དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

2026-03-13 10:23:47   |   50

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས11ཉིན། མཚོ་བྱང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བཞུགས་མོལ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཤིང་། “སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་དམིགས་པ་དང་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ། ཁེ་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་མཐུན་རྐྱེན་སྦྱོར་བའི”བརྗོད་དོན་ལ་གཞིགས་ཏེ་སྲིད་གཞུང་དང་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་རྩ་འཛུགས་པུའི་པུ་ཀྲང་སི་ཅི་ཧྲིན་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་ཐོག གསེར་མདོག་མདོ་ལ་འོ་མའི་ལས་རིགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་དང་། ཧའེ་ཞིན་གཏེར་ལས་ཚད་ཡོད་སྤྱི་གཉེར། རྒྱལ་ཁབ་ནུས་ཁུངས(རྐང་ཚ)ནུས་རྒྱུ་གསར་བ་གསར་སྤེལ་ཚད་ཡོད་སྤྱི་གཉེར། མཚོ་བྱང་དབྱི་ཧའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་སྤྱི་གཉེར། ཞིན་ཁྲིན་རིག་ནུས་ཚན་རྩལ་ཚད་ཡོད་སྤྱི་གཉེར། འཇུ་ལག་རྫོང་གྲོང་ཁྱེར་མ་འཇོག་ཚད་ཡོད་འགན་འཁྲི་སྤྱི་གཉེར། མདའ་བཞི་ཚོ་བ་རིག་གནས་ལུས་རྩལ་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་སོགས་ཁེ་ལས་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས།

ཀྲང་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་རྒྱ་ཆེའི་ཁེ་ལས་པས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་བཀའ་དྲིན་ཞུས་ནས་བསྟན་དོན། ཚོང་གཉེར་ཁོར་ཡུག་ནི་སྔར་ལས་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་སྲིད། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དེ་མཚོ་བྱང་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཁེ་ལས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་དང་གནད་ལ་འཁེལ་བའི་ཞབས་ཞུ་སྒྲུབ་པ། འགན་འཁྲིའི་འདུ་ཤེས་མཐོན་པོ་དང་དངོས་དོན་གཉེར་བའི་ལག་བསྟར་ནུས་པར་བརྟེན་ནས་གནད་ལ་འཁེལ་བའི་ནུས་ཤུགས་འདོན་པ་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྲིད་དོན་ཞབས་ཞུ་དང་སྲིད་ཇུས་དོན་འཁྱོལ། གསར་གཏོད་སྐུལ་འདེད། མཉམ་ལས་མཉམ་རྒྱལ། ཁྲིམས་སྐྱོང་འགན་ལེན་བཅས་ཀྱི“ལེའུ་ལྔ”མུ་མཐུད་ཡག་པོར་བསྒྲུབ་སྟེ་ཁེ་ལས་ཀྱི“ཞབས་ཞུ་བ”དང“ཚོང་གཡོག་ཆུང་ཆུང”ཡག་པོ་བྱེད་དགོས་ཟེར།

ཀྲང་ཧྥེང་གིས་རྒྱལ་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ"གཡོ་འགུལ་གཏན་ནས་མི་གཏོང་བ་གཉིས"རྒྱུན་འཁྱོངས་ཀྱིས་སྲིད་ཇུས་ལག་བསྟར་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་། ཚོང་རར་ཞུགས་འཐུས་པ། སྲིད་དོན་ཞབས་ཞུ་སོགས་ཀྱི་ཐད་ཕྱོགས་རིས་མེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། སྲོལ་རྒྱུན་ཐོན་ལས་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་རིམ་སྤོར་བྱེད་པར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཚན་རྩལ་ནུས་སྐྱེད་ཆེ་རུ་གཏོང་བ་དང་། ཐོན་ལས་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁེ་ལས་དང་ལས་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། དྭངས་གཙང་དང་། ཉེ་ཞིང་ཚུལ་དང་མཐུན་པ། རང་རང་སོ་སོའི་གནས་སུ་སྡོད་པ། དགེ་མཚན་ལྡན་པའི་ངང་ཕན་ཚུན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་སྤྱོད་གཙང་གཞུང་དྲང་གི་སྲིད་ཚོང་ཁོར་ཡུག་བསྐྲུན་དགོས་པའི་བླང་བྱ་བཏོན་ནས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དང་བདེ་འཇགས་ཐོན་སྐྱེད། སྤྱོད་གཙང་རང་གཅུན་གྱི་མཐའ་ཚད་བརྟན་པོར་སྲུང་ནས་མཐའ་ཚད་ཀྱི་བསམ་གཞིག་ལ་བརྟེན་ནས་འགན་འཁྲི་ནན་དུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་བླང་བྱ་བཏོན་དོན།“དངོས་གནས”ཀྱི་རྩ་བའི་དགོངས་གཞི་ལག་བསྟར་བྱེད་པ་དང་ཁེ་ལས་ཀྱི་བསམ་འཆར་དང་གྲོས་གཞི་སྣ་ཚོགས་གསེད་བཀྲོལ་བྱེད་པ།“གནད་དོན་དང་འགན་འཁྲི། དུས་ཚད”བཅས་ཀྱི་རྩིས་ཐོ་གསུམ་བཟོས་ནས་ཨང་འཐེན་དོ་དམ་དང་དུས་བཀག་ཐག་གཅོད་བྱས་ཏེ་ཁེ་ལས་ཀྱིས་གནད་དོན་སྙན་སེང་བྱས་པར་ཨ་ལན་ཡོད་པ་དང་དཀའ་ངལ་ལ་འཕྲད་ཚེ་དོ་དམ་བྱེད་མཁན་ཡོད་དགོས།“སྒྲུབ་པའི”འགན་འཁྲི་ཁུར་ནས་སྡེ་ཁག་སོ་སོའི་འགན་ནུས་ལས་བགོས་ཁ་གསལ་བཟོས་ཏེ་རྒྱུ་རྐྱེན་གཙོ་བོ་འགན་ལེན་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་དང་ཐོན་ལས་ཀྱི་ནུས་པ་སྦྱིན་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་གཙོ་གནད་ལ་དམིགས་ཏེ་མཐུན་སྦྱོར་ངང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་སྐུལ་སློང་བྱེད་དགོས།“མཉམ་འབྲེལ”གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ལྟ་སྐུལ་ཞིབ་བཤེར་དང་ཕན་འབྲས་འདྲི་རྩད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་ཏེ་ཁེ་ལས་པས་ཡིད་ཆེས་བརྟན་གཏོང་དང་ལས་རིགས་གཙོ་བོ་གཏིང་ཟབ་ཏུ་གཏོང་བར་སྲིད་གཞུང་དང་ཁེ་ལས་ཀྱིས་འདུན་མ་གཅིག་བསྡུས་ཀྱིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཐད་ལེགས་སྐྱེས་ཕུལ་ཚུལ་དང་། 2025ལོའི་མཚོ་བྱང་ཁུལ་གྱི་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བ་དང་ཕན་པ་སྒྲུབ་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ཁྱབ་བརྡ་བཏང་།

ཀྲའོ་ཧའེ་ཕིང་དང་། སངས་རྒྱས། ཚོ་ཅི་ཆང་། ཝང་ཞིང་ཧོས། ཀང་ཧྥུ། མ་རུའུ་ཞང་། ཧ་ཝུན་ཞུག སྟག་ལྷ། ཅིན་ཀྲན་ཞུས་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།