དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

2023-03-11 11:57:53   |   754

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


    སོས་ཀར་འབུམ་ཕྲག་མེ་ཏོག་ཉམས་བརྒྱ་རྫོགས། །དགུན་འཁྱག་མལ་ལས་ལྡང་སྟེ་དཔྱིད་དཔལ་བསུ། །རྫོང་ཡོངས་གོང་འོག་ཀུན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ། རྒྱལ་ཡོངས“ཚོགས་ཆེན་གཉིས”རྒྱལ་ཁའི་ངང་འཚོགས་པ་སྤྲོ་དགས་བསུ་བ་བཅས་ཀྱི་ཚེ་ན། ཟླ3ཚེས10ཉིན་མདོ་ལ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་གསུམ་པ་མགོ་ཚུགས་པ་དང་། རྫོང་ཡོངས་ཀྱི་ལས་རིགས་སོ་སོ་དང་། འཐབ་ཕྱོགས་སོ་སོ་ནས་འོངས་པའི་འཐུས་མི་རྣམས་ཀྱིས། མི་དམངས་ཀྱི་རེ་ལྟོས་དྲག་པོ་ཕྲག་ཏུ་འཁུར་ཞིང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་ནན་ཏན་གྱི་སྒོ་ནས། མདོ་ལའི་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་གྲོས་དང་། མ་འོངས་མཚར་སྡུག་གི་འཆར་རིས་མཉམ་འགོད་བྱས།

 1.jpg

     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧོ་པིན་དང་། མཱ་ཁྲང་ཧྲེང་། ཧོ་ཀྲུང་། ཚེ་དཔལ་བཀྲ་ཤིས། ཧཱ་ཞའོ་ཡུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།

2.jpg

3.jpg

4.jpg

5.jpg

   ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཁག་ཅིག་དང་། རྫོང་ཨུ་དང་། རྫོང་སྲིད་གཞུང་། རྫོང་སྲིད་གྲོས། རྫོང་ལྟ་ཞིབ་ཨུ་ལྷན། རྫོང་ཞིབ་དཔྱོད་དང་ཁྲིམས་ཁང་གཉིས་དང་། རྫོང་མི་དམངས་དྲག་ཆས་པུའུ་ཡི་མགོ་ཁྲིད་བཅས་མཛད་སྒོར་ཞུགས་པ་དང་འབྲེལ་ཀྲུའུ་ཞིའི་སྟེགས་བུར་བཞུགས།

   ཚོགས་ཆེན་དུ་འབྱོར་འོས་ཀྱི་འཐུས་མི149ཡོད་པ་དང132དངོས་སུ་འབྱོར་བས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན།

  སྲིད་གྲོས་མདོ་ལ་རྫོང་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་རྫོང་སྲིད་གྲོས་ཀྱི་མགོ་ཁྲིད་དང་ཨུ་ཡོན་ཡོངས་ཚོགས་འདུར་ཟུར་ཞུགས་གནང་། རྫོང་ཨུ་དང་། རྫོང་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཟུར་ཞུགས་བྱས།

  མགོ་ཚུགས་ཚོགས་ཆེན་ལ་ལག་བསྟར་ཀྲུའུ་ཞི་ཧོ་ཀྲུང་གིས་གཙོ་སྐྱོང་གནང་།

  སྔ་དྲོའི་ཆུ་ཚོད་དགུ་བར་ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་དབྱངས་རྟའི་ཀློང་ནས་གཟབ་རྒྱས་ངང་མགོ་ཚུགས།

 6.jpg

   སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཧོ་ཧྲེང་ཅེ་ཡིས་ཚོགས་ཆེན་ཐོག་མདོ་ལ་རྫོང་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་སྒྲོག་སྦྱངས་གནང་།

   སྙན་ཞུ་དེ་འདས་པའི་ལོ་གཅིག་གི་ལས་དོན་ཕྱིར་དྲན་དང་། 2023ལོའི་ལས་དོན་བཀོད་སྒྲིག སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་ཁག་གསུམ་དུ་དབྱེ།

   སྙན་ཞུར་བསྟན་དོན། 2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་པའི་ལོ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་ཁར་བསྐྱོད་དེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་བར་དཔུང་འཇུག་བྱེད་མགོ་ཚུགས་པའི་ལོ་ཡིན། ལོ་གཅིག་རིང་། དཔལ་འབྱོར་རྒྱུན་མཐུད་ཉམས་རྒུད་ཀྱི་གནས་སྟངས་དང་། རིམས་ནད་བསྐྱར་ཟློས་ཀྱི་རྡབ་གསིག གནམ་གཤིས་ངན་པ་མང་དུ་ལྡང་བའི་ཤུགས་རྐྱེན་འཕར་མ་བཅས་ཀྱི་མདུན་དུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག “རིམས་ནད་འགོག་སྡོམ་དགོས་པ་དང་། དཔལ་འབྱོར་བརྟན་བརླིང་དགོས་པ། འཕེལ་རྒྱས་ལ་བདེ་འཇགས་དགོས་པ”བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཐག་ཆོད་བྱས་པས། རྫོང་དམངས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་གཉིས་ཀྱིས་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ཅུང་ལེགས་པར་གྲུབ་ཡོད། ལོ་ཧྲིལ་བོར་ས་ཁུལ་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར20.1ཟིན་ལ། ཐོན་ལས་དང་བོའི་འཕར་ཐང་སྒོར་དུང་ཕྱུར8.4ཟིན་པ་དང་། དུས་མཚུངས་ལས4.5%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར2.7ཟིན་ཞིང་། དུས་མཚུངས་ལས15.2%མར་ཆག་པ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར9.1ཟིན་པ་དེ་དུས་མཚུངས་ལས1.5%མར་ཆག་ཡོད། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར6.5ཟིན་ལ། དུས་མཚུངས་ལས0.4%གོང་དུ་འཕར། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.95ཟིན་པ་དང་། དུས་མཚུངས་ལས5.2%འཕར། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.1ལེགས་འགྲུབ་བྱུང་ཡོད།

7.jpg

8.jpg

10.jpg

11.jpg

12.jpg

   སྙན་ཞུར་བསྟན་དོན། 2023ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཤུགས་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་དབྱང་དཔལ་འབྱོར་ལས་དོན་དང་། ཀྲུང་དབྱང་ཞིང་སྡེའི་ལས་དོན་གྲོས་ཚོགས། ཞིང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”དང“མཚོ་བྱང་ལྔའི”འཛུགས་སྐྲུན་དམིགས་ཡུལ་ལ་གཏད་དེ། བརྟན་ལྷིང་ཁྲོད་འཕེལ་རྒྱས་ལ་བརྩོན་པའི་ལས་དོན་སྤྱིའི་རྨང་གཞི་རྒྱུན་འཁྱོངས།  མ་ལག་བསམ་གཞིགས་དང་དྲང་སྲུང་གསར་གཏོད་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འཐུས་ཚང་དང་། ཡང་དག ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་དགོས་ཤིང་། སྔར་བས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ལེགས་པོ་བྱེད་པ་དང་། སྔར་བས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། གལ་ཆེའི་ཉེན་ཁ་ཉེན་ཟོན་ཐག་གཅོད་ནུས་ལྡན་བྱེད་པ། རྫོང་ཨུའི“1234”འཕེལ་རྒྱས་འཐབ་ཇུས་མགྱོགས་མྱུར་སྒོས་སྐུལ་འདེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་སོགས་ཕྱོགས་གསུམ་ནས་ཁུལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་ཐུབ་པར་བརྩོན་ལེན་བཅས་བྱས་ཏེ། ཧུར་ཐག་སྒོས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་དེང་རབས་ཅན་གྱི་མདོ་ལ་གསར་བའི་གཞུང་གསར་བརྩམ་དགོས།

   སྙན་ཞུར་བསྟན་དོན། ས་གནས་ཐོན་སྐྱེད་སྤྱི་འབོར6%ཡས་མས་འཕར་བ་དང་གྲུབ་འབྲས་སྔར་བས་ལེགས་པོ་བརྩོན་ལེན་བྱེད་པ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང8%ཡས་མས་འཕར་བ། གཏན་འཇགས་མ་རྩའི་རྐང་འཇོག10%ཡན་འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར8%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་གཉིས་མཐུན་སྦྱོར་མཉམ་དུ་འཕར་བར་བྱེད་དགོས་ཤིང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་གཏོང་སྤྲོད་ཡོང་འབབ6.5%ཡས་མས་འཕར་བ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད་དང་ལས་ཤོར་བརྟག་དཔྱད་བྱེད་ཚད་ལོ་ཧྲིལ་བོར་སོ་སོར3.5%ཡི་ནང་ཚུན་དང5.5%ཡས་མས་སུ་ཚོད་འཛིན་བྱེད་དགོས། མཁའ་དབུགས་སྤུས་ཚད་རབ་ལེགས་ཉིན་གྲངས་ཀྱི་བསྡུར་ཚད་ཞིང་ཆེན་གྱི་གཏན་འཁེལ་དམིགས་འབེན་ལ་སླེབས་པ། བར་དམ་ཆུ་བོ་དང་གསེར་ལྡན་ཆུ་བོའི་ཕྱི་འབབ་སྤུས་ཚད་རིམ་པ Ⅱཀྱི་ཡན་དུ་བརྟན་པོར་རྒྱུན་འཁྱོངས་བྱེད་དགོས་ཤིང་། ནུས་རྒྱུ་ཟད་གྲོན་གྱི་ཚད་དེ“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”འཆར་འགོད་ཀྱི་དུས་ཡུན་ནང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་འཆར་འགོད་ལེགས་གྲུབ་དང་། འབག་བཙོག་དངོས་རྫས་གཙོ་བོའི་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་དེ་ཞིང་ཆེན་གྱི་དམིགས་འབེན་ནང་ཚུན་དུ་ཚོད་འཛིན་བྱེད་དགོས།

 13.jpg

14.jpg

   སྙན་ཞུར་ནན་གྱིས་བསྟན་དོན། གོང་གསལ་གྱི་དམིགས་འབེན་དེ་དག་མངོན་འགྱུར་ཡོང་བར་དམིགས་ནས་ང་ཚོས་གཙོ་གནད་ལ་ཁ་གཏོད་པ་དང་། གནད་འཁེལ་ཤུགས་འདོན་བྱེད་དགོས། “334”ཡི་ལས་དོན་རིགས་ལམ་གཞིར་བཟུང་། སྤུས་ཚད་དང་ཕན་འབྲས་དུས་མཉམ་དུ་གལ་ཆེར་འཛིན་པ་དང་། ནན་ཏན་དང་དངོས་འབེབས་མཉམ་སྤེལ་བྱས་ཏེ། “མཐོར་གཏོང་གསར་བ་གསུམ”ཧུར་བརྩོན་གྱིས་མངོན་འགྱུར་དང་། “མདུན་གྲལ་དུ་སྐྱོད་པ་གསུམ”བརྩོན་ལེན་ལེགས་པོར་བསྒྲུབ་པ། ནུས་ཤུགས་ཡོད་རྒུས་“རིམ་སྤོར་པར་གཞི་བཞི”གཏོད་ཐུབ་དགོས། གཅིག་ནི་སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་གསེབ་དར་སྤེལ། བཟོ་ལས་ཚོང་དོན་བཅས་ལ་དམིགས་ནས་ཞན་ཆ་གསབ་པ་དང་ལེགས་ཆ་བསྐྱར་སྐྲུན་བྱས་ཏེ། “མཐོར་འདེགས་གསར་བ་གསུམ་”ཧུར་ཐག་མངོན་འགྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། གཉིས་ནི་ལྗང་མདོག་ཞིང་ཕྱུགས་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར། མི་རིགས་མཐུན་སྒྲིལ་བཅས་ལ་དམིགས་ནས་ཚད་མཐོས་གནས་གཏན་དང་། ལེགས་ཆ་གཞན་སྒྱུར་བྱས་ཏེ“མདུན་གྲལ་དུ་སྐྱོད་པ་གསུམ”ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྒུལ་ནུས་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་དགོས། གསུམ་ནི་ལས་གཞི་མཐོར་འདེགས་དང་། མཁར་གྲོང་གི་སྤུས་ཚད་མཐོ་གཏོང་། སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་གཏོང་། དམངས་འཚོའི་ཚད་གཞི་མཐོ་གཏོང་བཅས་ལ་དམིགས་ནས། གཙོ་གནད་འགག་སྒྲོལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས“རིམ་སྤོར་བཞི་”ཧུར་ཐག་སྒོས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། 

   སྙན་ཞུར་ནན་གྱིས་བསྟན་དོན། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ལྷག་བསམ་རྣམ་དག་གིས་སྲིད་སྐྱོང་བ་རྒྱུན་འཁྱོངས་དང་། དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས། ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས། དངོས་སྒྲུབ་སྲིད་བརྩོན་མཐའ་འཁྱོངས།  སྤྱོད་གཙང་སྲིད་སྐྱོང་མཐའ་འཁྱོངས་བཅས་བྱེད་དགོས། རང་ངོས་གསར་བརྗེ་ནམ་ཡང་ལམ་ན་ཡོད་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་དགོས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ། དེ་བཞིན་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་ལེ་ལག་ཚང་བའི་བྱེད་ཐབས་དོན་འཁྱོལ་ལྷོད་མེད་བྱས་ཡོད། འགྱུར་མེད་རང་བཞིན་མིན་པ་དང་། གཙོ་གནད་མིན་པ། དགོས་མཁོ་ཆེ་བ་མ་ཡིན་པའི་གཏོང་སྒོ་མཐའ་གཅིག་ཏུ་ཉུང་འཕྲི་བྱས་ཏེ། ཐོན་ཁུངས་དང་ནོར་ཤུགས་སྔར་ལས་མང་བ་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ལ་སྤྱོད་པ་དང་། སྲིད་གཞུང་གི“འཚོ་བ་བཀྲེན་པོས”མང་ཚོགས་ཀྱི་འཚོ་བ་སྐྱིད་པོ་ཡོང་བར་འབད་དགོས། 

    15.jpg

16.jpg

སྙན་ཞུའི་མཇུག་མཐར་ནན་གྱིས་བསྟན་དོན། འབད་བརྩོན་ལྷོད་མེད་བྱས་པའི་ཚེ། དུས་རབས་སྟོང་ཟད་ཡེ་ནས་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་གཞུང་དྲང་གསར་གཏོད་དང་། འབད་བརྩོན་ལྷོད་མེད། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བའི་འཛུགས་སྐྲུན་གྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 


མཉམ་སྤྱོད།