དེ་རིང་ནི2026ལོའི་ཟླ04པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་བྱས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་རྒྱུའི་སྐོར་གླེང་བ།

2026-04-13 14:35:28   |   50

སྒྲིག་སྒྱུར། ཀླུ་མོ་མཚོ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


金句.jpg

习近平论增强树立和践行正确政绩观的思想自觉和行动自觉

全党同志特别是各级领导干部要从理论上和实践上深刻认识政绩观对党和国家事业发展的重要性,特别是要对照正反两方面典型,深刻汲取经验教训,提高党性觉悟,以对党和人民高度负责的态度,增强树立和践行正确政绩观的思想自觉和行动自觉。

——习近平2026年2月5日关于在全党开展树立和践行正确政绩观学习教育的重要指示

ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་བྱས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་རྒྱུའི་སྐོར་གླེང་བ།

ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་ལག་ལེན་ཐོག་ནས་སྲིད་བྱས་ལྟ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བྱ་གཞག་གོང་དུ་སྤེལ་བའི་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱ་དགོས་པ་དང་། ལྷག་པར་དུ་དྲང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་དང་བསྡུར་བ་དང་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ། ཏང་གཤིས་ཀྱི་གོ་རྟོགས་མཐོར་འདེགས་བཅས་བྱས་ཏེ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྲིད་བྱས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས།

——ཞི་ཅིན་ཕིང་གིས2026ལོའི་ཟླ2ཚེས5ཉིན་ཉིན་ཏང་ཡོངས་སུ་ཡང་དག་པའི་སྲིད་བྱས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སློབ་གསོ་སློབ་སྦྱོང་སྤེལ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན།


མཉམ་སྤྱོད།