དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་སྤྱང་ཚང་གཏེར་དོང་དང་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་།

2023-03-16 09:23:35   |   239

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


      ཟླ3པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ། མུ་རི་གཏེར་ཁུལ་སྤྱང་ཚང་གཏེར་དོང་དང་པོའི་ཡུལ་དངོས་སུ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། རྩ་ལག་མཉམ་བཅོས་དང་ཐབས་མང་མཉམ་སྤྱོད། ཕྱོགས་བསྡུས་ཇུས་འདོན་བཅས་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་མུ་མཐུད་སྲ་བརྟན་དང་ཇེ་མཐོར་བཏང་སྟེ། གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ཀྱི་ཐོག་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་བཅས་ལ་བློ་ཡིད་ཚིམ་པའི་བཅོས་སྒྲིག་བྱ་བའི་རྒྱུགས་ལན་ཞིག་དབུལ་དགོས་པ་ནན་གྱིས་བསྟན། 

1.jpg

ཤ་བོ་སྐྱབས་འཁོར་དང་བཅས་པས་སྔ་རྗེས་སུ་ཡུལ་དངོས་ནས་སྤྱང་ཚང་གཏེར་དོང་དང་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཕན་འབྲས་དང་གཏེར་ཁུལ་གྱི་བཟོ་ཁང་བཤིག་གཏོར་དང་བེད་སྤྱོད་ཀྱི་གནས་ཚུལ་སོགས་ལ་གཟིགས་ཞིབ་གནང་སྟེ། འབྲེལ་ཡོད་བྱ་བའི་སྙན་ཞུ་དང་མིག་སྔའི་བཅོས་སྒྲིག་བྱ་བའི་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་ཉན། ཤ་བོ་སྐྱབས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བ་ནས་བཟུང་།  རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཏེར་དོང་སླར་གསོ་དང་གཟར་ངོས་བཅོས་སྐྱོང་། རྩྭ་འདེབས་ལྗང་སྒྱུར་སོགས་ཀྱི་བཅོས་སྒྲིག་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། གཏེར་ཁུལ་གྱི་སྔར་ཡོད་དོང་ཁ་དང་སྙིགས་སྤུངས་ཉེ་འཁོར་གྱི་ས་དབྱིབས་དང་ཕན་ཚུན་སྣོལ་འདྲེས། རང་བྱུང་དང་སྦྲེལ་མཐུད། ཕྱུགས་རྩྭ་བསྐྱར་དུ་བཏབ་ནས་སྐྱེ་འཚར་བྱུང་བས་བཅོས་སྒྲིག་བྱ་བར་དགེ་མཚན་ལྡན་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་ཡོད། འོན་ཀྱང་བཅོས་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་མེད་པ་དང་། བྱ་བ་ལྷོད་གཡེང་དུ་གཏོང་མི་རུང་བ། སྐྱེ་ཁམས་གནོད་འཚེའི་སྐྱིན་ཚབ་འཇལ་བ་དང་ཁྲིམས་འགལ་གྱི་ཐོབ་ཆ་བདའ་འདེད་གཏོང་བ་སོགས་དཀའ་ངལ་ཆེ་བའི་དཀའ་གནད་མང་པོ་ད་དུང་སེལ་ཐུབ་མེད། ཇི་ཙམ་རྗེས་སུ་ལུས་ན་ལས་འགན་དེ་ཙམ་གྱིས་དཀའ་ཚེགས་ཆེ་བས། ང་ཚོས་ངོས་འཛིན་གསལ་བོ་རྒྱུན་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས། གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མུ་མཐུད་གཏན་འཁེལ། བསམ་བློ་བཅིངས་འགྲོལ་དང་འགན་ཁུར་ནན་དུ་གཏོང་བ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ལས་འགན་སོ་སོ་སྲ་བརྟན་དང་མཐོར་འདེགས་ཏན་ཏིག་བཏང་སྟེ་གྲུབ་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ལ་བློ་ཡིད་ཚིམ་པའི་བཅོས་སྒྲིག་བྱ་བའི་རྒྱུགས་ལན་ཞིག་དབུལ་དགོས་པར་བསྟན།   

2.jpg3.jpg

ཤ་བོ་སྐྱབས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་གོ་རིམ་ལྡན་པ། ལུགས་མཐུན་ཁྲིམས་མཐུན་གྱི་སྒོ་ནས་སྤྱང་ཚང་གཏེར་དོང་དང་པོའི་སྐྱེ་ཁམས་གནོད་འཚེའི་སྐྱིན་ཚབ་གྲོས་མོལ་དང་ཁྲིམས་འགལ་གྱི་ཐོབ་ཆ་བདའ་འདེད། གཏེར་འདོན་དབང་ཆ་ཕྱིར་འཐེན། ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་རྗེས་མཐུད་བྱ་བ་ནན་ཏན་ངང་སྤེལ་ནས་ཡོ་བསྲང་བྱ་བ་སོ་སོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུ་དམིགས་ཚད་དུ་བྱེད་པ་དང་གཏེར་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ། སྐྱེ་ཁམས་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྐྱོང་ཡག་པོ་བྱེད་པ་དང་སྲུང་སྐྱོབ་ཡག་པོ་བྱས་ནས་རྩྭ་ཐང་དེ་སྔར་བས་མཛེས་སྡུག་ལྡན་པ་དང་སྔར་བས་གསོན་ཤུགས་ལྡན་པར་བྱེད་དགོས། རྐང་ཚ་རྫོང་དང་ཁུལ་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་མཚོ་སྔོན་མུ་རིའི་སྤྱང་ཚང་རྩྭ་ཐང་རང་བྱུང་སྤྱི་གླིང་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་འཆར་འགོད་དང་ནུས་པ་བཀོད་སྒྲིག དོ་དམ་སྲུང་སྐྱོང་དང་གཉེར་སྐྱོང་བཅས་ཀྱི་དུས་མགོའི་གྲ་སྒྲིག་བྱ་བ་སོ་སོ་གསར་འཛུགས་བྱེད་དགོས། རིམ་པ་རེ་རེ་བཞིན་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ཕུགས་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཁོངས་གཏོགས་འགན་འཁྲི་དོན་འཁྱོལ་བྱེད་པ། རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། སྤྱང་ཚང་གཏེར་དོང་དང་པོ་དང་ཐ་ན་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དེ་ཞིབ་ཕྲ་ཅན་དང་བརྒྱུད་རིམ་ཅན། ལམ་ལུགས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཁུལ་དང་རྫོང་གི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་ཕྱུགས་བཀག་དང་མེ་ཟོན་སོགས་དུས་མཇུག་གི་དོ་དམ་སྲུང་སྐྱོབ་བྱ་བ་ཏན་ཏིག་བསྒྲུབ་སྟེ་སྔོ་ལྗང་ཁུལ་གྱི“ཁ་གསབ་གསུམ”དང་ཐོན་སྐྱེད་ཁུལ་བཤིག་ནས་སྔོ་ལྗང་ཁུལ་གསབ་འདེབས་སོགས་ཀྱི་བྱ་བ་མུ་མཐུད་ཡག་པོ་བསྒྲུབ་སྟེ། སྐྱེ་ཁམས་སླར་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་ཡོང་བར་འགན་ལེན་བྱེད་དགོས། “གཅིག་གྱུར་འཆར་འགོད་དང་། ཡུལ་བབ་དང་བསྟུན་པ། ཕན་མཐོའི་བེད་སྤྱོད”བཅས་ཀྱི་རྩ་དོན་ལྟར་བེད་མེད་དུ་སྐྱུར་བའི་གཏེར་ཁུལ་གྱི་བཟོ་ཁང་དང་སྒྲིག་བཀོད་གང་འགབ་ཅི་སྤྱོད་བྱས་ཏེ། སྐྱེ་ཁམས་ཉེན་ཟོན་སློབ་གསོ་ཁང་དང་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ས་ཚིགས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་ས་ཚིགས། སྐྱེ་ཁམས་ཚན་རིག་ཁྱབ་གདལ་འགྲེམས་སྟོན་ཁང་། མེ་ཟོན་དངོས་ཟོག་གསོག་འཇོག་མཛོད་སོགས་འཛུགས་སྐྲུན་ཁ་ཕྱོགས་ནུས་ལྡན་ངང་བེད་སྤྱོད་བཏང་ནས་བེད་མེད་གཏེར་ཁུལ་དུ་སྐྱེ་སྟོབས་དང་གསོན་ཤུགས་གསར་བ་འཕེལ་ཐུབ་པ་བྱེད་དགོས་པ་ནན་གྱིས་བསྟན།

5.jpg

ཝང་ཡུང་ཁྲང་དང་མ་རུའུ་ཞང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་། 


མཉམ་སྤྱོད།