དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-13 10:59:28   |   186

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ལོ་ཙཱ། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོས་ཚེས༡༢ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གཏན་ཁེལ་བྱས་ལ། ཚོགས་ཆེན་གྱིས་བརྡས་ཐག་བཅད་རྗེས་འགན་ཁུར་ཆོག

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོའི་དྲུང་ཡིག་ཁང་གི་གནས་ཚུལ་ལྟར་ན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་འཐུས་མིས་གྲོས་གཞི་འདོན་པའི་དུས་བཅད་ཟླ༣པའི་ཚེས༧ཉིན་གྱི་དུས་ཚོད༡༢བར་དུ། ཚོགས་ཆེན་གྱི་དྲུང་ཡིག་ཁང་ལ་འཐུས་མིས་བཏོན་པའི་གྲོས་གཞ༢༧༡འབྱོར་བ་དང་། དེ་མིན། ཟླ༣པའི་ཚེས༡༠ཉིན་བར་དུ། འཐུས་མིའི་གྲོས་གཞི་སྡོམ་པས༨༠༠༠ལྷག་འབྱོར།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གི་ཆ་འཕྲིན་གསར་ཤོས་ལྟར་ན། རང་རྒྱལ་གྱི་སྔོ་ཚོད་འདེབས་ཚད་རྒྱ་ཁྱོན་མུའུ་ཁྲི6189.3ཡིན་པ་དང་། དུས་མཉམ་དང་བསྡུར་ན་མུའུ84.2ཇེ་མང་དུ་སོང་། སྔོ་ཚོད་ཀྱི་མཁོ་སྤྲོད་འདང་ངེས་ཡིན།

  • རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཉེ་ལམ་བསྟན་དོན། དམངས་གཉེར་སྨན་ཁང་སྨན་བཅོས་འགན་སྲུང་གི་གནས་ཁེལ་སྨན་ཁང་ནང་འཇོག་པར་གང་འདོད་ལྟར་ཚད་བཀག་བྱས་མི་ཆོག

1.jpg

  • ཚེས༡༢ཉིན་མཇུག་སྒྲིལ་བའི་ཁོ་རི་ཡའི་ཧྲིའུ་ཨར་གྲོང་ཁྱེར་གྱི་ལམ་ཐུང་མྱུར་ཤུད་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོ་རུ་ཁག་གིས་སྐྱེས་པའི་སྨི༥༠༠༠གི་མཐུད་རྒྱུག་གི་གསེར་གྱི་རྟགས་མ་བླངས།

2.jpg

  • ཚེས༡༢ཉིན། ༢༠༢༣ལོའི་འཛམ་གླིང་ཐའེ་ཆོན་ཏའོ་མཉམ་འབྲེལ་ཚོགས་པའི་ཧི་ལན་སྤྱི་བསྒྲགས་འགྲན་བསྡུར་དེ་ཨེ་ཡུན་ཧའོ་ནས་མཇུག་བསྡུས་པ་དང་། ཀྲུང་གོ་རུ་ཁག་གིས་གསེར་གྱི་རྟགས་མ༨བླངས།

སྤྱི་ཚོགས།

  • དེ་རིང་ནས་བཟུང་། དབུས་ཤར་རྒྱུད་ཀྱི་དྲོད་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ་རྒྱུ་དང་། ཧྭ་པེ་དང་ཧོང་ཧུའེ་སོགས་ས་གནས་མང་པོའི་དྲོད་ཚད་ཡང་བསྐྱར20℃ལ་ཐོན་རྒྱུ་རེད།

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་ཅུ་ཀྲང་ཀའོ་ཀྲི་ཏན་གྱིས་ཚེས༡༢ཉིན་བསྟན་དོན། རྐང་གྲུག་དང་ཁྱབ་ཁོངས་གཞན་དག་གི་རུལ་སུངས་དང་རྒྱན་རྫུན་ནག་གི་གནད་དོན་ལ་རྡུང་རྡེག་ནན་མོ་དང་ཆད་པ་ནན་མོ་གཅོད་རྒྱུ།

  • ཧྲན་ཏུང་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཉེ་ལམ་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་སུ་མི༩༠༦༣ལ་རྣམ་པ་གསར་བའི་ལས་རིགས་ཀྱི་ཞིང་བའི་གོ་མིང་ཐོབ་ཡོད།

3.gif

  • ཧྲན་ཏུང་ལུའོ་ཁྲེན་གྱི་ཅང་ཀུའོ་ལེང་དང་ཅང་ཀྲི་ཡུང་སོགས་སློབ་ཆུང་སློབ་མ་འགའ་ཡིས་སློབ་གྲྭ་གྲོལ་བའི་སྐབས་སུ་མེ་སྐྱོན་བྱུང་བ་མཐོང་ཞིང་། མྱུར་དུ༡༡༩ལ་ཁ་པར་བཏང་བ་མ་ཟད་ལམ་སྣེ་ཁྲིད་པས། མེ་གསོད་རུ་མི་ཐོན་རྗེས་མྱུར་དུ་མེ་བསད།

སྲིད་ཇུས།

  • ལུའོ་ཉིང་གིས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་གསལ་ཐོ་བཏོན་ནས། སློབ་ཆེན་སློབ་མས་སློབ་གྲྭར་འགྲོ་བའི་སྐབས་སུ་གསར་གཏོད་ཕྱོགས་ཀྱི་ཚོད་ལྟ་དང་དཔྱད་རྩོམ་སྤེལ་བ། ཆེད་ཁེ་ཐོབ་པ་དང་རང་འགུལ་ལས་གཏོད་བྱེད་པ་སོགས་གནས་ཚུལ་ལ་གཞིགས་ནས་སློབ་སྐར་དུ་རྩིས་ཆོག

  • ཧྥུ་ཅན་གྱིས་གསལ་བོར་བསྟན་དོན། ལོ་དེའི་ནང་ཧྥུ་ཅན་ནས་ཞག་སྡོད་བྱེད་པའི་ཚོགས་སྤྱིའི་གནས་སྐོར་མགྲོན་པོའི་སྣེ་ལེན་རྩ་འཛུགས་བྱས་པའི་གནས་སྐོར་ལས་དོན་ཁང་ལ་སྤྱི་སྡོམ་སྒོར་ས་ཡ༡ལས་མི་བརྒལ་བའི་བྱ་དགའ་སྟེར་རྒྱུ།

  • ནང་སོག་གིས་བྱེད་ཐབས་བཏོན་ནས། མཐར་ཕྱིན་ལོ་གྲངས་དང་སློབ་མཐར་ཕྱིན་ནས་ལོ༢རིང་ལ་ལས་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མས་སྟབས་བསྟུན་ལས་ཞུགས་བྱས་པར། གཏན་ཁེལ་ལྟར་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྟེར་རྒྱུ།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་ཁངས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། ཧེ་ལུང་ཅང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆེན་འབབ་རྒྱུ་རེད། ཞིན་ཅང་གི་ཐེན་ཧྲན་གྱི་བྱང་ཕྱོགས་དང་དབྱི་ལི་གྲོག་རོང་ས་ཁུལ་སོགས་ཀྱི་ས་ཆ་ཁ་ཤས་ལ་ཆར་ཆུང་ཆུང་དང་ས་ཆ་ལ་ལར་ཆར་འབྲིང་ཙམ་འབབ་རྒྱུ་རེད།

4.jpg


མཉམ་སྤྱོད།