མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ཀྱི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2023-03-17 09:20:59   |   176

རྩོམ་སྒྲིག  སངས་དོན།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3པའི་ཚེས16ཉིན་གྱི་ཕྱི་དྲོར། ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ཀྱི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ཀྱི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་གཞིར་བཟུང་། ཁུལ་ཡོངས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་དང་ཁྱོན་ཡོངས་འཆར་འགོད་བྱས་ནས་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གྲུབ་འབྲས་གསར་བ་ཐོབ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “243”གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་སྒོས་གཏོད་པ། “མཚོ་བྱང་ལྔ”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་སྤྱོད་ཚུལ་གྱི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན། ཀྲང་ཧྲིང་ཡོན་དང་། དབྱང་ཧེ་ལུང་། མ་ཁྲེང་ཧྥང་བཅས་ཚོགས་འདུར་ཞུགས།   

444.jpg    

       ཤ་བོ་སྐྱབས་ཀྱིས་ན་ནིང་ནས་བཟུང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྟོབས་ལྡན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་མཛུབ་སྟོན་ཞིབ་མོའི་འོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་ཁུར་ལག་བསྟར་ནན་ཏན་བྱས་ཤིང་། “མི་ཕོད་པ་གསུམ”གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཏང་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ནན་དུ་བཏང་ལ། རུལ་སུངས་ལ་ཆད་གཅོད་ཀྱི་བཙན་གནོན་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སྐྱོང་གི་ཆེད་དོན་འགུལ་སྐྱོད་ཏན་ཏིག་སྤེལ་བ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཏེ་ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བར་མ་ཟད་མུ་མཐུད་སྲ་བརྟན་དུ་བཏང་ཡོད་པས་བྱ་བ་སོ་སོར་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་ཐོབ་ཡོད་པར་བསྟན།

555.jpg

ཤ་བོ་སྐྱབས་ཀྱིས་རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)བསམ་བློ་དང་འགུལ་སྐྱོད་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་འགུལ་སྐྱོད་དངོས་ལ་བརྩི་དགོས། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བ་དེ་དོན་དངོས་ཞིབ་བཤེར་ཞིག་ཡིན་པའི་ངོས་ནས། མགོ་ཁྲིད་སྲོག་ཤིང་དང་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། ཏང་ནང་ཁུལ་གྱི“ཆབ་སྲིད་ཀྱི་དོན་ཆེན”གྱི་ལས་འགན་གསལ་ཐོ་འཐུས་ཚང་དུ་གཏོང་བ་དང་། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལས་བྱེད་པའི་རྒྱུན་ལྡན་གྱི་སློབ་གསོ་དང་ལྟ་སྐུལ་དམ་འཛིན་ཏན་ཏིག་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅི་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁུར་བ་དང་པོ་ཡག་པོ་བྱས་ནས་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཆབ་སྲིད་ཀྱི་ནུས་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་ནུས་པ། སྤྱོད་གཙང་རང་འདོམས་ཀྱི་ནུས་པ། དོན་འཁྱོལ་དམ་འཛིན་གྱི་ནུས་པ་བཅས་ཆེ་རུ་བཏང་ནས་རང་རྟོགས་ངང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་། དམ་འཛིན་དང་དོ་དམ་བྱེད་ཕོད་པ། གཟབ་ནན་བྱེད་ཕོད་པ། བཙན་པོ་དང་འཐབ་ཕོད་པ། འགན་ཁུར་འཁུར་ཕོད་པ་བཅས་འགག་སྒྲོལ་དཀའ་སེལ་གྱི་དཔེ་བཟང་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་ཀྱི་བརྒྱུད་སྤྲོད་ཕན་འབྲས་ཐོན་པར་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་བོ་ཞིག་ཆགས་པར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས“རྒྱལ་དོན་གྱི་ཆེ་ཕྱོགས”དང“ཞིང་ཆེན་དང་ཁུལ་གྱི་ལས་འགན་གལ་ཆེན”ལ་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་གནད་འཁེལ་བྱས་ནས། སྐོར་ཞིབ་ལྟ་སྐུལ་གྱིས“ཆབ་སྲིད་ཀྱི་གཟུགས་པོར་བརྟག་དཔྱད”དང་། རྩིས་བཤེར་གྱི་བསྡོམས་རྩིས་ལྟ་སྐུལ་གྱིས“དཔལ་འབྱོར་གྱི་གཟུགས་པོར་བརྟག་དཔྱད”། རྒྱུན་ལྡན་གྱི་ལྟ་སྐུལ་གྱིས“སྤྱོད་གཙང་གི་གཟུགས་པོར་བརྟག་དཔྱད”སོགས་ཀྱི་ནུས་པ་གཅིག་གྱུར་གྱིས་འདོན་སྤེལ་བྱས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་དོན་འཁྱོལ་དང་རྒྱུན་ལྡན་གྱི་ལྟ་སྐུལ་དོན་འཁྱོལ། ལྟ་སྐུལ་སྣ་ཚོགས་རྒྱུན་མཐུད་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

 ཚོགས་ཐོག་ཏུ2022ལོའི་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་ཁུར་ལམ་ལུགས་ལ་དཔྱད་ཞིབ་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། 2023ལོའི་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་བའི་གཙོ་གནད་དང《མཚོ་བྱང་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་ཁུར་གཙོ་བོ་དང་ལྟ་སྐུལ་འགན་ཁུར་གྱི་དཔྱད་ཞིབ་བྱ་ཐབས》ལ་གྲོས་ཞིབ་གནང་། 

ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ཀྱི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་ཚོགས་འདུར་ཞུགས།


མཉམ་སྤྱོད།