སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ3ཚེས13ཉིན། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་གྲོང་གསེབ་དར་སྤེལ་ཅུ་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོའི་སྣེ་ཁྲིད་དེ་འཇུ་ལག་རྫོང་རྒྱ་མདོ་གྲོང་རྡལ་དང་། རྒྱལ་མཁར་ཡུལ་ཚོ། སེམས་ཉིད་ཡུལ་ཚོ། ཤར་ཐང་གྲོང་རྡལ་སོགས་སུ་གྲོང་གསེབ་དར་སྤེལ་ཐོན་ལས་རྣམ་གྲངས་ཀྱི་ཕན་འབྲས་འདོན་སྤེལ་དང་། ཚོད་ལྟའི་གྲོང་ཚོ་འཛུགས་སྐྲུན། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་། དེ་བཞིན་2023ལོའི་འཆར་གཞིའི་ལག་བསྟར་རྣམ་གྲངས་ཀྱི་དུས་མགོའི་ལས་ཀའི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།
ཀརྨ་ཚེ་རིང་གིས་འཇུ་ལག་རྫོང་གི་དོན་དངོས་ལ་གཞིགས་ནས་གྲོང་གསེབ་དར་སྤེལ་ཚོད་ལྟའི་གྲོང་ཚོའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། 2023ལོའི་འབྲེལ་མཐུད་མ་དངུལ་རྣམ་གྲངས་ཀྱི་དུས་མགོའི་ལས་ཀའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། རྣམ་གྲངས་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་གནད་ལ་ཕུགས་པའི་ཤུགས་འདོན་པ་དང་། རང་འགུལ་ངང་འདེབས་གསོ་ལས་རིགས་དང་གནས་སྐོར་ཐོན་རྫས་ཞིབ་བཟོ་བྱེད་པ། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན་སོགས་ཐོན་ལས་དེ་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་བྱས་ཏེ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།