དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས2023ལོའི་རྩ་འཛུགས་དང་། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུ་འཚོགས།

2023-03-15 19:50:23   |   1123

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ3ཚེས14ཉིན། མདོ་ལ་རྫོང་གིས2023ལོའི་རྩ་འཛུགས་དང་། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་དང་། ཞིང་ཆེན་ཡོངས། ཁུལ་ཡོངས་ཀྱི་རྩ་འཛུགས་དང་། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། 2022ལོའི་རྫོང་ཡོངས་ཀྱི་རྩ་འཛུགས་དང་དྲིལ་སྒྲོག  འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་། འབུར་ཐོན་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། 2023ལོའི་རྩ་འཛུགས་དང་། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་ལ་བཀོད་སྒྲིག་དང་བྱེ་བྲག་གི་བླང་བྱ་བཏོན།

1.jpg

རྩ་འཛུགས་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་དེ“སྣེ་འདྲེན”ཡིན་པ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྲོག་ཤིང་འདིར་དམ་པོར་དམིགས་པ་དང་། སློབ་སྦྱོང་ཆེན་པོ་དང་གསོ་སྦྱོང་ཆེན་པོར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚན་རིག་དང་མཐུན་པའི་གཞུང་ལུགས་ལ་བཅངས་པའི་ཆབ་སྲིད་ཀྱི་མོས་མཐུན་དང་། བསམ་བློའི་མོས་མཐུན། བརྩེ་དུང་གི་མོས་མཐུན་བཅས་གོང་དུ་འཕེལ་བར་བྱེད་པ་དང་། ཏང་ཙུའུ(ཏང་ཨུ)མི་སྣའི་འདེམས་སྤྱོད་ལས་ཀར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། གོ་གནས་དང་འགན་རིམ་གྱི“བགྲོད་ལམ་གཉིས”བེད་སྤྱོད་ཡག་པོ་བྱས་ནས་གཞུང་ཞབས་པའི་དཔུང་ཁག་གི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས་པ་བསྟན། 

2.jpg

དྲིལ་སྒྲོག་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་དང་མུ་འབྲེལ་བྱེད་སྒོ་སྤེལ་ཚུལ་གྱི་རྗེས་འདེད་སྙན་སྒྲོན་ཕྱོགས་ཡོངས་ནས་ཡག་པོར་བསྒྲུབ་པ་དང་། བརྗོད་དོན་དྲིལ་སྒྲོག་དང་། གྲུབ་འབྲས་དྲིལ་སྒྲོག  དཔེ་མཚོན་དྲིལ་སྒྲོག  སྲིད་ཇུས་གནས་བབ་དྲིལ་སྒྲོག་བཅས་རྒྱ་ཁྱབ་ཏུ་སྤེལ་བ། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གཡོན་ལག་རུ་ཁག་མདོ་ལར་སྐྱོད་པའི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་ལེགས་སྒྲིག་ལས་དོན་དང་ཁྲང་ཡའོ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མདོ་ལའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་དང་མི་རིགས་ཀྱི་དམངས་སྲོལ་གཏམ་རྒྱུད་ཡག་པོར་བཤད་དགོས་པ་བསྟན། 

3.jpg

འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྣམས་རྫོང་ཨུའི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པར་ཁྲིད་སྟོན་བྱས་ཏེ།“ཁ་བྲལ་མི་ཐུབ་པ་གསུམ་”དང་ “ངོས་ལེན་བཞིའི”འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ལ་སྔར་བས་ཤུགས་སྣོན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བླངས་པའི་གྲུབ་འབྲས་ལ་གཅེས་སྐྱོང་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་བྱེད་པར་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་བསྟན། 

4.jpg

དུས་བབ་གསར་བའི་འོག་གི་རྩ་འཛུགས་དང་། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབ་པའི་ལས་འགན་ནི་གཟི་བརྗིད་ཆེ་ཞིང་། འགན་འཁྲི་ལྕི། རྩ་འཛུགས་དང་། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་འཐབ་ས་དང་པོ་རུ་འབད་འབུངས་བྱེད་བཞིན་པའི་བློ་མཐུན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་བ་དང་མིག་དཔེ་གཞན་སྟོན། དགེ་མཚན་འདོན་སྤེལ། གསོན་ཤུགས་ཆེར་བསྐྱེད་བཅས་ཀྱི་སྒོ་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འབུལ་དགོས་པའི་བླང་བྱ་བཏོན།

མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།


མཉམ་སྤྱོད།