མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-17 08:35:13   |   304

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》པར་འགྲེམས་བྱས།

  • ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་6950ཟིན། དུས་མཚུངས་ལས1.1%འཕར་ཡོད།

  • ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན་བདུན་གྱིས་ཚེས་16ཉིན། 2023ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མཉམ་འབྲེལ་ཐོག་བཀོད་སྒྲིག་བྱས་ཏེ། གཙོ་བོ་ས་བོན་དང་། ལུད། ཞིང་སྨན་བཅས་དཔྱིད་རྨོད་སྐབས་ཀྱི་ཞིང་ལས་རྒྱུ་ཆ3ལ་དམིགས་ཡོད།

  • རིག་གནས་གནས་སྐོར་པུའུ་ཡིས་བརྡ་ཐོ་བཏང་ནས་ཚེས20ཉིན་ནས་བཟུང། ཕྱི་ཕྱོགས་དང་འབྲེལ་བའི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བདག་སྤྲོད་དང་ཞིབ་མཆན་འགོད་རྒྱུ་སླར་གསོ་བྱས་པ་རེད།

  • 2023ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་དམག་གསར་སྐྱེལ་འདྲེན་ལས་དོན་ཚེས16ཉིན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ2པར་གྲོང་ཁྱེར་རིམ་པ་ཁག་གི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དུས་མཚུངས་ལས་སྤྱིའི་ཆ་ནས་འཕར་བ་དང་། ལག་བརྒྱུད་སྡོད་ཁང་གི་རིན་གོང་དུས་མཚུངས་ལས་མར་ཆག་པ་མཚམས་བཞག་ཡོད།

a.jpg

  • ཚེས16ཉིན། ཧྲེན་ཀྲེན་ཏ་ཡ་མཚོ་ཁུག(深圳大亚湾)ཏུ་གནས་པའི་ལིང་ཨའོ་ཉིང་རྡུལ་གློག་ཁང(岭澳核电站)གི་འཕྲུལ་ཚན་དང་པོ་བསྟུད་མར་བདེ་འཇགས་ངང་འཁོར་སྐྱོད་བྱས་ནས་ཉིན6000ཟིན་པ་དང་།  རྒྱལ་སྤྱིའི་རིགས་གཅིག་པའི་འཕྲུལ་ཚན་བསྟུད་མར་བདེ་འཇགས་ངང་འཁོར་སྐྱོད་བྱེད་པའི་ཉིན་གྲངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཚེས15ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་ཉིའུ་ཧོང(日本)གི་ཁྲིམས་འགལ་ངང་རང་རེའི་ཏེའོ་ཡུས་གླིང་ཕྲན(钓鱼岛)གྱི་མཚོ་ཁོངས་སུ་བསྐྱོད་པའི་གྲུ་གཟིངས་ཕྱིར་འདེད་བྱས་པ་རེད།

  • ཚེས16ཉིན། རྒྱལ་སྲུང་པུའི་མགྲིན་ཚབ་པས་མིག་སྔའི་ཐེ་ཝན་མཚོ་འགག་གི་དུས་བབ་ཀྱི་འབྲེལ་ཡོད་གནད་དོན་ལ་ལན་བརྒྱབ་ནས།  མི་དམངས་བཅིངས་འགྲོལ་དམག་གིས་མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་ཏེ། “ཐེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་བར་སྟོང་གང་ཡང་འཇོག་མི་རུང་ཞེས་བཤད་པ་རེད།

  • ཚེས16ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་འཛེམ་བག་མེད་པར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཚད་གཞི་ཉིས་བརྩེགས་འཛིན་པར།  ཨ་རི་ཕྱོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་རང་སྟེང་དང་རྒྱང་ཐག་རིང་པོ་ཞིན་མིན་པར། ཨ་རིའི་སྤྱི་ཚོགས་ཀྱི་མིག་མདུན་དུ་ལྷགས་པའི་གནད་དོན་ཞིག་རེད་ཅེས་ཁ་ཏ་བྱས་པ་རེད།

སྤྱི་ཚོགས།

  • ཚེས16ཉིན། རྨ་ཆུའི་འཁྱགས་རོམ་དུམ་མཚམས་ཡོངས་སུ་དར་ཁ་ཕྱེས་མགོ་ཚུགས། དེ་ནམ་རྒྱུན་ལས་ཉིན9ཡིས་སྔ་བ་ཡོད།

  • ཚེས16ཉིན། སྐྱེ་ཁམས་ཁོར་ཡུག་པུས་ཟླ1པོ་ནས2པའི་བར་གྱི་གཙོ་གནད་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཀྱི་ཨང་རིམ(排名)བརྡ་ཁྱབ་བཏང་། ལྷ་ས་དང་ཧའེ་ཁོའུ(海口)། ཧྥུའུ་ཀྲོའུ(福州)བཅས་བལྟོས་བཅས་ཀྱིས་ཡག་པོ་ཡོད་པ་དང་། ཞན་དབྱང(咸阳)དང་། ཞི་ཨན། ཝོ་ལུའུ་མུའུ་ཆི(乌鲁木齐)བཅས་བལྟོས་བཅས་ཀྱིས་ཞན་ཙམ་ཡོད།

  • ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ། ཏང་ཙུའུ་ཡི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཀྲེང་ཧུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

b.png

  • ཚེས16ཉིན། འཛམ་གླིང་ཕིང་ཕང་སྤོ་ལོའི(乒乓球)མཉམ་འབྲེལ་ལྷན་ཚོགས་སིང་ཀ་ཕོར(新加坡)གྱི་ཏ་མན་ཀོན(大满贯)མཉམ་བསྲེས་གཉིས་ཀྱི་མཐའ་བསྡུར་ནང་། ཀྲུང་གོའི་རུ་ཁག་གི་མཉམ་སྡེབ་ཝང་ཁྲུའུ་ཆིན(王楚钦)་དང་སུན་དབྱིང་ཧྲ(孙颖莎)ཡིས་ཉི་ཧོང་རུ་ཁག་གི་མཉམ་སྡེབ་ཀྲང་པིན་ཀྲི་ཧི(张本智和)དང་ཙོ་ཐེན་ཤིས་ན(早田希娜)ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད།

  • ཚེས16ཉིན། ཨེ་ཤེ་ཡའི་ཨའོ་རྩལ་འགྲན་ཚོགས་ཀྱི་ལས་འཛིན(亚奥理事会)ལྷན་ཚོགས་ཀྱིས《ལོའུ་ཧྲི་གཏམ་རྒྱུད》ཞེས་པའི་རྣམ་གྲངས་མེད་པ་བཟོས་ནས། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས(杭州亚运会)ཀྱི་གློག་རྡུལ་རྩལ་འགྲན་འགྲན་བསྡུར་རྣམ་གྲངས7ལ་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཚེས16ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། རང་རྒྱལ་གྱིས་བཟོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་འཛད་སྤྱོད་པའི་དགའ་བསུ་ཐོབ་མོད། འོན་ཀྱང་གློག་གསོག་རིན་གོང་གི་བློ་ཡིད་ཚིམ་ཚད་དང་རྩིས་རྒྱག་གནད་ལ་འཁེལ་བའི་ཐད་ད་དུང་མུ་མཐུད་དུ་འབད་བརྩོན་བྱེད་དགོས་པ་བསྟན་ཡོད།

  • ཚེས16ཉིན། པེ་ཅིང་གིས་ཡོ་རོབ་ལ་ཐད་གཏོང་ཐུབ་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐོག་མ་དེ་གཏོང་མགོ་ཚུགས་པ་རེད།

c.jpg

  • རང་རྒྱལ་གྱིས་ད་ལོའི་ལོ་མཇུག་ཏུXའཕྲོ་འོད་གནམ་དཔྱད་སྲུང་སྐར་གསར་པ་སྟེ་ཨེ་དབྱིན་སི་ཐན་ཁབ་མིག་ཞེས་པ་ཞིག་འཕེན་གཏོང་བྱ་རྩིས་ཡོད། དེས་སྐར་མ་གསར་པའི་འོད་དང་པོ་འཛིན་ཐུབ་རེ་ཡོད་པ་རེད།

d.jpg

  • ཉེ་ཆར། ཧུའུ་ནན་ཤང་ཤིས་ལི་ཡེ་གནའ་ཤུལ(湖南湘西里耶古城遗址)སླར་ཡང་གནའ་རྫས་རྟོག་ཞིབ་རྩད་ཞིབ་བྱེད་མགོ་ཚུགས་པ་རེད། ལོ21གོང་དུ། ས་གནས་དེ་གར་ཆིན་རྒྱལ་རབས་ཀྱི་གནའ་རྫས་ཡིག་ཆ་ཁྲི3.8ཙམ་རྙེད་པ་རེད།

e.jpg

  • ཡུན་ནན་ཕུའུ་ཨེར(云南普洱)གྱི་མཐའ་མཚམས་ཞིབ་བཤེར་ཉེན་རྟོག་ཁྱི་“ཡུན་ཡིས”གྱིས་སྐོར་ཞིབ་བྱེད་པའི་ལམ་བར་དུ་རང་འགུལ་ངང་ཉེན་བརྡ་བཏང་ནས། འཁྱགས་དུག་སྤྱི་རྒྱ12.47རྩད་ཆོད་རྒྱུར་གཞོགས་འདེགས་བྱས་ཡོད། དམག་ཁྱི་དེའི་སྦྱོང་བརྡར་མི་སྣས་ཉེན་རྟོག་ཁྱི་དེ་ཆེས་དགའ་བའི་བྱ་རྐང་སྤྱད་དེ་“བྱ་སུག་མེ་ཏོག་གི་གདུབ”བཟོས་ནས་བྱ་དགའ་གནང་།

སྲིད་ཇུས།

  • བཟོ་འཕྲིན་པུས《གློག་འཕྲིན་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་ཐག་གཅོད་གཏན་འབེབས》པར་འགྲེམས་བྱས་ནས། གློག་འཕྲིན་གཙོ་གཉེར་སྡེ་ཚན་ལ་ཐེར་འདོན་གོང་ཞུ་བྱས་པ་འབྱོར་ཉིན་ནས་བཟུང་ཉིན60ནང་ཚུན་དུ་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱིམ་ཚང་གི་བཅོལ་གསོ་ས་ཚིགས(家庭托育点)ཀྱི་ཞབས་ཞུ་ཚད་ལྡན་དུ་གཏོང་རྩིས་ཡོད་པ་དང་། མངགས་བཅོལ་མི5ལས་བསྡུ་མི་རུང་བ་དང་། ལྟ་སྐྱོང་མཁན་རེ་ཡིས་ཆེས་མང་ན་ཕྲུ་གུ་ཆུང་ཆུང3ལས་ལྟ་སྐྱོང་བྱེད་ཆོག་གི་མེད།

  • 《ཧའེ་ནན་ཞིང་ཆེན་གྱི“ལྷོ་རྒྱ་མཚོའི་སྲུང་སྐར་གསར་པའི”རྣམ་གྲངས་ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས། རྨང་གཞིའི་ཞིབ་འཇུག་སོགས་ཐད་ཀྱི་ཕུལ་བྱུང་ན་གཞོན་ཤེས་ལྡན་པར་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁོངས་ཀྱི་ཚོད་འཛིན་མི་ཕོག་པ་བྱས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  ཤིན་ཅང་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་ལྷོ་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད།  ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་དང་། ཧུའུ་ནན། ཧུའུ་པེའི་ཤར་རྒྱུད། ཅང་ཤིས། ཨན་ཧུའེ། ཅང་སུའུ་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་གྱི་རེད།

f.jpg

  • ཧྲང་ཧེ། ཟླ3པའི་རླངས་འཁོར་ཨང་རྟགས་ཧབ་ཚོང་དེ་ཚེས18ཉིན་སྤེལ་རྒྱུ་རེད།  བཀས་བཅད་རིན་གོང་སྒོར91500ཡིན།

  • ཀོང་ཀྲོའུ། ཚེས17ཉིན་ནས་བཟུང་། ས་འོག་ལྕགས་ལམ་གྱི་ལམ་ཐིག་བཅུ་བཞི་པར་གཟའ་པ་སངས་ཀྱི་ཆེད་སྤྱོད་འཁོར་སྐྱོད་ལམ་ཐིག་སྤྱོད་མགོ་ཚུགས་པ་དང་། དགོང་མོའི་འདུ་འཛི་ཆེ་བའི་དུས་སྐབས་སུ་ཆུ་ཚོད་གསུམ་ཙམ་རིང་དུ་བཏང་བ་དང་ཆབས་ཅིག་མྱུར་བགྲོད་རླངས་འཁོར་གཏོང་བའི་དུས་ཚོད་ལེགས་སྒྲིག་བྱས་ཡོད།


མཉམ་སྤྱོད།