དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྟོངས་ལ་ཉེ་བའི་དགོ་དམར་དཔལ་དགེ་ས་ཁོངས་ནས3500ལྷག་འཕར་ཡོད།

2023-03-15 20:11:07   |   152

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགོད་པས“ཀྲུང་གོའི་དགོ་དམར་གྱི་ཕ་ས”ཞེས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ནས་རྒྱུས་ལོན་བྱས་པ་ལྟར་ན། 2022ལོའི་ལོ་མཇུག་བར། སྟོངས་ལ་ཉེ་བའི་དགོ་དམར་དེ་དཔལ་དགེ་ས་ཁོངས་ནས3500ལྷག་ཇེ་མང་དུ་སོང་སྟེ། ལོ་ངོ་ཉི་ཤུའི་སྔོན་དང་བསྡུར་ན་ལྡབ17གྱིས་འཕར་འདུག  ཉེ་བའི་ལོ་འདི་གར། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་ཐོན་ཁུངས་ཅི་རིགས་གཅིག་བསྡུས་སྒོས་ལག་བསྟར་བྱས་ཏེ། དཔལ་དགེ་ས་ཆའི་འགན་འཁྲི་འདོན་སྤེལ་དང་། དགོ་དམར་ལ་སྲུང་སྐྱོབ་བྱེད་པའི་ཐད་མུ་མཐུད་དུ་ཤུགས་བསྣན་པ་རེད།

1.png

དཔལ་དགེ་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་སྡེ་བ་སོ་སོའི་རོང་འབྲོག་ཁྱིམ་ཚང་དུ་ཕྱིན་ནས་སྲིད་ཇུས་དྲིལ་སྒྲོག་དང་ལྷན་དུ། 《རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས》དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བཟོས་པའི་ཁྲིམས་ལུགས་ཀྱི་མཇུག་འབྲས་ཧུར་བསྐྱེད་སྒོས་དྲིལ་སྒྲོག་བྱས། ད་སྔར་རང་རྟོགས་སྒོས་དགོ་དམར་སྲུང་སྐྱོབ་བྱ་རྒྱུ་དེ་དཔལ་དགེའི་མང་ཚོགས་ཡོངས་ཁྱབ་ཀྱི་འདུ་ཤེས་སུ་གྱུར་ཡོད། 2016ལོའི་ཚུན་ལ། དཔལ་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་སྡེ་བའི་འབྲོག་དམངས་འབྲུག་འཛིན་འབུམ་དང་བསོད་ནམས་ཚེ་རིང་སྤུན་གཉིས་ཀྱིས་དགོ་བ་ཁྱོན་བསྡོམས50ལྷག་བསྐྱབས་ཤིང་། ལོ་བདུན་གྱི་རིང་ཁོ་གཉིས་ཀྱིས་བསྐྱབས་པའི་དགོ་ཕྲུག་གསོན་ཚད100%རུ་བསླེབས་ཡོད།

2.jpg

དཔལ་དགེ་གྲོང་རྡལ་གྱི་སྐྱེ་ཁམས་དཔལ་ཡོན་ལས་གཉེར་རུ་མི35ཡི་སྐོར་ཞིབ་སྲུང་སྐྱོབ་ནུས་པ་འདོན་སྤེལ་གང་ལེགས་གྱིས་དགོ་དམར་ལ་སྐོར་ཞིབ་སྲུང་སྐྱོབ་བྱ་རྒྱུ་དེ་ནགས་སྲུང་དོ་དམ་ཁྱབ་ཁོངས་སུ་བཞག་ནས། རྫོང་གི་འབྲེལ་ཡོད་སྡེ་ཁག་གི་གཟན་རྩྭ་བཀོད་སྒྲིག་ལ་རམ་འདེགས་དང་། དེ་མིན་ས་གནས་ཀྱི་དོ་དམ་རྩ་དོན་ལྟར་སྲུང་སྐྱོབ་ས་ཁོངས་སུ་མི་དངོས་སུ་ཐོན་ནས་འགན་གཙང་ལེན་བྱ་རྒྱུ།  དེ་དང་ལྷན་དུ། གྲོང་རྡལ་ཏང་ཨུས་དུས་རབས་གསར་པའི་དྲག་ཆས་བྱ་བའི་བླང་བྱ་དང་ཟུང་འབྲེལ་སྒོས་དཔལ་དགེ་གྲོང་རྡལ་གྱི“དགོ་དམར་དམངས་དམག་སྐོར་ཞིབ་སྲུང་སྐྱོབ་རུ་ཁག”ཅིག་གཟུག་རྒྱུ་ཡིན་ཞིང་། དམངས་དམག་རུ་ཁག་གི་གདོང་ལེན་པའི་ནུས་པ་རང་རྟོགས་སྒོས་འདོན་སྤེལ་བྱ་རྒྱུ་རེད།

3.jpg

གཞན་ད་དུང་། དཔལ་དགེ་གྲོང་རྡལ་གྱིས་རྩྭ་སའི་ཁ་གསབ་སྒྲིག་གཞི་དུས་ལྟར་ཞིབ་འཇུག་དང་སྒྲིག་བཟོ་བྱས་ནས། དཔལ་འབྱོར་གྱི་ཁ་གསབ་དང་ལས་གཞིའི་རོགས་འདེགས་ལ་བརྟེན་ནས་ལྕགས་ར་སོགས་ཉོས་ཏེ། དགོ་དམར་གྱིས་རྩྭ་རར་གྱོང་གུད་ཐེབས་པའི་ཁྱིམ་ཚང་ལ་ཁ་གསབ་བྱིན་ནས།  དགོ་དམར་སྲུང་སྐྱོབ་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུ་རེད།

4.jpg

རྐང་ཚ་རྫོང་སྡེ་ཁག་སོ་སོས་ཐུན་མོང་གི་ཧུར་བརྩོན་འོག དགོ་དམར་འཚོ་གནས་བྱེད་སའི་ཆུའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྟོངས་ལ་ཉེ་བའི་དགོ་དམར་གྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། མ་འོངས་པའི་འཕེལ་རྒྱས་ཁྲོད། དཔལ་དགེ་གྲོང་རྡལ་གྱིས“དགོ་བའི་གྲོང་རྡལ་ཆུང་ངུ”ཞེས་པའི་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས། དགོ་དམར་སྲུང་སྐྱོབ་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ།  སྲུང་སྐྱོབ་བྱ་བ་མུ་མཐུད་དུ་ལག་བསྟར་ཟབ་སྤེལ་བྱ་རྒྱུ་རེད།


མཉམ་སྤྱོད།