དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཙོང་ཆུའི་མགོ་ཁུངས། སྐྱེ་ཁམས་མཚོ་བྱང་།

2023-03-16 15:24:22   |   190

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས། མཛེས་སྡུག་གཞིས་ཁྱིམ་ལེ་ཚན།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


a.jpg

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་མཚོ་སྔོན་པོའི་བྱང་ཕྱོགས་སུ་ཡོད་ལ། མངའ་ཁོངས་སུ་འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་དང་། མདོ་ལ་རྫོང་། མདའ་བཞི་རྫོང་། རྐང་ཚ་རྫོང་བཅས་རྫོང་བཞི་ཡོད།

b.gif

 གནའ་བོའི་དུས་སུ། མཚོ་སྔོན་པོར“ནུབ་མཚོ”ཞེས་འབོད་ཀྱིན་ཡོད་ལ། དེ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་མཚོ་དང་ཚྭ་མཚོ་ཆེ་ཤོས་ཡིན་པ་དང་། མཐའ་འཁོར་དུ་རྔམ་ཞིང་བརྗིད་པའི་རི་ཚོགས་ཀྱིས་སྐོར་ཡོད་ཅིང་། རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན།

c.gif

མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རིང་མོའི་བར་དུ། ས་ཁྱོན་སྤྱི་ལེ་གྲུ་བཞི་མ1100ཡོད་པའི་གསེར་དངུལ་ཐང་རྩྭ་ཐང་ཆགས་ཡོད།  ལོ་རེའི་དབྱར་གཞུང་དུ། གནས་འདིའི་ག་ས་གང་དུ་འཛུམ་ཆུང་ལྷུག་པར་གྲོལ་བའི་མེ་ཏོག་རྣམ་པར་བཞད་ཡོད་པས། གསེར་མཚོ་དང་དངུལ་མཚོ་འཁྱིལ་བ་ཞིག་དང་གཉིས་སུ་མ་མཆིས། 

d.gif

མཚོ་བྱང་ཁུལ་གྱི་མངའ་ཁོངས་སུ་འཁྱགས་རོམ་མང་ཞིང་།  ལོ་འཁོར་མོར་གངས་གསོག་ཐེབས་ཡོད་པས། ཆུ་རྒྱུན་གྱི་ནུས་པ་མངོན་གསལ་ཡིན་པ་དང་། ཆུའི་རྒྱུག་ཚད་དེ་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ0.5ལས་ཆེ་བའི་ཆུ་བོ61ཡོད།  ཙོང་ཆུ་ནི་དེའི་ཁྲོད་ཀྱི་ཆུ་བོ་ཆེ་ཤོས་གསུམ་གྱི་ཡ་གྱལ་ཡིན་ལ། རྨ་ཆུའི་ཆུ་རྒྱུད་ཀྱི་རིམ་པ་དང་པོའི་ཆུ་ལག་དང་རྨ་ཆུའི་ཆུ་མགོ་གཙོ་བོའི་ནང་གི་གཅིག་ཡིན།  ཆུ་འདི་མཚོ་བྱང་ཁུལ་མདའ་བཞི་རྫོང་པའོ་ཧུའུ་ཐུའུ་རི་བོ་ནས་འབབ་པ་དང་། ལྷོག་ལྷོག་བརྡོལ་བའི་ཆུ་མིག་ནས་ཆུ་སྣ་མང་བོ་འདུས་ནས་ཤག་ཤག་ངང་རྟ་ཐང་རི་བོའི་གསེར་ཆེན་ལ་དང་དགོ་མང་ལའི་དབར་གྱི་ལུང་གཞུང་བརྒྱུད་ནས་ཤར་དུ་བཞུར་གྱིན་ཡོད་ལ། འབབ་རྒྱུད་དུ་འཇུ་ལག་ཆུ་བོ་གཙོ་བྱས་པའི་ཆུ་སྣ་མང་པོ་ཞིག་འདུས་ནས་ཀན་སུའུ་ཞིང་ཆེན་གྱི་ཡུང་ཅིང་རྫོང་དུ་རྨ་ཆུར་འདྲེས་ནས་མེས་རྒྱལ་གྱི་མ་ཡུམ་ཆུ་བོའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

e.jpg

མཚོ་བྱང་ཁུལ་ནི་ཙོང་ཆུ་དང་འཇུ་ལག་ཆུ་བོ། ཆུ་ནག་སོགས་ཆུ་བོ་ཆེ་ཆུང140ལྷག་ཙམ་གྱི་འབྱུང་ཁུངས་ཡིན་པ་དང་། དེར་ཕུན་སུམ་ཚོགས་པའི་ཆུ་བེད་ཐོན་ཁུངས་ཡོད།  ས་ངོས་ཀྱི་ལོ་རེའི་ཆུའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར58.2ཟིན་པས“ནུབ་རྒྱུད་ཀྱི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད།  ལོ་རེར་བཞིན་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད། རྨ་ནུབ་བར་ཁྱམས་སུ་ཆུ་ཁུངས་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར42.3བཞུར་གྱིན་ཡོད།

f.gif

 ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ནུས་ལྡན་འོག  སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཁོར་ཡུག་བདེ་འཇགས་ཀྱི་འགན་སྲུང་དེ་ཤུགས་རྒྱག་སར་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་ཁོར་ཡུག་ཤོང་ཚད་ཀྱི་མཐའ་ཚད་སྲུང་གང་ཐུབ་བྱས་པས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་སོང་བ་དང་། ཁྱད་པར་དུ་ཆུ་དྭངས་མོ་ཞིག་ཤར་ཕྱོགས་སུ་བཞུར་ཆེད། མཚོ་བྱང་ཁུལ་གྱིས་མགོ་ཁུངས་ཀྱི་འགན་འཁྲི་འཁུར་ཡོད་པ་དང་། མགོ་ཁུངས་ཀྱི་ནུས་པ་འཁུར་ཡོད། 

g.gif

མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་མ་ལག་ཧྲིལ་པོ་སྲུང་སྐྱོང་དང་མ་ལག་ཉམས་གསོ་ལག་བསྟར་བྱས་པ་བརྒྱུད། རྒྱལ་ཁབ་སྤྱི་གླིང་གི་གླིང་ཁུལ་འཛུགས་སྐྲུན་དང་གསར་འཛུགས་ལ་སྐུལ་འདེད་བཏང་ཡོད། སྔོ་ཐིང་ཐིང་གི་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་མཚོ་བྱང་ཁུལ་འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་གི་ཤར་ཕྱོགས་སུ་གནས་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེས་ཆེ་བའི་ནགས་ཚལ་ཡིན་པ་དང་། ནགས་ཚལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི6.73ཡོད།  སྐྱེས་དངོས་སྣ་ཁ་བརྒྱ་ལྷག་ཙམ་དང་རིགས་སྣ་དགུ་བརྒྱ་ལྷག་ཙམ་ཡོད།

h.jpg

“རི་ཆུ་སྔོ་དྭངས་ནི་གསེར་རི་དངུལ་རི་ཡིན་”ཞེས་པའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་མཚོ་བྱང་ཁུལ་གྱི་མི་རིགས་ཁག་གི་བུ་དང་བུ་མོའི་སེམས་ཀྱི་གཏིང་སར་སིམ་ཡོད་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དུས་ཡུན་རིང་པོའི་ཕྱོགས་བསྡུས་རང་བཞིན་གྱི་མ་ལག་བཟོ་སྐྲུན་ཅིག་ཏུ་གྱུར་ནས་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ནས་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ཤུགས་ཚད་ཐོག་ནས་མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

l.gif

རི་མཐོན་པོར་སྨྲ་བ་མེད་ཀྱང་། ཆུ་གཙང་མོར་མིག་གིས་འཚོས་ཡོད། ཙོང་ཆུའི་ཁ་ཕྱོགས་རྨ་ཆུ་ཡིན་ལ། རྨ་ཆུ་འདྲེས་ས་རྒྱ་མཚོ་ཡིན། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འགན་འཁྲི་ལ་གཙོ་ཕལ་མེད་ལ།  ཆེ་ཆུང་དེ་བས་ཀྱང་མེད། མཚོ་བྱང་གི་རིགས་སོ་སོ་མི་དམངས་ཀྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་འོད་སྟོང་འབར་བའི་འཇུག་ངོགས་དེར་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།



མཉམ་སྤྱོད།