསྐྱར་ཐོན་ནས། མཉམ་དུ་རི་སྐེད་སྙེགས་ནས་སྡོང་འཛུགས་བྱས།

7.png

  • ཚེས་10ཉིན། རིང་ཚད་ལ་སྨི་2དང་ལྗིད་ཚད་རྒྱ་མ400ཅན་གྱི་མཚོ་ཕག་ཅིག་ཧའེ་ནན་ཁྲང་ཅང་མཚོ་འགྲམ་གྱི་མི་གཏིང་སར་ལུས་ཡོད་དེ། དུས་ཚོད་3རིང་ལ་རོགས་སྐྱོབ་བྱས་པ་བརྒྱུད་མཚོ་ཕག་དེ་སྐྱོབ་ཐུབ་སོང་།

སྲིད་ཇུས།

  • ཧྲང་ཧེ་ཡིས་སྤྱི་བའི་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། ཁྲིམས་ལུགས་ཁྲིམས་སྲོལ་གྱིས་གཏན་ཁེལ་བྱས་པ་མ་གཏོགས། སྤྱི་བའི་གཞི་གྲངས་ཚང་མ་སྦྲེལ་གནས་དང་དྲ་ཐོག་ཏུ་བཞག་ནས། མཉམ་སྤྱོད་གངས་ལེགས་བྱེད་རྒྱུ། 

  • ཀྲེ་ཅང་གིས་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་གཏོང་ཚད་བཀག་ལག་བསྟར་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། 2025ལོར་སླེབས་དུས། མཁར་གྲོང་གི་མི་འབོར་མང་བའི་ས་ཁུལ་གྱི་རྫས་འགྱུར་རྫས་ཐོན་སྐྱེད་ཁེ་ལས་གནས་སྤོར་ལེགས་བཅོས་ཀྱི་ལས་འགན་ཡོངས་འགྲུབ་བྱ་རྒྱུ།

  • ཧྲན་ཞི་ཡིས་ཁྲིམས་སྲོལ་གསར་བ་བཏོན་ནས། སློབ་ཚན་རིགས་དང་སློབ་ཚན་རིགས་མ་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་གྲོན་དངུལ་ཚང་མ་ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་དང་། གསོ་སྦྱོང་དངུལ་བུན་གྱི་བྱེད་ཐབས་སྤྱད་ནས་གསོ་སྦྱོང་གྲོན་དངུལ་སྤྲད་མི་ཆོག

འཚོ་བའི་དྲན་སྐུལ།

དེ་རིང་གི་གནམ་གཤིས། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ཞིན་ཅང་ཅང་བྱང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད། ཧུ་པེ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ཅང་ནན་གྱི་ས་ཁུལ་མང་ཆེ་བ་དང་ཧྭ་ནན་གྱི་ས་ཁུལ་མང་ཆེ་བའི་ས་ཆ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།

7.jpg

  • ཧྲང་ཧེ། ཚེས14ཉིན་ནས་བཟུང་། ས་འོག་ལྕགས་ལམ་ཨང་རྟགས16གི་ལམ་ཐིག་གི་ལས་སྒྲུབ་ཉིན་གྱི་ཐད་གཏོང་རླངས་འཁོར་འཆར་འགོད་སྙོམ་སྒྲིག་བྱས། དེའི་ནང་། དུས་ཚོད་18སྟེང་ཏེས་ཧྲེ་མཚོ་ས་ཚིགས་ནས་ལུང་དབྱང་ལམ་ས་ཚིགས་བར་གྱི་ཐད་གཏོང་རླངས་འཁོར་རེབ་གཅིག་ཁ་སྣོན་བྱས།

  • ཀྲེན་ཀྲིའུ། “དཔྱིད་ཟླ་གསུམ་པར། ལས་ཞུགས་བྱེད་འོས།”ཕྱོགས་བསྡུས་གདན་ཞུ་ཚོགས་འདུ་ཆེན་མོ་ཚེས16ཉིན་དང་ཚེས་17ཉིན་འཚོགས་རྒྱུ་དང་། ལས་ཁུངས200་ལྷག་གིས་ལས་ཞུགས་ལས་གནས་11300་ལྷག་མཁོ་འདོན་བྱེད་རྒྱུ་རེད།


མཉམ་སྤྱོད།