དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-13 16:16:51   |   385

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

a.jpg


  • ཚེས13ཉིན་གྱི་སྔ་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་དེ། པེ་ཅིང་དུ་གྲོལ་བ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།  ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་།

  • ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུ་པེ་ཅིང་གི་དུས་ཚོད་ཟླ3ཚེས15ཉིན། བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་འཚོག་རྒྱུ་རེད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གླེང་མོལ་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་རྒྱུ་རེད།

  • ཚེས13ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེ་མོར་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ཝང་ཁྲའོ་ཡི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གསར་འགོད་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།

  • ཚེས13ཉིན།  སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གྲོལ།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཀྱི་མྱུ་གུ23.4%ལེགས་གྲུབ་བྱུང་བ་དང་། མྱུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས0.8ཀྱིས་མགྱོགས་པ་དང་འདེབས་འཛུགས་བྱེད་ཚད3.2%ལེགས་གྲུབ་བྱུང་ཡོད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཆེད་དོན་བྱ་སྤྱོད་སྤེལ་ནས“རང་སྨྱན་སྦྱོར”གྱིས་དཀྲོག་གཏམ་བཟོ་བ་དང་། རྫུན་བཟོ། སྒྲིག་འགལ་ངང་ཁེ་བཟང་གཉེར་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་ཐག་གཅོད་ནན་པོ་བྱས་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས8ཉིན་བར། དཔྱིད་རླུང་བྱ་སྤྱོད་ཀྱིས་རིམ་རྩིས་བྱས་ན་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི5.1སྤེལ་བ་དང་ལས་གནས་ཁྲི་3300ཡོངས་བསྒྲགས་བྱས་ཡོད།

  • ཀྲུང་གོ་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ད་ལོར་ཟླ་བའི་གོ་ལར་བསྐྱོད་པའི་སྣ་སོ་སོའི་ཞིབ་བཟོ་འཛུགས་སྐྲུན་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད།

    b.jpg


  • ཚེས13ཉིན་གྱི་དུས་ཚོད12:02སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་(酒泉)སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཧོ་ལུའུ་སི་(荷鲁斯)ཨང་གཉིས་པའི་རྒྱང་ཚོར་སྲུང་སྐར་(遥感卫星)བདེ་བླག་ངང་འཕེན་གཏོང་བྱས་པ་རེད།

  • ཧྲང་ཧེ(上海)་དང་ཧྲེན་ཀྲེན(深圳)་དང་ཤང་ཀང་(香港)བར་གྱི་མ་རྐང་འཛིན་ཤོག་གི་དམིགས་བྱའི་ཕྱོགས་གཉིས་ཀྱི་ཤོང་ཚད་རྒྱ་སྐྱེད་ལས་དོན་དེ་ཚེས13ཉིན་ནས་བཟུང་ལག་བསྟར་བྱས་ཤིང་།  ཁག་དང་པོར་ཧྲང་ཧེ་ཡི་མ་རྐང་འཛིན་ཤོག་དང་། ཧྲེན་ཀྲེན་གྱི་མ་རྐང་འཛིན་ཤོག་སོ་སོ598དང་ 436བཅས་ནང་གསར་སྣོན་བྱ་རྒྱུ་རེད།

  • 2023ལོའི་རྐུབ་སྟེགས་འཁོར་ལོ་ཅན་གྱི་འཁྱགས་ལྟིར་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དེ། ས་གནས་དེ་གའི་དུས་ཚོད་ཚེས12ཉིན། ཁ་ན་ཏའི་ལི་ཧྲི་མན་ནས་འགྲན་བསྡུར་མཇུག་འགྲིལ་བ་དང་། ཀྲུང་གོའི་རྐུབ་སྟེགས་འཁོར་ལོ་ཅན་གྱི་འཁྱགས་ལྟིར་རུ་ཁག་གིས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་བསྡུར་གྲངས5:2ཀྱི་ཐོག་ནས་མགྲོན་བདག་ཁ་ན་ཏའི་རུ་ཆེན་ལས་རྣམ་པར་རྒྱལ་ནས་ཡང་བསྐྱར་ཨང་དང་པོ་བླངས་པ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་གཉིས་ལ་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་འབྲི་ཆུའི་བྱང་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་རིམ་པ4~6གི་བྱང་རླུང་དང་ཐོལ་རླུང་རིམ་པ7~8ཡོད་པ་མ་ཟད། དྲོད་ཚད4~8℃མར་ཆག་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་བླང་བྱ་དང་མཐུན་པའི“དྲ་སྦྲེལ+”སྨན་བཅོས་ཞབས་ཞུ་དེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནང་འཇུག་ཆོག་གི་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས2022ལོའི་དྲ་རྒྱའི་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་དྲ་སྦྲེལ་གྱོད་གཞི་ཁྲི1.95ཞིབ་བཤེར་ཐག་གཅོད་བྱས།

  • སློབ་གསོ་པུའུ་དང་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སློབ་ཕྱིའི་གསོ་སྦྱོང་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། གསོ་སྦྱོང་སྒྲིག་གཞི་ཚུལ་མཐུན་ངང་འདེམས་པ། གསོ་སྦྱོང་འགྲོ་གྲོན་ཚུལ་མཐུན་ངང་སྤྲོད་དགོས་པ་བཅས་ཀྱི་དྲན་སྐུལ་བྱས།

  • ཚེས13ཉིན། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཁག་དང་པོའི་བུ་ལོན་གཙང་འཇལ་བྱས་པའི་སྤྲོ་སྐྱིད་ཁང་གི་མིང་ཐོ་ཡོངས་བསྒྲགས་བྱས་པར། ཁྱོན་སྡོམ་སྤྲོ་སྐྱིད་ཁང42ཡོད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་སོགས་ཀྱིས་གྲོས་མགོ་བཏོན་ནས་དྲ་ཐོག་ནས་ཟ་མ་འཚོང་བར་“ཟ་མའི་མང་ཉུང་རང་འགུལ་དྲན་སྐུལ”གྱི་ནུས་པ་འདོན་རྒྱུར་སྐུལ་ལྕག་བྱས་པ་རེད།

  • པེ་ཅིང་གིས་ད་ལོ་ནགས་བཟོ་སྔོ་འགྱུར་མུའུ་ཁྲི20དང་གྲོང་ཁྱེར་གྱི་སྔོ་ལྗང་སྤྱི་ཆིང700གསར་སྣོན་བྱ་རྒྱུ་རེད།

c.png


  • རང་རྒྱལ་གྱི་འབྲི་ཆུའི་ཆུ་ཕག་དང་ཀྲུང་ཧྭའི་མཚོ་ཕག་དཀར་པོའི་དུས་ཐོག་ཏུ་སྒྲའི་རིག་ནུས་ལྟ་ཞིབ་ཚད་ལེན་ལས་སྟེགས་ཐོག་མ་བསྐྲུན་ནས་དངོས་སུ་སྤྱོད་མགོ་ཚུགས་ཡོད།

  • ཉེ་ཆར།  ཧྥུའུ་ཅན(福建)ཞིང་ཆེན་ཅན་ཨུག(建瓯)གྲོང་ཁྱེར་ཞའོ་ཆའོ་གྲོང་རྡལ་ལི་ཧྲན་དུ་ཀྲུང་གོ་རུ་དམིགས་བསལ་དུ་ཡོད་པའི་སྟོངས་ལ་ཉེ་བའི་རི་དེའི་རིགས་ཀྱི་གསུས་པ་སེར་པོའི་སྐོར་པར་བླངས་པ་རེད།

སྲིད་ཇུས།

  • ཀོང་ཏུང་(广东)གིས་ཇུས་གཞི་བཏོན་ནས་ཆ་རྐྱེན་འཛོམས་པའི་བུ་བཅོལ་ཁང་གིས་བུ་བཅོལ་ཁང་བཙུགས་ནས་ལོ་གཉིས་དང་ལོ་གསུམ་གྱི་བྱིས་པ་བསྡུ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • ཧྲན་ཤིས་(山西)ཀྱིས་ཆང་ཁང་དང་གསོལ་མགྲོན་ཁང་སོགས་ཀྱིས་ཚད་མཐོ་ཅན་དང་གཏན་ཁེལ་ཅན་གྱི་ལེགས་སྐྱེས་མཁོ་འདོན་བྱེད་པའི་ཁྲོད་ཀྱི་ཐུམ་སྒྲིལ་བྱེད་ཐལ་ཤོར་བའི(过度包装)་བྱེད་སྤྱོད་དང་། དེ་བཞིན་རིག་གནས་གསར་གཏོད་ཀྱི་མིང་ཐོག་ནས་ཚོང་ཟོག་ཐུམ་སྒྲིལ་བྱེད་ཐལ་ཤོར་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཅང་ཤིས་(江西)ཀྱིས་སྒྲིག་གཞིའི་དྭ་ཕྲུག་གསོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁ་ཐོར་དུ་གནས་པའི་དྭ་ཕྲུག  དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་ལེན་ཚད་གཞི་སོ་སོར་སྒོར་220དང་། སྒོར160དང་། སྒོར160བཅས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ཤིན་ཅང་ཐེན་ཧྲན་ས་རྒྱུད་དང་དབྱི་ལི་ལུང་གཞུང་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།  དེའི་ནང་། ཤིན་ཅང་ཐེན་ཧྲན་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་ཡོད། ཞིན་ཅང་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་དང་དབྱི་ལི་ལུང་གཞུང་། བོད་ལྗོངས་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་རྒྱུད། ཐེ་ཝན་གླིང་ཕྲན་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།  དེའི་ནང་ཀུའེ་ཀྲོའུ་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་རྒྱུ་རེད། 

    d.jpg

  • བྱ་ཚང(鸟巢)རྒྱལ་ཁབ་ལུས་རྩལ་ར་བ། ཚེས13ཉིན་ནས་བཟུང་དགོང་མོར་ལྟ་སྐོར་བྱེད་པ་སྒོ་ཕྱེ་རྒྱུ་དང་། ལས་གཉེར་དུས་ཚོད་ཉིན་རེའི་ཆུ་ཚོད10:00-21:00བར་ལེགས་སྒྲིག་བྱས་འདུག

  • ཧྲང་ཧེ།  སྐབས་བཅུ་གསུམ་པའི་ཧྲང་ཧེ་དབྱིང་ཧྭ་(樱花)དུས་ཆེན་དེ་ཚེས15ཉིན་ཀུའུ་ཚུན་(顾村)སྤྱི་གླིང་དུ་མགོ་ཚུགས་རྒྱུ་དང་། སློབ་མ་དང་སྨན་དོན་མི་སྣས་སྤ་སེ་སྤྲོད་མི་དགོས་པར་ལྟ་སྐོར་བྱེད་ཆོག


མཉམ་སྤྱོད།