དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་དེ་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གནས་ཚུལ་ཞིབ་བཤེར་བྱས།

2023-03-13 16:09:00   |   360

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


   ཉེ་ཆར། རྐང་ཚའི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷས། རྐང་ཚ་རྫོང་སྲིད་ཁྲིམས་ཨུ་ལྷན་དང་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་མི་རིགས་ཆོས་ལུགས་ཅུའུ། སོགས་ཀྱི་འགན་ཁུར་པ་གཙོ་བོའི་སྣེ་ཁྲིད་དེ། དཔལ་དགེ་གྲོང་རྡལ་གསེར་རྡེའུ་དགོན་པ་དང་གཉའ་ཞོལ་མ་དགོན་པ། དཔོན་ཚང་ཞོལ་མ་དགོན་པ་སོགས་ཀྱི་དགོན་པའི་དམངས་གཉེར་དོ་དམ་ཨུ་ལྷན་གྱི་ཆོས་ལུགས་མི་སྣར་འཚམས་འདྲི་བྱས་པ་དང་ཆབས་ཅིག “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་དེ་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་རྒྱུས་ལོན་བྱས། 

1.png2.png

   དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་ལས་བཀུར་དང་ལས་སྒྲུབ་ལས་དོན་གྱི་སྙིང་སྟོབས་མུ་མཐུད་འདོན་སྤེལ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དང་། ཏང་གཤིས་བྱང་ཚད་ཇེ་ལེགས། སྤྱི་བའི་ནུས་པ་མཐོར་འདེགས་བཏང་སྟེ། ཕྱོགས་ཡོངས་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་མིག་སྔའི་གནས་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་། མཛེས་པའི་དགོན་སྡེ་འཛུགས་སྐྲུན་ལ་རྣམ་པ་གསར་གཏོད་། དགོན་སྡེའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མེ་ཟོན་དང་ཉེན་ཁང་། མི་མངོན་རྐྱེན་ངན་གྲལ་བཤེར་དང་དུས་རྒྱུན་གྱི་སྐོར་ཞིབ་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་བསྣན་ཏེ། རྒྱ་ཆེའི་གྲྭ་བཙུན་ཡོངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བཅས་ལ་འགན་ལེན་བྱེད་པར་ཁག་ཐེག་བྱས།

གསར་འགོད་པ། ཚེ་བྱམས་རྒྱལ།


མཉམ་སྤྱོད།