དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་དང་སྲིད་གཞུང་མ་ལག་གི་སྲིད་གཙང་ལས་དོན་ཚོགས་འདུ་འཚོགས་པ།

2023-03-12 11:20:26   |   1088

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


    ཟླ3ཚེས11ཉིན། མདོ་ལ་རྫོང་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་དང་སྲིད་གཞུང་མ་ལག་གི་སྲིད་གཙང་ལས་དོན་ཚོགས་འདུ་འཚོགས་ནས“ཚོགས་འདུ་གཉིས”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མགྱོགས་མྱུར་བྱས་པ་དང་། མི་དམངས་འཐུས་མི་ཚོགས་འདུའི་ཐོག་གྲོས་ཞིབ་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་ཞུ》དང་དམངས་ཀྱི་ཆེད་དུ་བྱ་བ་དངོས་མ་སྒྲུབ་པའི་རྣམ་གྲངས་ཞིབ་ཚགས་སུ་རིགས་དགར་ཞིང་། སྲིད་གཞུང་མ་ལག་གི་སྲིད་གཙང་ལས་དོན་བཀོད་སྒྲིག་བྱས་ཏེ་ལས་འགན་དང་བགྲོད་ལམ་སྔར་བས་ཁ་གསལ་དུ་བཏང་། སྲིད་གཞུང་མ་ལག་གི་ཁྱོན་ཡོངས་ཏང་སྐྱོང་ནན་མོ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་རྒྱུན་མཐུད་ངང་སྐུལ་འདེད་བྱས་པ་དང་། རྫོང་ཁོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཤུགས་ཆེན་པོས་ཇེ་མགྱོགས་སུ་བཏང་། རྫོང་སྲིད་གཞུང་གི་རྫོང་དཔོན་ཧོ་ཧྲེང་ཅེས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བསམ་འགྲུབ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

1.jpg

2.jpg

3.jpg

4.jpg

  ཚོགས་འདུའི་བླང་བྱ་བཏོན་པ། ཡུལ་གྲོང་ཁག་དང་སྡེ་ཚན་སོ་སོས་བསམ་བློ་སྔར་བས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ“འགོ་བཙུགས་མ་ཐག་དམག་འཐབ་བྱེད་པའི”འདུ་ཤེས་དང་། “རྒྱུགས་མ་ཐག་མཐའ་མའི་མཆོང་རྒྱུགས་བྱེད་པའི”རྣམ་འགྱུར་གྱིས་དུས་ཚིགས་ཐོག་མའི“འགོ་འབྱེད་ལེགས་པོ”བརྩོན་ལེན་བྱས་ནས“དུས་ཚིགས་ཡོངས་ལེགས་པའི”ཐོག་ནས“ལོ་ཧྲིལ་པོར་ལེགས་པའི”འགན་ལེན་བྱེད་དགོས། གཅིག་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་དགོས། འཕྲལ་མར་རྣམ་པར་སླེབས་པ་དང་། སྙིང་སྟོབས་ཆེར་སྐྱེད། རང་གིས་རང་ལ་གནོན་ཤུགས་སྤྲོད་པ། དམིགས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཏན་ལ་ཕབ་ཟིན་པའི་ལས་ཀའི་བྱེད་ཐབས་རབ་དང་རིམ་པ་དང་། བཙུགས་ཟིན་པའི་འགན་སྲུང་བྱེད་ཐབས་རབ་དང་རིམ་པ་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལོ་འཁོར་གྱི་སྔོན་དཔག་དམིགས་འབེན་ཆད་ལུས་མེད་པར་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས། གཉིས་ནས་འགན་འཁྲི་གཏན་འཁེལ་བརྒྱུད་དོན་འཁྱོལ་དམ་འཛིན་བྱེད་དགོས། ཡུལ་གྲོང་ཁག་དང་སྡེ་ཚན་སོ་སོས་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོ་བ་དང་འགན་འཁྲིའི་ནང་དོན་ཚད་འབེབས་བྱས་ཏེ《སྲིད་གཞུང་གི་ལས་དོན་སྙན་ཞུ》དང་། དམངས་ཀྱི་ཆེད་དུ་བྱ་བ་དངོས་མ་སྒྲུབ་པའི་རྣམ་གྲངས་ཀྱི་ལས་འགན་ཁག་བགོས་ཇུས་གཞི། དེ་བཞིན“གསལ་ཐོ་གལ་ཆེན་བཞི”གཞིར་བཟུང་མི་སྣ་གཏན་འཁེལ་དང་། ལས་འགན་གཏན་འཁེལ། དུས་བཀག་གཏན་འཁེལ། ཚད་གཞི་གཏན་འཁེལ། བྱ་དགའ་ཆད་གཅོད་གཏན་འཁེལ་བཅས་བྱེད་དགོས། གསུམ་ནས་ཁྲིམས་ལ་བརྩི་འཇོག་དང་ཁྲིམས་ལྟར་དོན་འཁྱོལ་དམ་འཛིན་བྱེད་དགོས། རང་རྟོགས་ངང་ཏང་སྒྲིག་རྒྱལ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་དགོངས་དོན་ལ་གོ་བ་ལེན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཤེས་རྟོགས་ཟབ་མོ་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་བཅས་བྱས་ཏེ“རང་རྟོན་བཞི”སྲ་བརྟན་དུ་གཏོང་བའི་ཁྲོད་ཁྲིམས་སྐྱོང་ལག་ལེན་གཏིང་ཟབ་ཏུ་གཏོང་དགོས། རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་གཅུན་སྡོམ། རང་གིས་རང་ལ་ལྟ་སྐུལ་བཅས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཁྲིམས་བཀོད་དབང་མཚམས་དང་གོ་རིམ་ལྟར་འགན་དབང་ནན་པོར་བསྒྲུབ་དགོས། བཞི་ནས་སྒྲིག་བརྩི་ཁྲིམས་སྲུང་གིས་དོན་འཁྱོལ་དམ་འཛིན་བྱེད་དགོས། 《སྲིད་གཞུང་ལས་དོན་སྒྲིག་སྲོལ་》དང་། 《སྲིད་གཞུང་ཏང་ཙུའུ་ཡི་གྲོས་དོན་སྒྲིག་སྲོལ》 《“གལ་ཆེན་བཞི་དང་དོན་ཆེན་གཅིག”གི་དོན་དག་ཐུན་མོང་ཐོག་ཇུས་ཐག་གཅོད་པའི་ལམ་ལུགས》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཇུས་ཐག་མ་བཅད་གོང་རིགས་པས་དཔྱད་སྒྲུབ་གང་ལེགས་བྱེད་པ་དང་། ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱ་དགོས། 《སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་ཚེ་གང་འགན་འཁྲི་བདའ་འདེད་བྱེད་ཐབས》དང《གནད་དོན་གལ་ཆེན་གྱི་འགན་འཁྲི་ལྡོག་བཤེར་ལམ་ལུགས》ལག་བསྟར་ནན་ཏན་བྱས་ནས་རྩིས་བཤེར་དང་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། གཙོ་གནད་ལས་དོན་དང་ཁྱབ་ཁོངས་གལ་ཆེན་ལ་བརྒྱུད་རིམ་ཧྲིལ་བོ་དང་ཁྱོན་ཡོངས་ལ་ཁྱབ་པའི་རྩིས་བཤེར་དང་ལྟ་སྐུལ་ལག་བསྟར་སྒོས་གདུབ་ཟུམ་དོ་དམ་མ་ལག་ཆགས་པར་བྱེད་དགོས། ལྔ་ནས་བྱེད་ཐབས་གསར་གཏོད་དང་དོན་འཁྱོལ་དམ་འཛིན་བྱེད་དགོས། “གོང་རིམ་གནས་ཚུལ་ཁོང་དུ་ཆུད་པ”དང་། “ཕྱི་ཕྱོགས་གནས་ཚུལ་གདེང་ཚོད་ཀྱིས་ཟིན་པ”། ཕྱོགས་ཡོངས་ནས“རྫོང་གི་གནས་ཚུལ་རྟོགས་པ”བཅས། བསམ་བློ་དང་བྱ་སྤྱོད་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་སློབ་སྦྱོང་མཐར་ཕྱིན་པ་དང་། ཤེས་རྟོགས་ཐུབ་པ། དང་ལེན་ཐུབ་པ། བེད་སྤྱོད་ཡག་པོ་ཐུབ་པ་བཅས་བྱེད་དགོས། དྲུག་ནས་འགན་འཁྲི་ཁུར་ལེན་སྒོས་དོན་འཁྱོལ་དམ་འཛིན་བྱེད་དགོས། བྱ་གཞག་གི་ཆེད་དུ་འགན་འཁྲི་ཁུར་ལེན་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ལས་འགན་ཕྲག་ཏུ་འཁུར་བ་དང་འགན་འཁྲི་དོན་དུ་འཁྱོལ་བར་བྱེད་དགོས། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་ཚུལ་ཡང་དག་པ་བཅངས་ཏེ། གོ་ས་གང་དུ་གནས་ན་སྲིད་འགན་དེ་ལྟར་འཁུར་བ་དང་། འགན་འཁྲི་དེ་མཚུངས་སུ་བསྟར་ནས། ལོ་རྒྱུས་ཀྱིས་བསྐྱུར་བའི་ཡིག་སྐུར་ངོ་བཅར་གནད་དོན་དང་ལོ་རྒྱུས་རང་བཞིན་གྱི་ཤུལ་ལུས་གནད་དོན་གྱི་རྩིས་ཐོ་རྙིང་བ་ལེགས་སྒྲིག་བྱེད་དགོས། མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་། བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་དཀའ་སྡུག་ཤེས་རྟོགས་བཅས་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་སློབ་གསོ་དང་། འཕྲོད་བསྟེན། སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་ཁྱབ་ཁོངས་ཀྱི་དམངས་འཚོའི་ལས་དོན་ཡག་པོར་སྒྲུབ་པ་དང་། ཏན་ཏིག་ངང་སྒྲུབ་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས། འབྲེལ་ཡོད་རྫོང་དཔོན་གཞོན་པ་དང་འཕྲོད་བསྟེན་སོགས་འགན་ནུས་སྡེ་ཚན་དང་དེ་བཞིན་ཡུལ་གྲོང་ཁག་གིས་དུས་བབ་ལ་དབྱེ་ཞིབ་དཔྱད་གཅོད་བྱེད་པ་དང་། སྔ་ཙམ་ནས་ལས་དོན་འཆར་འགོད་དང་ཁ་གཏད་གཅོག་ཐབས་ཞིབ་འཇུག་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཆམ་རིམས་ཀ་བ་དང་ནོ་རུའུ་ནད་དུག་འགོག་སྡོམ་ལས་དོན་ཡག་པོར་བསྒྲུབ་དགོས། བདུན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་དམ་འཛིན་བྱེད་དགོས། རྫོང་ཨུའི་འགོ་ཁྲིད་མཐའ་གཅིག་ཏུ་དང་ལེན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཐད་གཡོ་འགུལ་མི་ཐེབས་པར་བྱེད་དགོས། ཁྱོན་ཡོངས་ཀྱི་ངོས་ནས་གནད་དོན་ལ་བསམ་གཞིགས་བྱེད་དགོས་པ་དང་། ལྷག་པར་དུ་མ་དངུལ་དང་ལས་གཞི་སོགས་གནད་དོན་གལ་ཆེན་དང་འབྲེལ་ཚེ་འབྲེལ་གཏུག་མང་ཙམ་དང་གྲོས་སྡུར་མང་ཙམ་བྱས་ཏེ། གཅིག་འདོམས་བྱེད་པ་ལས་གཅིག་གཅོད་མི་བྱེད་པ་དང་། བཀག་རྒྱ་གློད་པ་ལས་ལྷོད་གཡེང་མི་བྱེད་པ། དོན་ཆེན་ལ་རྩ་དོན་འཛིན་པ། དོན་ཆུང་ལ་སྤྱོད་ཚུལ་འཛིན་པ་བཅས་བྱེད་དགོས། སྡེ་ཚན་དང་སྡེ་ཚན་དབར་དང་། ཡུལ་གྲོང་དང་སྡེ་ཚན་དབར་འབྲེལ་གཏུག་ཧུར་ཐག་དང་སྤེལ་རེས་ཧུར་ཐག་བྱས་ཏེ། འགན་ནུས་སྣོལ་སྡེབ་དང་། སྔ་རྗེས་ཁུར་ལེན། སྡེ་ཚན་མང་པོ་མཉམ་ཞུགས་དང་འབྲེལ་བའི་ལས་དོན་ཐད་རྒྱུན་ཆད་མེད་པ་དང་ཁག་འགེལ་མེད་པར་འགན་ལེན་བྱེད་དགོས། བརྒྱད་ནས་སྤྱོད་བཟང་རང་ཚུགས་ལྡན་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་བྱེད་མུས་སུ་ཡོད་པ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ། དེ་བཞིན་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་ལེ་ལག་ཚང་བའི་བྱེད་ཐབས་བརྩི་སྲུང་ནན་ཏན་ཞུས་ནས“སྤྱོད་ཚུལ་བཞི”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱས་ཏེ་འཆམ་མཐུན་དང་། དྭངས་གཙང་། བདེ་ཐང་། ཡར་ཐོན་བཅས་ཀྱི་སྲིད་ཚོང་འབྲེལ་བ་གསར་བ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྲིད་གཞུང་གི་སྣང་བརྙན་རང་རྟོགས་ངང་སྲུང་སྐྱོང་དང་། ལག་གི་དབང་ཆར་གུས་ཞུམ་ཡོད་པ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལ་གཙིགས་ཆེན་བཅས་བྱེད་དགོས།

5.jpg

6.jpg

   རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཁག་དང་། ཡུལ་ཚོ(གྲོང་རྡལ)སོ་སོའི་མི་དམངས་སྲིད་གཞུང་གི་ཡུལ་དཔོན། རྫོང་སྲིད་གཞུང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་ཁུལ་གྱི་རྫོང་དུ་བཅའ་སྡོད་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།