དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཚོགས་མགོ་བརྩམས།

2026-03-13 11:28:23   |   66

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ3པའི་ཚེས12ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཁུལ་གྲོས་ཚོགས་ལྟེ་གནས་སུ་ཚོགས་མགོ་བརྩམས། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་སྐུལ་སློང་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་འབྲས་གལ་ཆེན་ཡིན་པ་བློ་ལ་བརྟན་པོར་བཅངས་ཏེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཏིང་ཟབ་བྱེད་པར་དཔེ་སྟོན་སྐུལ་ཁྲིད་བྱས་ནས་སྲིད་འབྲས་ལྟ་བ་ཡང་དག་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་ལེའུ་གསར་པ་རྩོམ་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མགོ་རྩོམ་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ཀྲུང་དབྱང་དང་ཞིང་ཏང་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆན་གོ་ཆིན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའི་པུ་ཀྲང་སི་ཅི་ཧྲིན་ཚོགས་འདུར་ཞུགས།

ཀྲང་ཧྥེང་གིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ནི་ཁུལ་གྱི་གནས་ཚུལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོ་བཟོས་ནས“མཚོ་བྱང་གི་ཁྱད་ཆོས་དང་མཚོ་བྱང་གི་མཛེས་པ། མཚོ་བྱང་གི་དཀའ་ཁག མཚོ་བྱང་གི་བྱ་བ”དེ་གནད་ལ་འཁེལ་བའི་སྒོ་ནས་ནང་བྱན་ཆུད་པར་བྱེད་དགོས། མཚོ་བྱང་གི་གསར་བརྗེ་དང་སྐྱེ་ཁམས། མི་ཆོས་སོགས་ཀྱི་ལྷན་ནུས་ལེགས་ཆར་གཞི་ཚུགས་ནས་འཕེལ་རྒྱས་འགྲོ་བཞིན་པའི་ཐོན་ལས་དང་ཚོང་འདུས། མི་སྣ་སོགས་ཀྱི་ཞན་ཆའི་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་སྟེ་གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་སྔར་ལམ་ལ་ཞེན་ཆགས་པ་མེད་པར་བཟོ་བ། བཅོས་བསྒྱུར་གྱི་བྱ་ཐབས་ལ་བརྟེན་ནས་ནང་སྐྱེས་སྒུལ་ཤུགས་སློང་བ། སྒོ་འབྱེད་ཀྱི་རྣམ་འགྱུར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཁུལ་གྱི་གནས་ཚུལ་དངོས་དེ་སྲིད་འབྲས་ལྟ་བ་ཡང་དག་ལག་བསྟར་བྱེད་པའི་དངོས་ཡོད་འགུལ་སྐྱོད་དུ་སྒྱུར་ནས་བྱ་བ་སྒྲུབ་པ་དེ་མང་ཚོགས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པར་བྱེད་དགོས་ཟེར།

ཀྲང་ཧྥེང་གིས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་ལག་བསྟར་བྱེད་པར་ཚན་རིག་དང་མཐུན་པའི་ཇུས་འགོད་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ལ་བརྩི་འཇོག་དང་ལོ་རྒྱུས་ལ་གུས་ཞུམ། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་གུས་ཞུམ། ཆོས་ཉིད་ལ་བརྩི་འཇོག་དང་ཆོས་ཉིད་ལ་གུས་ཞུམ། མི་དམངས་ལ་བརྩི་འཇོག་དང་མི་དམངས་ལ་གུས་ཞུམ་བཅས་བྱེད་དགོས། མཚོ་བྱང་གི་གསར་བརྗེའི་ལོ་རྒྱུས་དང་བསྔོ་འབུལ་སྙིང་སྟོབས་ཡིད་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཆོས་ཉིད་བརྟན་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ནི་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ། མང་ཚོགས་དགེ་རྒན་དུ་བསྟེན་པ་དང་དགོས་མཁོ་དམངས་ལ་འདྲི་བ། སྣང་བརྙན་བཟོ་སྐྲུན་དང་དུས་ཐུང་འགུལ་སྐྱོད་གཏན་འགོག་བྱས་ཏེ། ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་ལས་སྒྲུབ་ཀྱི་སྤྲོ་སེམས་དོན་འཁྱོལ་བྱེད་པ་དང་དངོས་སྒྲུབ་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་དགོས་ཟེར།

ཀྲང་ཧྥེང་གིས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་དེ་མཐར་ཐུག་ན་འཇོན་ཐང་སྐྱེད་པ་དང་ནུས་པ་ཆེ་རུ་གཏོང་བར་རག་ལས་འདུག་པས"ནུས་པ་དྲུག"སྦྱོང་བརྡར་བྱེད་པའི་སྤྱིའི་བླང་བྱར་དམ་པོར་དམིགས་དགོས། བླ་སྐྲུན་རྨང་བརྟན་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། འགྱུར་རྟོགས་བསྟུན་འགྱུར་གྱིས་གནས་བབ་ཀྱི་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་བ། བཀོད་སྒྲིག་ཇུས་འགོད་ཀྱིས་ཁྱོན་ཡོངས་ཀྱི་སྡེབ་སྒྲིག་སྟོབས་ཤུགས་ཆེ་རུ་གཏོང་བ། གནད་ཕིགས་ཇུས་འདོན་གྱིས་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ། འགག་སྒྲོལ་དཀའ་སེལ་གྱིས་དངོས་འཐབ་ཐག་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་བ། དངོས་འཛིན་བཙན་འཐབ་ཀྱིས་འཐབ་རྩོད་ཀྱི་འཐབ་ནུས་ཆེ་རུ་གཏོང་དགོས་པ་དང་། སློབ་སྦྱོང་སློབ་གསོ་དེ"ལོ་ལྔའི་འཆར་གཞི་བཅོ་ལྔ"མགོ་རྩོམ་པ་དང་སྐབས་བརྗེའི་བྱ་བ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་བཅོས་སྐྱོང་། ལོ་འཁོར་མོའི་ལས་འགན་བཅས་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་བ་དང་། སྲིད་འབྲས་ལྟ་བ་ཡང་དག་གིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་བླང་བྱ་བཏོན་དོན། ཕྱོགས་ཡོངས་དང་ཆ་ཚང་སློབ་སྦྱོང་བྱེད་པ་དང་ཚིག་དོན་ཇི་བཞིན་སློབ་སྦྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ། དུས་ཐོག་རྗེས་འདེད་ཀྱིས་སློབ་སྦྱོང་བྱས་ཏེ་སྲིད་འབྲས་ལྟ་བ་ཡང་དག་དེ་ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་ལྷིང་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས་ཟེར།

ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ། ཁུལ་ཡོངས་ཀྱི་གཞོན་དར་ལས་བྱེད་གསོ་སྦྱོང་འཛིན་གྲྭའི་སློབ་མ། སྡེ་བའི(སྡེ་ཁུལ)"ཨུ་ལྷན་གཉིས"ཀྱི་འགན་འཁུར་བ་གཙོ་བོའི་ནུས་པ་མཐོར་གཏོང་གསོ་སྦྱོང་འཛིན་གྲྭའི་སློབ་མ་བཅས་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ར་གཙོ་བོར་ཞུགས་པ་དང་། སློབ་མ་ཁག་ཅིག་ཁུལ་ཨུའི་ཏང་གི་སློབ་གྲྭའི་ཡན་ལག་ཚོགས་རར་ཞུགས།


མཉམ་སྤྱོད།