དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-16 09:12:34   |   196

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་། 《ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་དུ་མཉམ་བསྐྱོད་བྱེད་པ》ཞེས་བ་ཁ་བྱང་དུ་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་།

  • ཚེས16ཉིན། དཔེ་སྐྲུན་བྱེད་པའི《བདེན་འཚོལ》དུས་དེབ་ཐེངས་དྲུག་པའི་ཐོག  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ《མགྱོགས་མྱུར་ངང་ཞིང་ལས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ》ཞེས་བ་སྤེལ་རྒྱུ་རེད།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད》ཀྱི་དཔེ་དེབ་དེ། མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམས་སྤེལ་བྱས་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ1པོ་ནས2པའི་བར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར77067ཡིན་ལ།  དུས་མཚུངས་ལས་3.5%འཕར་ཡོད།

  • ཚེས15ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡིས་ཟླ1པོ་ནས2པའི་བར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་མཁོ་སྤྲོད་དེ། གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བསྟན་པ་རེད།

  • ཚེས15ཉིན། སྤྱི་བདེ་པུས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས།  དེ་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་དང་། མིའི་ངོ་གདོང་གི་ཆ་འཕྲིན། དངོས་ཟོག་ཉོ་སྒྲུབ་ཀྱི་ཆ་འཕྲིན། གནས་ཡུལ་གྱི་ཆ་འཕྲིན་སོགས་དང་འབྲེལ་བ་ཡོད་པ་རེད།

2.jpg

  • ཚེས15ཉིན། རང་རྒྱལ་གྱིས་ཅིའུ་ཆོན(酒泉)སྲུང་སྐར་འཕེན་གཏོང་ལྟེ་གནས་སུ། རྒྱང་སྐྱོད་ཨང་བཅུ་གཅིག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཚོད་ལྟའི་སྲུང་སྐར་ཨང་བཅུ་དགུ་པ་འཕེན་གཏོང་བྱས་པ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་ལས་དོན་གཞུང་དོན་ཁང་གིས་བསྟན་དོན། འགག་སྒོ་སྤྱི་ཁྱབ(海关总署)ཧྲུའུ་ཡིས་ཚེས15ཉིན་ནས་བཟུང་། ཐེ་ཝན་ས་ཁུལ་གྱི་འཁྱགས་རོམ་ཉ་དང་འཁྱགས་སྨྱུག་ཉ་ནང་འདྲེན་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

  • ཧུང་ཏུའུ་ལ་སིའི་(洪都拉斯)ཙུང་ཐུང་གིས་བསྟན་དོན། ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་འཛུགས་འདོད་ཡོད་ཅེས་གསུངས་པ་དང་། ངའི་ཕྱི་འབྲེལ་པུ་ཡིས་ཨ་ལན་བསློགས་ནས་ང་ཚོས་ཧུང་ཕྱོགས་ཀྱི་འབྲེལ་ཡོད་རྣམ་འགྱུར་ལ་དགའ་བསུ་ཞུ་རྒྱུ་ཡིན་ཟེར།

  • ཀྲུང་གོ་དང་དབྱི་རན། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་དམག་དཔུང་གི་ཐུན་མོང་ངོས་འཛིན་ལ་གཞིགས་ན། ཚེས15ནས19ཉིན་བར་ཀྲུང་གོ་དང་། དབྱི་རན། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་མཚོ་དམག་གིས་ཨ་མན་མཚོ་ཁུག་ཏུ“བདེ་འཇགས་སྦྲེལ་ཐག—2023”མཚོ་ཐོག་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱ་རྒྱུ་རེད།

སྤྱི་ཚོགས།

  • འབྱུང་འགྱུར་གཟའ་འཁོར་གཅིག་རིང་། རང་རྒྱལ་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཡོངས་ཁྱབ་ཏུ་འཕར་བ་དང་ཆག་པ། དེ་ནས་འཕར་བའི་སྣང་ཚུལ་མངོན་རྒྱུ་རེད།

  • ཞིང་ལས་གྲོང་གསེབ་པུས་པེ་ཅིང་གྲོང་ཁྱེར་གྱི་མོན་ཐོའུ་ཀོའུ་ཆུས(门头沟区)སོགས་རྫོང(གྲོང་ཁྱེར་དང་ཆུས)60 དེ2022ལོའི་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་གཙོ་གནད་རྫོང་དུ་གཏན་འཁེལ་བྱས་པ་རེད།

  • ཚེས15ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དྲ་རྒྱའི་འཛད་སྤྱོད་ཀྱི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས། དེའི་ནང་ཚོང་པའི་ཕྱོགས་ཀྱིས“དཔྱད་འདེམས་ཞན་པ(差评)”རྐྱེན་བྱས་ཏེ། འཛད་སྤྱོད་པའི་ཆ་འཕྲིན་རང་དགར་ཁྱབ་བསྒྲགས་གྱི་དབང་ཆར་བཙན་གནོད་བྱས་པ་སོགས་ཚུད་ཡོད་པ་རེད།

  • ཉེ་ཆར། དམངས་སྲིད་པུས་རྒྱ་ཆེའི་དྲ་གྲོགས་ཚོས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་བཏང་ནས། “ཟོལ་བཅོས་རྣམ་པའི་དགེ་སྒྲུབ”སོགས་དགེ་སྒྲུབ་རྫུས་མའི་རྒྱ་རྙི་ནང་ཚུད་མི་རུང་བའི་དྲན་སྐུལ་བྱས་པ་རེད།

  • ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་པའེ་ཀྲའོ་པི་ཐེའི་ཚད་ལིང་ཙི་གསང་ལྡེ་བགོ་ཐབས(百兆比特率量子密钥分发)མངོན་འགྱུར་བྱུང་བ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཚེས14ཉིན་གྱི《རང་བྱུང་འོད་རྡུལ་རིག་པ》ཞེས་པའི་དུས་དེབ་ཐོག་སྤེལ་ཡོད།

3.jpg

  • ཉེ་ཆར། ཧྲན་ཤིས(陕西)ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་བསྟན་དོན། ལོའོ་ནན(洛南)གཤོང་སར་ལོ་ངོ་ཁྲི་བརྒྱའི་གོང་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཡོད་པའི་གཏན་འཁེལ་བྱས་ཡོད།

  • ཀྲུང་གོའི་རྐྱལ་མཆོང་(跳水)ཨའོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཝུའུ་མིན་ཞ(吴敏霞)2023ལོའི་རྒྱལ་སྤྱིའི་ཆུ་རྐྱལ་གྲགས་ཅན་གྱི་མིང་ཐོ་རུ(名人堂)འདེམས་ཐོན་བྱུང་ཡོད། 

  • ཡུན་ནན་རུའེ་ལི(云南瑞丽)ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྐྱེལ་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། སོལ་བ་ཏུན་20ལྷག་ཙམ་གྱི་ཁྲོད་ནས་དུག་རྫས་ཀྱི་དོགས་གཞི་ཡོད་པའི་དངོས་པོ་500ལྷག་ཙམ་རྩད་ཆོད་པ་དང་། འཁྱགས་དུག་སྤྱི་རྒྱ108.13གཞུང་བཞེས་བཏང་བ་རེད།

4.jpg

  • དགུང་ལོ94ལ་སླེབས་པའི་ཨ་འགོག་ཁྲའོ་རོགས(抗美援朝)ཀྱི་དམག་མི་རྒན་གྲས་ལིའུ་ཡུས་ཞི་(刘玉玺)ཚེས14ཉིན་ཚེ་ལས་འདས་པ་དང་། ཁོང་གི་རེ་འདུན་ལྟར་ཁོང་གི་ལུས་ཕུང་མེས་རྒྱལ་གྱི་གསོ་རིག་བྱ་གཞག་ལ་ཞལ་འདེབས་སུ་འབུལ་རྒྱུ་རེད།

སྲིད་ཇུས།

  • ལེའོ་ཉིང(辽宁)གིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་མི་ལུས་ལ་གནོད་འཚེ་བཟོས་ཚེ། དོ་བདག(当事人)གི་སྨན་རིན་དེ་སྲིད་གཞུང་གིས་འགན་འཁུར་དགོས་པ་ཁ་གསལ་བཏོན་ཡོད།

  • ཚེས15ཉིན། ནང་སོག་གིས་གཏན་འབེབས་གསར་པ་ལག་བསྟར་བྱས་ནས་སང་ལོའི་ལོ་མཇུག་བར། ས་ཁོངས་ནང་གི་ལམ་དངུལ་བསྡུ་བའི་གཞུང་ལམ10ཡི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རིན་གོང་བཅུ་ཆ་གཉིས་བཅག་ནས་ཤར་གཏོང་བྱ་རྒྱུ་རེད།

  • ཧྲེན་ཀྲེན(深圳)གྱིས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་རང་འགུལ་ལུས་ཕྱིའི་འདར་སེལ་ཆས(自动体外除颤器)AEDའཛུགས་སྐྲུན་ཚད་གཞི་ཁྱབ་བསྒྲགས་བྱས་པ་དང་། རྒན་གསོའི་སྒྲིག་གཞི་དང་སློབ་གྲྭ་སོགསAEDཞབས་ཞུའི་ཁྱབ་འགྱེད་ཚངས་ཕྱེད་སྨི300ལས་བརྒལ་མི་ཆོག་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཤིན་ཅང་དབྱི་ལི་ལུང་ཤུར། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད།  ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཧྭ་བྱང་ལྷོ་རྒྱུད། ཧོང་ཧོའེ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་ཀྱི་རེད། དེའི་ནང་། སི་ཁྲོན་གཤོང་སའི་ཤར་རྒྱུད་དང་ཧུའུ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་རེད།

5.jpg

  • ཅི་ནན(济南)། ད་ལོའི་དྲོད་རླངས་མཁོ་འདོན་དུས་ཚོད་ཚེས་20ཉིན་གྱི་ཆུ་ཚོད0བར་གནས་སྐབས་ནར་འགྱངས་བྱ་རྒྱུ་ཡིན་པ་དང་། གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

  • ཤིས་ཨན(西安)།  ཟླ3ཚེས10ནས་ཟླ8ཚེས31ཉིན་བར་ཆ་རྐྱེན་འཛོམས་པའི་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་དང་སློབ་ཆེན་མཐར་ཕྱིན་སློབ་མས2022ལོའི་མི་སྒེར་གྱི་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།


མཉམ་སྤྱོད།