དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ་འདེམས་བསྐོ་བརྒྱུད་དེ་སྐབས་གསར་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་བདམས་ཐོན་བྱུང་།

2023-03-12 10:44:42   |   155

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


   ཟླ3པའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།  ཚོགས་ར་ཡོངས་ནས་དུས་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

1.jpg

   ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ་འདེམས་བསྐོ་བརྒྱུད་དེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

   ཐེངས་འདིའི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་སྐབས། ཚོགས་ར་ཡོངས་ནས་དུས་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

2.jpg

   ཟླ3པའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།   འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་ཚུལ་རེད། 

   གྲོས་ཚོགས་ཀྱིས་ད་དུང་ཀྲའོ་ལི་ཅི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཧན་ཀྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱས།

   སྔ་དྲོའི་དུས་ཚོད9སྟེང་དུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས།

   ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཚོགས་འདུར་ཞུགས།

   ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་བདུན་ཡོད་ཅིང་། འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་གཉིས་དངོས་སུ་ཚོགས་འདུར་ཞུགས་ཡོད་ལ། འཐུས་མི་ཉེར་ལྔ་ཚོགས་འདུར་ཞུགས་ཐུབ་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།

   ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲིན་དང་ཝང་མིན་ཧོས། ཞུས་ཆིན། ཧྲིན་ཞའོ་མེན། ཀྲིག་ཙུའུ་དབྱི། ཀྲིན་ཅན་མེན། ལེང་ཡན་ཧྲུན། ཡུས་ཡུན་ལིན། ལན་ཧྥོ་ཨན་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སུ་བསྡད་ཡོད།

   ཚོགས་ཐོག་ནས་ཐོག་མར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ནས་ཇུས་གཞི་དེར་ཆོག་མཆན་བཀོད། ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་ཐད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་འཇོག་གཏན་འཁེལ་གྱི་བྱེད་ཐབས་ལ་གྲོས་འཆམ་བྱུང་།

  ཚོགས་ཞུགས་འཐུས་མིས་བརྡས་ཐག་བཅད་པ་བརྒྱུད་དེ་འཐུས་མི་སོ་ལྔ་ལས་གྲུབ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་གྲོས་འཆམ་བྱུང་། ཧྲི་ཞའོ་ལིན་དང་ལིན་ཧུང་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པར་བསྐོ་འཇོག་བྱས།

  དུས་ཚོད་དགུ་དང་སྐར་མ་ཉེར་བདུན་གྱི་སྟེང་དུ་འདེམས་བསྐོའི་ལས་དོན་དངོས་སུ་སྤེལ། འདེམས་ཤོག་ལྟ་ཞིབ་པས་དང་ཐོག་ཚོགས་ར་རུ་བཙུགས་ཡོད་པའི་གློག་རྡུལ་འདེམས་ཤོག་འཕེན་སྒམ་དང་གློག་རྡུལ་འདེམས་བསྐོའི་མ་ལག་ཉེར་བརྒྱད་ལ་ཞིབ་བཤེར་བྱས་རྗེས།  ལས་བྱེད་མི་སྣས་འདེམ་ཤོག་བགོས། ཚོན་མདོག་མི་འདྲ་བའི་འདེམས་ཤོག་བཞི་འཐུས་མི་རེ་རེའི་ལག་ཏུ་སྤྲད། འདེམས་ཤོག་རྣམས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེའི་ལམ་ནས་དཔར་དུ་བཏབ་ཡོད།

   དེའི་རྗེས་འཐུས་མི་ཚོས་འདེམས་ཤོག་འབྲི་མགོ་བརྩམས་པ་དང་། ཚོགས་རའི་ལྟག་རྒྱབ་ཏུ་གསང་བའི་འདེམས་ཤོག་འབྲི་ས་བཙུགས་ཡོད།

   འདེམས་བསྐོ་དང་བསྐོ་འཇོག་གཏན་འཁེལ་བྱེད་ཐབས་གཞིར་བཟུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གྲངས་མཉམ་འདེམས་བསྐོ་བྱས།

   སྔ་དྲོའི་དུས་ཚོད9དང་སྐར་མ51གི་སྟེང་དུ། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་སྔོན་ལ་འདེམས་ཤོག་འཕངས་པ་དང་། དེའི་རྗེས་འཐུས་མི་རྣམས་ཀྱིས་འདེམ་ཤོག་དངོས་སུ་འཕེན་འགོ་བརྩམས། འདེམས་ཤོག་འཕངས་ཚར་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་ཕར་བཀྲམ་པ་དང་ཚུར་བསྡུས་པའི་གནས་ཚུལ་སྙན་ཞུ་ཕུལ་ནས་འདེམས་བསྐོ་ཕན་འབྲས་ལྡན་པར་བྱས།

   ལས་བྱེད་མི་སྣས་འདེམས་ཤོག་གི་རྩིས་གྲངས་བླངས་པའི་མཇུག་འབྲས་སྒྲོག་འདོན་བྱས།

    འདེམས་ཤོག་གི་རྩིས་གྲངས་མཇུག་འབྲས་ལས་མངོན་པ་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམས་བསྐོའི་ཁྲོད་དུ་ཞི་ཅིན་ཕིང་ལ་འདེམས་ཤོག་སྟོང་གཉིས་དང་དགུ་བརྒྱ་ང་གཉིས་ཡོད་པ་ཚང་མ་ཐོབ། ཚོགས་རའི་མི་ཚང་མ་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་བརྡེབས།

    ཟླ3པའི་ཚེས10ཉིན།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་། འདི་ནི་ཞི་ཅིན་ཕིང་དང་ལིས་ཀྲན་ཧྲུའུ་ཡི་ཕྱག་འཇུ་གནང་བའི་ཚུལ་རེད། 

    ཚོགས་ཆེན་གྱི་མགོ་འཛིན་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད་ཅེས་བསྒྲགས་པ་ན། ཞི་ཅིན་ཕིང་གིས་འཐུས་མི་ཚོར་གུས་འདུད་ཞུས་པ་དང་། འཐུས་མི་ཡོངས་ཀྱིས་དུས་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོའི་བརྡེབས་ནས་ཞི་ཅིན་ཕིང་ལ་གུས་འདུད་ཞུས། ཞི་ཅིན་ཕིང་གི་ཉེ་འགྲམ་དུ་ལངས་ཡོད་པའི་ཀྲའོ་ལི་ཅི་དང་ལིས་ཆང་གིས་ཞི་ཅིན་ཕིང་ལ་ཕྱག་འཇུ་བྱས་ནས་ཁོང་ལ་རྟེན་འབྲེལ་ཞུས།

    ཚོགས་ཆེན་གྱི་མགོ་འཛིན་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་སྐབས། ཚོགས་རའི་ནང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་།  ཞི་ཅིན་ཕིང་གིས་འཐུས་མི་ཚོར་གུས་འདུད་ཡང་ཡང་ཞུས།

    དེའི་རྗེས་ཚོགས་ཆེན་གྱི་མགོ་འཛིན་པས་རིམ་པ་བཞིན་བློ་མཐུན་ཀྲའོ་ལི་ཅི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། བློ་མཐུན་ཧན་ཀྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པའི་གནས་ཚུལ་བསྒྲགས།

    ལིས་ཧུང་ཀྲུང་དང་ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐིས·ཀྲ་ཁི་ཨར་བཅས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་།

    བློ་མཐུན་ལིའུ་ཆི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་།

    འདེམས་བསྐོའི་མཇུག་འབྲས་རེ་རེ་ཁྱབ་བསྒྲགས་བྱེད་སྐབས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།

   ཟླ3པའི་ཚེས10ཉིན།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་། འདི་ནི་ཞི་ཅིན་ཕིང་དང་གསར་དུ་བདམས་ཐོན་བྱུང་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་རྣམ་གཉིས་ཀྱི་ཕྱག་འཇུ་གནང་བའི་ཚུལ་རེད། 

   ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡར་ལངས་ནས་འཐུས་མི་ཚོར་གུས་འདུད་ཞུས། དེའི་རྗེས་ཁོ་ཞི་ཅིན་ཕིང་ཡོད་སར་བཅར་ནས་ཁོང་གཉིས་ཀས་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་།  ཞི་ཅིན་ཕིང་གིས་ཀྲའོ་ལི་ཅི་ལ་རྟེན་འབྲེལ་ཞུས།  ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ལ་ཕྱག་འཇུ་བྱས་ནས་ཕན་ཚུན་གུས་འདུད་ཞུས།

5.jpg

   ཟླ3པའི་ཚེས10ཉིན།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་། འདི་ནི་ཞི་ཅིན་ཕིང་དང་གསར་དུ་བདམས་ཐོན་བྱུང་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་རྣམ་གཉིས་ཀྱི་ཕྱག་འཇུ་གནང་བའི་ཚུལ་རེད། 

   ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཡར་ལངས་ནས་འཐུས་མི་ཚོར་གུས་འདུད་ཞུས།  དེའི་རྗེས་ཧན་ཀྲིན་ཞི་ཅིན་ཕིང་གི་ཉེ་གམ་དུ་བཅར་ནས་ཁོང་གཉིས་ཀས་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་། ཞི་ཅིན་ཕིང་གིས་ཧན་ཀྲིན་ལ་རྟེན་འབྲེལ་ཞུས། དེའི་རྗེས་ཧན་ཀྲིན་གྱིས་བློ་མཐུན་ཝང་ཆི་ཧྲན་ལ་ཕྱག་འཇུ་བྱས་ཏེ་ཕན་ཚུན་ལ་གུས་ལན་ཞུས།

6.jpg

   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྐོར་གྱི་རྩ་འཛུགས་བྱེད་ཐབས་གཞིར་བཟུང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ཡོངས་འགྲུབ་བྱས་རྗེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

   སྔ་དྲོའི་དུས་ཚོད་11དང་སྐར་མ7གྱི་སྟེང་དུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆས་ཚོགས་པས་རོལ་དབྱངས་དཀྲོལ་ནས་དུང་བརྡ་བཏང་།

   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་གི་གུས་དམག་བཅུ་གཉིས་ཀྱིས་གྲལ་གཉིས་སུ་བགོས་ནས་ཚོགས་རའི་རྒྱབ་ཕྱོགས་ནས་ཀྲུའུ་ཞི་སྟེགས་བུའི་མདུན་སར་དྲང་ཐད་ཀྱིས་བསྐྱོད་དེ་ཡུན་རིང་ལངས།

   ཚང་མ་ཡར་ལངས། ཀྲུའུ་ཞི་སྟེགས་བུའི་སྟེང་དུ། གུས་དམག་གསུམ་དྲང་ཐད་ཀྱིས་ཡོང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཚོགས་རར་བསྐྱལ་བར་མ་ཟད། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྟེགས་བུའི་སྟེང་དུ་བཞག

   དམག་མིའི་རོལ་ཆས་ཚོགས་པའི་རམ་དཀྲོལ་འོག་ཏུ། ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསེང་མཐོན་པོས་བླངས།

   དེའི་རྗེས་ལས་བྱེད་མི་སྣས་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་དམ་བཅའ་འཇོག་རོགས་ཞེས་ཁྱབ་བསྒྲགས་བྱས།

7.jpg

    ཟླ3པའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།   འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་ཚུལ་རེད། 

    ཀྲུའུ་ཞི་ཡར་ཕེབས་དགོས་པའི་དུང་བརྡ་བསྒྲགས་མ་ཐག་ཏུ། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་སྟེང་ནས་ཡར་བཞེངས་ཏེ། གོམ་སྟབས་བརྟན་པོའི་ངང་དམ་བཅའ་འཇོག་པའི་སྟེགས་བུའི་སྟེང་བུད།

   ཀྲུའུ་ཞི་སྟེགས་བུའི་རྒྱབ་ཀྱི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ནས་གཟི་མདངས་ལམ་ལམ་འཚེར། ཡུལ་དངོས་སུ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྟོང་གསུམ་ལྷག་གིས་བླ་ན་མེད་པའི་དུས་སྐབས་དེར་མཉམ་དུ་བདེན་དཔང་བྱས།

8.jpg

    ཟླ3པའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།   འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་ཚུལ་རེད། 

   ཞི་ཅིན་ཕིང་གིས་ཕྱག་གཡོན་པ་རྩ་ཁྲིམས་ཀྱི་སྟེང་དུ་བཞག་པ་དང་ཕྱག་གཡས་པས་ཁུ་ཚུར་བཅངས་ནས་གཟི་བརྗིད་ལྡན་པའི་སྒོ་ནས་དམ་བཅའ་བཞག ཞི་ཅིན་ཕིང་གིས“ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་སྒྲུབ་པ། མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་པ། མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ། རང་འགན་གཙང་སྒྲུབ་བྱེད་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཆེད་འབད་འབུངས་ཧུར་ཐག་བྱེད་རྒྱུ་ཡིན”ཞེས་དམ་བཅའ་བཞག

  བརྗིད་ཉམས་ལྡན་པའི་དམ་བཅའ་འཇོག་པའི་སྐད་སྒྲ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྲིལ་བོར་ཁྱབ།

  ཞི་ཅིན་ཕིང་གིས་དམ་བཅའ་བཞག་ཚར་རྗེས་ཚོགས་ར་ཡོངས་ལ་གུས་འདུད་ཞུས་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

  དེའི་རྗེས་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཀྱང་སོ་སོར་རྩ་ཁྲིམས་ལ་དམ་བཅའ་བཞག་པ་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། དྲུང་ཡིག་ཆེན་མོས་མཉམ་དུ་དམ་བཅའ་བཞག


མཉམ་སྤྱོད།