དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་ཝ་མགྱོགས་ཡུལ་ཚོ་རུ་ཕྱིན་ནས་བརྟག་ཞིབ་གནང་།

2023-03-16 16:37:48   |   746

རྩོམ་སྒྲིག སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3པའི་ཚེས15ཉིན་གྱི་ཕྱི་དྲོར ། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་ཝ་མགྱོགས་ཡུལ་ཚོ་རུ་ཕྱིན་ནས་ཡུལ་ཚོ་དང་གྲོང་རྡལ་གྱི“ཡོད་པ་བཅུའི་བཟོ་སྐྲུན”ལས་གཞིའི་འཛུགས་སྐྲུན་ལ་བརྟག་ཞིབ་མཛུབ་སྟོན་བྱས་པ་དང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཁོར་སྐྱོད། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས།  རྫོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུའི་མདའ་བཞི་ཁྲིམས་བསྟར་རུ་འབྲིང་གྲབས་འཛུགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་། 

66666.jpg

ཁོས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ།   སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་མཐིལ་ཕྱིན་བྱེད་པ་དང་། མང་ཚོགས་ལ་དངོས་ཕན་ཐོབ་པར་བྱ་རྒྱུ་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བརྩིས་ནས་ཞིབ་དཔྱད་བྱེད་དགོས་པ་བསྟན། 

མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར། 


མཉམ་སྤྱོད།