དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐྱེས་མཆོག་མོ་བློན་མཐོན་པོའི་ངག་རྒྱུན། (ལྔ།)

2023-03-13 09:00:44   |   128

 རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་མི་རིགས་ཆོས་ལུགས་ལས་དོན་ཨུ། བཤེར་འབེབས། རིན་ཆེན་ཚེ་རིང་། 


     དེ་ཡང་ཡུལ་ལྷ་དད་མོས་ཀྱི་རིག་གནས་རྒྱབ་ལྗོངས་སྟུག་པོའི་འོག  ཡུལ་ལུང་གང་གི་གནས་རི་གང་དེའི་ཡུལ་ལྷ་གཞི་བདག་གི་དགྲ་འདུལ་གཉེན་སྐྱོང་དང་ལོངས་སྤྱོད་གསོག་སྒྲུབ་ཀྱི་གཏམ་རྒྱུད་མཚར་པོ་མང་དུ་ཡོད་པ་བཞིན།  དཀར་ཐང་མར་ཁུའི་མཚོ་མོ། གསེར་དངུལ་གཉིས་ཀྱི་ས་ཆ། ཡུལ་མདའ་བཞིའི་སྐྱེས་མཆོག་མོ་བློན་མཐོན་པོ་འདིའི་ངོ་མཚར་རྟགས་མཚན་སྟོན་པའི་གཏམ་རྒྱུད་ཀྱང་རྒད་པོ་ཚོར་བཤད་རྒྱུ་ཡོད་དེ།

1.jpg

   ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གི་གཟིམས་ཤག་བཞེངས་རྗེས། ཡོངས་འཛིན་ཚང་གིས་དེ་གར་ཆུ་རྐ་ཞིག་གཏོད་དགོས། དེ་མིན་ཞོད་སྐྱོན་ཐེབས་འགྲོ་ཞེས་རང་ཉིད་ཀྱིས་མཐུན་རྐྱེན་སྦྱར་ནས་ཆུ་རྐ་བཏོད་གསུངས་ཀྱང་།  ཞོད་སྐྱོན་ཐེབས་ག་ལ་འགྲོ་ཞེས་མ་བཏོད་པར་བཞག   ཕྱིས་སུ་བདེ་ཆེན་ནོར་བ་བློ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གི་ཁྲི་སྟོན་བྱེད་པའི་ཉིན་མོར།  ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དྭངས་པ། ཉི་ཟེར་ལམ་ལམ་འཕྲོས་ཀྱང་། ཉིན་གུང་གི་དུས་སུ། མོ་བློན་མཐོན་པོའི་སྟེང་དུ་གློ་བུར་དུ་སྤྲིན་ནག་འཁྲིགས་ནས་དྲག་ཆར་བབས་ཏེ་རྡེའུ་ཧྲིག་ཀྱང་དགོན་པར་ཁྱེར་ཡོང་བའི་ཆུ་ལོག་བྱུང། དེར་ཀུན་གྱིས་ཨ་ལགས་ནོར་བ་ཚང་སྔ་མོ་ནས་ཐུགས་ཐག་བཅད་ཀྱང་རྒྱུ་རྐྱེན་གང་མང་དབང་གིས་སྲིད་གཞུང་ནས་མཆོག་མཆན་མ་སྤྲད་པར་འགོར་དྲགས་པས་མོ་བློན་མཐོན་པོ་མ་དགྱེས་པའི་ཚུལ་བསྟན་པའམ། ཡང་ན་མདའ་བཞིའི་གྲོང་རི་དགོན་གཉིས་སུ་ཆོས་སྲིད་ལུགས་གཉིས་ཡར་རྒྱས་ལ་དྲིན་ཆེ་བའི་བླ་སྤྲུལ་དེ་ཉིད་ལ་གཞི་ནས་སྲིད་གཞུང་གི་མཆོག་མཆན་ཐོབ་པས་མོ་བློན་མཐོན་པོ་དགྱེས་ནས་བཀྲ་ཤིས་རྟེན་འབྲེལ་གྱི་བསིལ་མ་གནང་བའི་ཚུལ་དུ་བཤད་དོ།།


མཉམ་སྤྱོད།