དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་མཱ་ཝེ་ཧྲིན་འཁོར་དང་བཅས་པ་མཐོན་པོ་སྒང་དུ་བསྐྱོད་དེ་སློབ་སྦྱོང་དང་བརྟག་ཞིབ་གནང་།

2023-03-12 10:35:28   |   142

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


   ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོར། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཕེབས་རོགས་འོག་མཚོ་སྔོན་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་མཱ་ཝེ་ཧྲིན་གྱིས་ཏང་ཨུའི་ཚན་ཁག་གི་ཁོངས་མི་དང་སློབ་གླིང་། སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་མི13ཁྲིད་དེ་མཐོན་པོ་སྒང་མཁའ་དམག་གི་རྗེས་ཤུལ་དུ་བསྐྱོད་ནས་སློབ་སྦྱོང་དང་བརྟག་ཞིབ་གནང་།

1.jpg

   བརྟག་ཞིབ་གནང་སྐབས། ཤ་བོ་སྐྱབས་ཀྱིས་མཱ་ཝེ་ཧྲིན་འཁོར་དང་བཅས་པ་ཁྲིད་དེ་བྱེ་མ་གསེར་ལྡན་དང་ཁེའུ་ཐོས་བྱེ་བཅོས་ཁུལ། བྱེ་གླིང་། མཚོ་སྙིང་། ཁེ་རམས་ཐང་། བྱ་གླིང་དང221རྟེན་གཞིའི་ཡན་ལག་བཟོ་གྲྭ་སོ་སོ་དང་གསེར་དངུལ་ཐང་། ནུབ་མཚོ་གྲོང་རྡལ་བཅས་ལ་རྒྱང་ལྟ་བྱས་པ་རེད། མཐོན་པོ་སྒང་མཁའ་དམག་གི་རྗེས་ཤུལ་དུ། དམག་སྒར་གྱི་སྔར་ཡོད་རྣམ་པར་སླར་གསོ་བྱ་རྒྱུའི་བྱ་བའི་འཆར་གཞི་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། དེའི་རྗེས་མཐོན་པོ་སྒང་མཁའ་དམག་རེག་བརྡ་ས་ཚིགས་ཀྱི་རྗེས་ཤུལ་དུ་བཅིངས་འགྲོལ་དམག་མཁའ་དམག་ས་སྲུང་དཔུང་སྡེའི་སྨི4024ཡི་སྤྲིན་ཐོག་སྒར་ས་དང221ས་སྲུང་རྟེན་གཞིའི་མི་སེམས་འགུལ་བའི་གཏམ་རྒྱུད། གསར་བརྗེའི་སྔོན་བྱོན་པ་ཚོས་བྱ་བ་སྒྲུབ་མྱོང་བའི་ཡུལ་དངོས་བཅས་སུ་མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཉམ་ལས་ཤུགས་ཆེན། མདུན་སྐྱོད་བྱེད་ཕོད་པ་བཅས་ཀྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཅས་ལ་རང་སྟེང་ནས་ཉམས་ལེན་བྱས། ཤ་བོ་སྐྱབས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་ཁང་། ཡུལ་སྐོར་སློབ་གླིང་། རྩོམ་རིག་དང་གསར་འགྱུར་བརྒྱུད་སྒྲོག་སློབ་གླིང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སོགས་སློབ་གླིང་གི་དགེ་སློབ་མཐོན་པོ་སྒང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པར་གདན་དྲངས་པ་རེད། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཤེས་ལྡན་མི་སྣའི་ལེགས་ཆ་དང་ཚན་ཞིབ་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་གིས་མཐོན་པོ་སྒང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སྐྲུན་པ་དང་གསར་བརྗེའི་སློབ་གསོ་དང་གནའ་ཤུལ་སྲུང་སྐྱོང་དང་བེད་སྤྱོད་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་རེ་བ་ཡོད་ཟེར།

2.jpg

   ཡུལ་དངོས་ནས་ལྟ་སྐོར་དང་སློབ་སྦྱོང་བརྟག་ཞིབ་བྱས་པ་བརྒྱུད། མཱ་ཝེ་ཧྲིན་གྱིས་མཐོན་པོ་སྒང་གི་ས་ཁོངས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ། ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་ལེན་དང་། གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སོགས་ཁྱབ་ཁོངས་ནང་ལྷག་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆའི་ཐད་ངོས་འཛིན་གསར་རྐྱང་དང་མྱོང་ཚོར་དེ་བས་གཏིང་ཟབ་བྱུང་ཡོད་ཟེར། མཱ་ཝེ་ཧྲིན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སློབ་གྲྭ་དང་མཚོ་བྱང་གི་མཉམ་ལས་སྤེལ་རེས་ལ་སྔར་བས་ཤུགས་བསྣན་ནས་སློབ་མས་ཞིབ་འཇུག་སློབ་སྦྱོང་དང་ལས་བྱེད་པའི་གསོ་སྦྱོང་སློབ་གསོ། ཚན་ཞིབ་མཉམ་ལས་བཅས་ཀྱི་བརྗེ་རེས་བརྒྱུད་སློབ་གྲྭ་དང་ས་གནས་ཀྱིས“ཕྱོགས་གཉིས་ནུས་ལྡན”གྱི་རྣམ་པ་གསར་བ་ཧུར་ཐག་གཏོད་དགོས། མར་ཁེ་སི་རིང་ལུགས་སློབ་གླིང་དང་ཡུལ་སྐོར་སློབ་གླིང་། རིག་གནས་རྣམ་ཐར་སློབ་གླིང་། རྒྱུན་མཐུད་སློབ་གསོ་སློབ་གླིང་སོགས་ཀྱི་དགེ་སློབ་རྩ་འཛུགས་ཀྱིས་ཁག་ཐེངས་དབྱེ་ནས་མཐོན་པོ་སྒང་དུ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་རང་སྲོག་བློས་བཏང་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ། སྐྱེ་ཁམས་དཔལ་ཡོན་སློབ་གསོ་དང་གསར་བརྗེའི་ཕུགས་བསམ་དད་སེམས་གུས་བཀུར། རིག་གཞུང་ཞིབ་འཇུག་མཉམ་ལས་དང་བརྗེ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ“མཚོ་སྔོན་གསར་བརྗེའི་རིག་གནས་ཞིབ་འཇུག་ཁང”ལ་བརྟེན་ནས221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོང་བེད་སྤྱོད་དང་མཐོན་པོ་སྒང་གི་གསར་བརྗེའི་རིག་གནས་སྔོག་འདོན་བྱ་རྒྱུར་དམ་པོར་དམིགས་ནས་གསར་བརྗེའི་སྙིང་སྟོབས་ལ་ཞིབ་འཇུག་བྱས་ཏེ་སློབ་གྲྭའི་ཏང་ཡོན་དང་ལས་བྱེད་པ། གསར་དུ་འོང་པའི་དགེ་རྒན་བཅས་རྩ་འཛུགས་བྱས་ཏེ་མཐོན་པོ་སྒང་གསར་བརྗེའི་སློབ་གསོ་དང་ཏང་གཤིས་སློབ་གསོ། རྒྱལ་ཁབ་ཀྱི་གནས་ཚུལ་སློབ་གསོ་བཅས་སྤེལ་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་རྒྱུ་ཡིན་པར་བསྟན།

3.jpg

    མཱ་ཝེ་ཧྲིན་འཁོར་དང་བཅས་པས་མཐོན་པོ་སྒང་གི་རི་རྩེ་ནས་མཚོ་སྔོན་པོ་དང་ནུབ་མཚོ་གྲོང་རྡལ་གྱི་ཡུལ་ལྗོངས་ཡོངས་ལ་ལྟ་སྐབས། རྩྭ་ཐང་གི་མཛེས་ལྗོངས་ལ་མྱོང་རོལ་དང་གསར་བརྗེའི་གཏམ་རྒྱུད་ལ་ཉན་པ། གསར་བརྗེའི་རྗེས་ཤུལ་ཉམས་ལེན་བྱེད་པ། མཐོན་པོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་རིན་ཐང་དང་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆར་གྲོས་བསྡུར་བཅས་བྱས་ཏེ་མཐོན་པོ་སྒང་གི་གསར་བརྗེའི་ལོ་རྒྱུས་ཡིད་ལ་བརྟན་པོར་བཅངས་ནས་མ་འོངས་པའི་བྱ་བའི་ནང་དབྱང་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ། དཀའ་སྡུག་ཆེ་ཡང་དཀའ་ངལ་ལ་མི་འཛེམ་པ། ས་བབ་མཐོ་ཡང་བསམ་བློའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སློབ་གྲྭ་དང་ས་ཁུལ་གྱི་མཉམ་ལས་གཉིས་ཕན་གྱི་ལེའུ་གསར་བ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་བཤད།

4.jpg

     ཝང་ཡུང་ཁྲང་དང་ཧ་ཝུན་ཞུག ལུང་ཡུང་ཧྲེང་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་།


མཉམ་སྤྱོད།