དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི། ཁུལ་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རིན་ཤ་བོ་སྐྱབས་ཀྱིས་རྩིས་བཤེར་བྱ་བར་བླང་བྱ་འདི་བཏོན་འདུག

2023-03-15 09:18:34   |   139

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མཚོ་བྱང་སྲིད་དོན།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རིན་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་གྲ་སྒྲིག་གནས་ཚུལ་དང་ཁུལ་རྩིས་བཤེར་ཅུ་ཡི་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཁུལ་རྩིས་བཤེར་ཅུ་ཡི་སྙན་ཞུར་གསན། ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་རྩིས་བཤེར་ཅུ་ཡིས་བླངས་པའི་ལས་ཀའི་གྲུབ་འབྲས་དང་། དེ་བཞིན་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་། རྩིས་བཤེར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་རེ་བ་དང་བླང་བྱ་གསར་པ་བཏོན།

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རྩིས་བཤེར་དཔུང་ཁག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི“མཚོ་བྱང་ལྔའི”འཐབ་ཇུས་ལས་འགན་དམ་འཛིན་ནན་པོ་བྱེད་པ་དང་“243”འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དམིགས་ཏེ“སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་སྤུས་ཚད་མཐོ་བའི་རྩིས་བཤེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”དེ་དམིགས་ཚད་དུ་བཟུང་ནས། ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ་དང་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ་བསྟན།

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རྩིས་བཤེར་སྡེ་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་གཏོང་དང་། རྩིས་བཤེར་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་གཏོང་བ། རྩིས་བཤེར་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། རྩིས་བཤེར་དཔུང་ཁག་གི་སྒྲིག་ཁྲིམས་རང་བཞིན་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རྩིས་བཤེར་གྱི“བྱེད་མི་ཆོག་པ་བརྒྱད”ཀྱི་ལས་ཀའི་སྒྲིག་ཁྲིམས།“གཏན་འགོག་བཞིའི”ལས་ཀའི་བླང་བྱ་བཅས་རྒྱུན་འཁྱོངས་ལྷོད་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལས་ཀའི་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་རྩིས་བཤེར་དཔུང་ཁག་ཅིག་གཏོད་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། རྩིས་བཤེར་ལྟ་སྐུལ་ཏན་ཏིག་དང་ནུས་ལྡན་བྱས་ཏེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩིས་བཤེར་གྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།