དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སྐད་ཡིག་ལོ་ཙཱའི་ན་གཞོན་འཇོན་མིའི་གསོ་སྦྱོང་འཛིན་གྲྭ་བསྡུས།

2023-03-16 21:11:26   |   298

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡིག་བསྒྱུར་ཁྲུའུ།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ན་གཞོན་འཇོན་མིའི་གསོ་སྦྱོང་འཛིན་གྲྭ2023ལོའི་ཟླ3པའི་ཚེས16ཉིན་ཟི་ལིང་གྲོང་ཁྱེར་གྱི་སྐུ་འབུམ་ནས་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་གསར་འགྱུར། པར་བསྐྲུན། སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་ཀྱི་ལས་ཁུངས28ནས་ཡོང་བའི་ན་གཞོན40གསོ་སྦྱོང་ལ་ཞུགས་ཡོད།

微信图片_20230316211647.jpg

ཐེངས་འདིའི་གསོ་སྦྱོང་ནི་མཚོ་སྔོན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་རྣམ་གྲངས་མ་དངུལ་སྤྱད་ནས་རྒྱབ་སྐྱོར་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱ་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན། གསོ་སྦྱོང་ལ་རང་ཞིང་ཆེན་གྱི་རྒྱ་བོད་ལོ་རྒྱུས་ཞིབ་འཇུག་ཆེད་མཁས་པ་དགེ་རྒན་མཁའ་འབུམ་དང་། སྔར་གྱི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཀྲ་བྷོ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་དང་བོད་རྒྱ་ལོ་ཙཱའི་ཆེད་མཁས་པ་དགེ་རྒན་སྐལ་བཟང་འབུམ་སོགས་མཁས་པ་མིང་གྲགས་གདན་འདྲེན་ཞུས་ཡོད་ཅིང་། མི་རིགས་སྐད་ཡིག་གི་ལོ་ཙཱའི་འཇོན་མི་སྐྱེད་སྲིང་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྤེལ་རེས། རྒྱ་བོད་ལོ་ཙཱའི་ལག་ལེན། བོད་ཡིག་ཚན་རྩལ་ལོ་ཙཱ་སོགས་ཀྱི་ནང་དོན་གཙོ་བོར་བཞག་ནས་སློབ་ཁྲིད་བྱས་ཤིང་། རང་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལས་དོན་སྒྲུབ་མཁན་གྱི་ན་གཞོན་དག་གི་ལོ་ཙཱའི་ནུས་པ་ཇེ་མཐོར་གཏོང་བ་དང་། རྗེས་རབས་ལོ་ཙཱའི་འཇོན་མི་སྐྱེད་སྲིང་། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་རང་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ཁྲོད་ནས་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ཡིན།


མཉམ་སྤྱོད།