དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-15 09:09:07   |   204

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཏེར་ལ་གློག་འཕྲིན་བཏང་ནས་ཁོང་གིས་ནེ་པ་ལའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

  • ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་འཛུགས་པའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཀའི་སྒྲིག་སྲོལ(བཟོ་བཅོས་མ་ཟིན)》ལ་གྲོས་བསྡུར་གནང་ཞིང་། སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་མགོ་བརྩམས།

  • ཧུའུ་ནན(湖南)དང་། ཨན་ཧུའེ(安徽)། ཧེ་ནན་(海南)བཅས་ཞིང་ཆེན་གསུམ་གྱི་ཞིང་ཆེན་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་བྱས།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཁྲིམས་ཁང་གི་གློག་རྡུལ་སྐྱེལ་སྤྲོད་ཡིག་ཆ་ཚང་མ་དྲ་ཐོག་ནས་ཞིབ་བཤེར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ2པར་རྒྱལ་ཡོངས་ཀྱིས་དྲ་རྒྱའི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁྲི1459.9བདག་སྤྲོད་བྱས་ཡོད།

  • 2023ལོའི་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་སྐར་གྲངས་ཡོངས་བསྒྲགས་བྱས་པ་དང་། རྒྱུགས་སྤྲད་སློབ་མས་རྒྱལ་ཁབ་གཞུང་ཞབས་པ་ཅུ་ཡི་དྲ་ཚིགས་ཐོག་འདྲི་རྩད་བྱེད་ཆོག་པ་རེད།

  • ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2པའི་ཟླ་མཇུག་བར་དངུལ་ཁང་ཡོངས་ཀྱིས་ད་ལོ་རིམ་རྩིས་བྱས་ན་འབྲུ་རིགས་དང་། སྲིང་བལ། སྣུམ་བཅས་ཀྱི་དངུལ་བུན་སྒོར་དུང་ཕྱུར1075བཏང་ཞིང་། དུས་མཚུངས་ལས་སྒོར་དུང་ཕྱུར126འཕར་ཡོད།

a.jpg


  • ཚེས14ཉིན། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཐ་ལི་མུའུ་གཞོང་སའི་ཧྲུན་པེ(塔里木盆地顺北)84ཡི་གསེག་ཁྲོན་གྱི་དྲང་འཕྱང་ཁྲོན་འབིགས་(斜井垂直钻井)གཏིང་ཚད་སྨི8937.77ལས་བརྒལ་ཡོད། དེ་ནི་མིག་སྔའི་ཨེ་ཤེ་ཡའི་སྐམ་སའི་ཐོག་གི་དྲང་འཕྱང་གཏིང་ཟབ་ཤོས་ཀྱི་ཁྲོན་པ་ཏུན་སྟོང་ཅན་དུ་གྱུར་ཡོད། 

  • ཕྱི་འབྲེལ་པུའི་ལེན་ཧྲི་སིས(领事司)ཚེས15ཉིན་གྱི་ཆུ་ཚོད་བཅུ་གཉིས་ནས་བཟུང་། ཕྱི་རྒྱལ་བ་ཀྲུང་གོར་ཡོང་བའི་ཐོངས་མཆན་དང་དེ་བཞིན་རྒྱལ་མཚམས་སུ་འཛུལ་བའི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་།

  • ཚེས15ཉིན་ནས་བཟུང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་(中老铁路)གྱི་ལོ་སིའི(老挝)བར་མཚམས་དེར་ཀྲུང་གོའི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་དྲ་སྦྲེལ་ལག་ཁྱེར་ཁ་པར་གྱིAPPསྤ་སེ་འཚོང་བའི་མ་ལག་སྤྱོད་མགོ་ཚུགས་པ་དང་། ལོ་སིའི་ལྕགས་ལམ་དེ་དྲ་སྦྲེལ་ཐོག་སྤ་སེ་འཚོང་བའི་དུས་རབས་སུ་སླེབས་རྒྱུ་རེད།

སྤྱི་ཚོགས།

b.jpg


  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་བྱེ་རླུང་གི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་དང་། ཚེས14ཉིན་གྱི་ཆུ་ཚོད་20ནས་ཚེས15ཉིན་གྱི་ཆུ་ཚོད20བར། ནང་སོག་དང་ཧོ་པེ(河北)སོགས་སུ་བྱེ་མ་དང་ཐལ་རྡུལ་ཡོད་པ་དང་། ས་ཆ་ཁ་ཤས་སུ་བྱེ་རླུང་འཚུབ་ཡོད།

  • རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་སྔ་རྗེས་སུ་མེ་ཏོག་གི་རྡུལ་(花粉高峰)མང་བའི་དུས་སུ་སླེབས་པ་དང་། མིག་སྔར་མེ་ཏོག་གི་རྡུལ་གྱི་འབྱུང་ཁུངས་གཙོ་བོ་ནི་ཤུག་པའི་སྡོང་བོ་(柏树)དང་། ཡོ་འབོག(榆树)། སྦྱར་སྡོང(杨树)བཅས་ཡིན།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན།  2022ལོར་རྒྱལ་ཡོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འཛད་སྤྱོད་པའི་ཞུ་གཏུག་ཁྲི1310.38བདག་སྤྲོད་བྱས་ཏེ། འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར45.19མི་ཕོག་པ་བྱས་ཡོད།

c.jpg


  • ཉིན་ཤས་གོང་། རང་རྒྱལ་གྱི་ཁག་དང་པོའི-11Bརྒོལ་འཇོམས(歼战机)གནམ་གྲུའི་བུད་མེད་འཕུར་སྐྱོད་སློབ་མ5མཁའ་དམག་ཤིས་ཨན་(西安)འཕུར་སྐྱོད་སློབ་གླིང་དུ་རྐྱང་འཕུར་སྦྱོང་བརྡར་ཡོངས་འགྲུབ་བྱས།

  • པེ་ཅིང་གི་དུས་ཚོད་ཚེས14ནས19ཉིན་བར། 2023ལོའི་དབྱིན་ཇིའི་བྱ་སྒྲོའི་སྤོ་ལོའི(羽毛球)ཡོངས་བསྒྲགས་འགྲན་བསྡུར་དབྱིན་ཇིའི་པོ་མིན་ཧན(伯明翰)དུ་སྤེལ་རྒྱུ་རེད། ཀྲུང་གོ་རྒྱལ་ཁབ་ཀྱི་བྱ་སྒྲོའི་སྤོ་ལོའི་རུ་ཁག་གི་གཙོ་ཤུགས་རུ་ཁག་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

  • ཚེས14ཉིན། ཀྲུང་གོའི་བུད་མེད་ལན་ཆིའུ་སྤོ་ལོའི་རུ་མི་ལི་མོང(李梦)གིས་ཨ་རིའི་བུད་མེད་ལས་རིགས་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུརWNBAའགྲན་བསྡུར་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    d.jpg


  • ཉེ་ཆར། ཧེ་ནན་སན་ཡའི(海南三亚)མུའུ1400ཡི་རང་རྒྱལ་གྱིས་བཙུགས་པའི་ལིའུ་ལེན(榴莲)སྡོང་བོར་སིལ་ཏོག་ཐོགས་ཡོད། སྔོན་དཔག་བྱས་ན་ཟླ6པར་གཞི་ཁྱོན་ཆེན་པོས་ངང་ཁྲོམ་རར་འདོན་རྒྱུ་རེད།

  • ཏ་ལེན(大连)རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན(理工大学)དཔེ་སྐྲུན་ཁང་གིས“དཔེ་སྐྲུན་དཔེ་དེབ་རུ་རྒྱལ་བདེ་ལྷ་ཁང(靖国神社)གི་འདྲ་པར་མདུན་ཤོག་ཏུ་བཀོལ་སྤྱོད་བྱས་པའི་དོགས་གཞི”དེར། འབྲེལ་ཡོད་དཔེ་དེབ་འཚོང་མཚམས་བཞག་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཚུར་བསྡུ་བྱེད་པ་དང་འབྲེལ་མེད་པ་བཟོ་རྒྱུ་ཡིན་ཞེས་ལན་བརྒྱབ་པ་རེད།

e.jpg


  • ཉེ་ཆར། ཕྱི་རྒྱལ་གྱི་ཟོག་འདྲེན་གྲུ་གཟིངས་ཤིག་ནན་ཧྲ་གླིང་ཚོམ(南沙群岛)གྱི་མཚོ་ཁོངས་སུ་སྐྱོན་ཤོར་བའི་ཉེན་ཁའི་གནས་ཚུལ་ཐོན་ཡོད། རང་རྒྱལ་གྱི“ལྷོ་རྒྱ་མཚོའི115སྐྱོབ་གྲུ”མཚོ་ལེ(海里)2100ཙམ་བསྐྱོད་དེ་ཉེན་ཁར་འཕྲད་པའི་གྲུ་གཟིངས་དེ་ཀྲུའུ་ཅང(珠江)གཙང་པོའི་མཚོ་ཁོངས་སུ་བདེ་བླག་ངང་བསྐྱབས་པ་རེད།

f.jpg


  • ཡུན་ནན་མེང་ལ་རྫོང་(云南勐拉县)གི་བདག་ཏུ་མ་བཟུང་བའི་ཨེ་ཤེ་ཡའི་གླང་ཆེན་ཞིག་ཆུ་གཏིང་ཟབ་པའི་དོང་དུ་ལྷུང་བ་དང་། འགྲོ་རོགས་གླང་ཆེན་གྱིས་ཐེངས་མང་སྐྱོབ་ཐབས་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར།  རོགས་སྐྱོབ་མི་སྣས་རྐོ་འདྲུའི་འཕྲུལ་འཁོར་སྤྱད་དེ་སྲོག་ཉེན་ལས་ཐར་བའི་བགྲོད་ལམ་བཏོད་དེ་གླང་ཆེན་བདེ་བླག་ངང་དཀའ་ངལ་ལས་སྒྲོལ་རོགས་བྱས་ཡོད།

སྲིད་ཇུས།

  • 《སི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་པས་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་དང་རྟེན་འབྲེལ་གྱི་བྱ་བ་སྒྲུབ་པའི་གཏན་འབེབས》ཁྱབ་བསྒྲགས་བྱས་ཏེ། རིན་གོང་མཐོ་བའི་ལེགས་སྐྱེས་འབུལ་པའམ་ཡང་ན་གདན་ཞུ་ལག་རྟགས་སྤྲོད་པ་སོགས་གཏན་འགོག་གི་བྱེད་སྤྱོད་ཁག8ཁ་གསལ་བཏོན་ཡོད།

  • ཧྲན་ཤིས(山西)ཀྱིས་བྱ་སྤྱོད་འཆར་གཞི་བཟོས་ནས། ཁྱབ་ཚུལ་རྣམ་པའི་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། 2025ལོར་སླེབས་སྐབས། སྤྱི་པའི་སྒྲིག་གཞིའི་ཁང་པའི་ཐོག་འོད་ཤུགས་ཁྱབ་ཚད50%སླེབས་པར་བྱེད་རྒྱུ་རེད།

  • ཧང་ཀྲོའུ(杭州)ཡིས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཐད་བསམ་འཆར་བསྡུ་ལེན་བྱས་ཏེ། གྲོང་ཁུལ་གྱི་ལས་ཞུགས་ཚན་པའི་ལོ་35མན་གྱི་མཐོ་སློབ་དཀྱུས་མའི་ཆེད་སྦྱོང་སློབ་རྒྱུས་སློབ་ཐོན་སློབ་མ་གྲོང་ཁུལ་དུ་གཞིས་ཆགས་ཆོག་པའི་གཏན་འབེབས་བྱས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ནུབ་རྒྱུད་དང་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་འབབ་པ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཅང་ཤིས་ཀྱི་དབུས་རྒྱུད། སི་ཁྲོན་ལྷོ་རྒྱུད། ཁྲུང་ཆིང་ནུབ་རྒྱུད། ཀོང་ཤིས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆུང་ཆུང་འབབ་ཀྱི་རེད། 

g.jpg


  • པེ་ཅིང་། 2023པེ་ཅིང་གི་ལམ་ཐག་ཕྱེད་ཀའི་མ་ལ་སུང(马拉松)རྒྱང་རྒྱུག་ཟླ4ཚེས16ཉིན་མགོ་འཛུགས་པ་དང་། མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ3ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད10ནས་ཟླ3ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད10བའི་བར་ཡིན།

  •   ཐེན་ཅིན། དེ་རིང་ནས་བཟུང་ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོ་དང་། ལྔ་པ། དྲུག་པ། དགུ་པ་བཅས་ཀྱི་ལམ་ཐིག་ལེགས་སྒྲིག་བྱེད་རྒྱུ་རེད། དེའི་ཁྲོད། ལམ་ཐིག་དགུ་པར་སྔ་དགོང་དུ“ཅིན་པིན(津滨)”གྱི་གྲོང་ཁྱེར་གཉིས་ཀྱི་ཐད་གཏོང་མྱུར་བགྲོད་མེ་འཁོར་ཐེངས་རེ་མང་དུ་གཏོང་རྒྱུ་རེད།


མཉམ་སྤྱོད།