དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས2023ལོའི་དཔྱིད་དུས་སློབ་སྐབས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་ཚོགས་འདུ་སྤེལ།

2023-03-16 15:18:06   |   1243

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཟ་ཁང་གི་ལས་སྒྲུབ་མི་སྣའི་བདེ་འཇགས་འགན་འཁྲིའི་འདུ་ཤེས་ཟམ་མི་ཆད་པར་མཐོར་འདེགས་སུ་གཏོང་བ་དང་། སློབ་གྲྭའི་དགེ་སློབ་ཀྱི་བཟའ་བཅའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཉེ་ཆར་ལས་དོན་མི་སྣ་སྒྲིག་འཛུགས་སྒོས་སློབ་ཁུལ་ཁག་ཏུ་བསྐྱོད་ནས2023ལོའི་དཔྱིད་དུས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་ཚོགས་འདུ་སྤེལ།

1.png

གསོ་སྦྱོང་ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཤེས་བྱ། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ། དཔལ་ཡོན་ཟས་སྤྱོད་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་སྟེ་འགྲེལ་བཤད་བྱས། དེ་དང་ཆབས་ཅིག སློབ་གྲྭའི(བུ་བཅོལ་ཁང)འགན་འཁུར་བས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ནས་མི་སྣའི་བདེ་ཐང་དོ་དམ་ལམ་ལུགས་དང་། བཟའ་བཅའ་ཉོ་སྒྲུབ་ཀྱི་ཚོང་ཟོག་ནང་འདྲེན་ཞིབ་བཤེར་ལམ་ལུགས། བཟའ་བཅའི་བདེ་འཇགས་ཀྱི་རང་བཤེར་ལམ་ལུགས། བཟའ་བཏུང་ཡོ་བྱད་གཙང་འཁྲུད་དུག་སེལ་དང་། སྒྲིག་བཀོད་སྒྲིག་ཆས་དུག་སེལ་ལམ་ལུགས། བཟའ་བཅའི་མ་དཔེ་འགྲེམ་འཇོག་ལམ་ལུགས། བཟའ་བཅའི་སྦྱོར་རྟ་སོགས་བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་ཁག་ལག་བསྟར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན། རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའི་བདེ་འཇགས་མི་སྣས་འགན་འཁྲི་གཙང་སྒྲུབ་བྱས་ཏེ“ཉིན་རེར་སྡོམ་གཅུན་དང་། གཟའ་རེར་གྲལ་བཤེར། ཟླ་རེར་བཀོད་གཏོང”བཅས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ། དུས་བཀག་ལྟར་རང་བཤེར་རང་བཅོས་སྒོས་དོ་དམ་ལམ་ལུགས་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བའི་འགན་ལེན་བྱས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ཆུ་ཚད་ཇེ་མཐོར་བཏང་།

2.png

མིག་སྔའི་བར་མདོ་ལ་རྫོང་གིས་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་ཚོགས་འདུ་ཐེངས4མཉམ་འབྲེལ་ཐོག་སྤེལ་བ་དང་། གསོ་སྦྱོང་ནང་ཞུགས་མཁན་མི95(ཐེངས)ཡོད། གསོ་སྦྱོང་དང་ལག་ལེན་དངོས་བརྒྱུད་དེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་བླང་བྱ“ནན་ཤོས་བཞིར”སྐུལ་འདེད་ནུས་ལྡན་བཏང་སྟེ། “སློབ་གྲྭའི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད”གཏིང་ཟབ་ཏུ་སྤེལ་ནས་དཔྱིད་དུས་སློབ་སྐབས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པར་རྨང་གཞི་ཡག་པོ་བཏིངས།

མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།


མཉམ་སྤྱོད།