མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་དང་སྐྱིད་སྨོན་ཡུལ་ཚོ་རུ་བརྟག་ཞིབ་གནང་།

2023-03-17 09:32:46   |   716

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ3པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”དང་འཐབ་ས་དང་པོའི་བྱ་བ་སྒྲུབ་སྟངས་བེད་སྤྱད་ནས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་དང་། སྐྱིད་སྨོན་ཡུལ་ཚོ་རུ་བསྐྱོད་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ། ཞང་དང་གྲོང་རྡལ་གྱི“བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་བྱ་བར་བརྟག་ཞིབ་གནང་ལ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོས་བརྟན་པོར་བཙུགས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བཏོན་པའི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་གཞིར་བཟུང་གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་སྟོན་ཕྱོགས།  མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་བཙུགས་ནས་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་བདེ་སྐྱིད་ཆེ་རུ་གཏོང་བ།    ཞབས་ཞུ་འཕེལ་རྒྱས་གཏོང་བ་བཅས་ལ་དམིགས་ཏེ་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན།

22.jpg

མཚོ་འཁྱིལ་ཡུལ་ཚོ་དང་སྐྱིད་སྨོན་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གནས་ཡུལ་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ཞང་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལས་བྱེད་ལས་བཟོ་བའི་བྱ་བ་དང་འཚོ་བའི་ཁོར་ཡུག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ཞང་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ངོ་སྤྲོད་བྱས་པར་གསན། ཞང་གྲོང་དང་སྡེ་བའི་ལས་བྱེད་པར་བོད་ལུག་དང་ནོར་གནག་གཞི་ཁྱོན་ཅན་གྱི་གསོ་སྤེལ་མུ་མཐུད་ཡག་པོར་སྒྲུབ་ནས་ཕྱུགས་ཁང་གསོ་སྤེལ་གྱི་བསྡུར་ཚད་མཐོ་རུ་གཏོང་དགོས་པའི་མངགས་བཅོལ་གནང་། “གཟུགས་འདས་ཤུལ་བཞག་རིག་གནས”སྔོག་འདོན་དང་ཐོན་ལས་ནང་འདྲེན་བྱས་པ་བརྒྱུད། དམིགས་བསལ་ཁྱད་ཆོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་བཏོད་དེ་འཚེམ་དྲུབ་དང་རྡོ་བརྐོས། ཐང་ག ནོར་ལུག་མགོ་ལས་སྣོན། མི་རིགས་ཀྱི་རྒྱན་གོས་སོགས་སྲོལ་རྒྱུན་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་ཤིང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ལས་གཞི་དང་དམངས་སྲོལ་རིག་གནས་བྱེད་སྒོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་རྟ་རྒྱུག་དང་མདའ་འཕེན། ཞིང་བའི་ལོ་ལེགས་དུས་ཆེན་སོགས་མི་རིགས་ལུས་རྩལ་དང་རིག་གནས་བྱེད་སྒོ་ཡག་པོ་གཉེར་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ལ། ཞང་དང་གྲོང་རྡལ་གྱི་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། བསྟུད་མར་ལམ་ལུགས་ཅན་དང་གྲངས་སྒྱུར་ཅན་དུ་འགྱུར་བའི་སྒོ་ནས“བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཁར་གྲོང་ཚང་མར་ཏང་གི་སློབ་གྲྭ་དང་དམངས་ཕན་ཞབས་ཞུའི་ལྟེ་གནས། དཔེ་དེབ་དང་གློག་རྡུལ་ལྟ་ཀློག་ཁང་། མི་གཅིག་ཅན་གྱི་ཉལ་ཁང་། ཟ་ཁང་དང་སྔོ་ཚལ་དྲོད་ཁང་། བརྙན་ལམ་ཚོགས་ཁང་། སྐད་འཕྲིན་སྤྱི་སྟེགས། ལུས་སྦྱོང་བྱ་ཡུལ་དང་ལག་རྩེད་སྤོ་ལོ་ར་བ། འཕྲོད་བསྟེན་གསང་སྤྱོད་དང་ཁྲུས་ཁང་། འགྲིམ་འགྲུལ་ཡོ་བྱད། ཞང་དང་སྡེ་བའི་ལོ་རྒྱུས་ཁང་བཅས་ཡོད་པ་འགན་ལེན་བྱས་ནས་བྱ་བའི་ཁོར་ཡུག་དང་མཁྲེགས་ཆས་སྒྲིག་ཆས་བཟང་བོར་བརྟེན་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་བས་ལས་གཏོད་དང་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་དགོས་ཟེར།

33.jpg

མཚོ་འཁྱིལ་ཡུལ་ཚོའི་བྲ་སོག་སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་བརྟག་ཞིབ་བྱེད་སྐབས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། བཀྲ་སོག་སྡེ་བ་ནི་མཚོ་སྔོན་པོ་དང་ཐག་ཉེ་ལ་མཚོ་བོད་ལྕགས་ལམ་དང་། ནུབ་མཚོ་ནས་ཚ་ཧན་ནོ་བར་གྱི་མྱུར་བགྲོད་གཞུང་ལམ། རྒྱལ་ལམ315། མཚོ་སྐོར་ཤར་ལམ་བཅས་ཀྱི་སྦྲེལ་གནས་ཤིག་ཡིན་པས་འགྲིམ་འགྲུལ་སྟབས་བདེ་ལ་ས་བབ་ཀྱི་ལེགས་ཆ་ཐུན་མོང་མ་ཡིན་པ་ཞིག་ཡོད། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མིས་ངེས་པར་དུ་ལེགས་ཆ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་རྒྱ་ཆེ་རུ་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་གིས་སྡེ་བའི་མཉམ་སྡེབ་ཡོང་འབབ་མང་དུ་གཏོང་དགོས། ས་གནས་ཀྱི་གཉེར་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་རྨི་ལམ་དག་ཞིང་ལྗོངས་རྒྱུའི་ཁམས་གསེང་གྲོང་སོགས་སྡེ་བའི་མཉམ་སྡེབ་རྒྱུ་ནོར་སླར་གསོ་བྱེད་པ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་ཞུགས་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ་དང་། སྡེ་བའི་མཉམ་སྡེབ་ལ་བྱ་བ་སྒྲུབ་པའི་རྒྱུ་ནོར་འཛོམས་པའི་ནུས་པ་ཆེ་རུ་གཏོང་དགོས། ཡུལ་སྲོལ་དཔལ་ཡོན་གྱི་དར་སྲོལ་གསར་བ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་དམངས་སྲོལ་རིག་གནས་ལུས་རྩལ་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་ངང་ཡག་པོར་སྤེལ་དགོས་པ་དང་། ས་ཁུལ་གྱི་རྟ་རྒྱུག་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ལོ་རྒྱུས་སྔོག་འདོན་གང་ལེགས་བྱེད་པ། མཚོ་བྱང་གི་འགྲན་བསྡུར་ཆེ་གྲས་ཁག་ལ་རོགས་རམ་བྱས་ནས་རྒྱུན་ཆད་མེད་པར་མཚོ་བྱང་དུ་མི་ཚོགས་འདུ་འཛོམས་བྱེད་དུ་འཇུག་དགོས་པར་བསྟན།

44.jpg

རྐང་ཚའི་མཚོ་སྐོར་རྣམ་པའི་ནོར་གནག་རྒྱུད་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་ནས་བརྟག་ཞིབ་བྱེད་སྐབས་ཤ་བོ་སྐྱབས་ཀྱིས་རྒྱུད་བཟང་གསོ་སྤེལ་དང་གཉེར་སྐྱོང་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྟེན་གཞིའི་རྒྱུད་བཟང་གསོ་སྤེལ་དང་། ཚན་རྩལ་གསོ་སྦྱོང་། དཔེ་སྟོན་སྣེ་ཁྲིད། གྲུབ་འབྲས་གཞན་སྒྱུར་ཁྱབ་གདལ་སོགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱས་ཏེ་རྫོང་ཡོངས་དང་ཁུལ་ཡོངས་ཀྱི་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། རྫོང་དང་ཞང་གི“རིམ་པ་གཉིས”ཀྱིས་མཚོ་བྱང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་དམིགས་ཚད་ལ་དམིགས་ཏེ“གཅིག་ཅན་བདུན”གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ལས་གྲྭར་བརྟེན་ནས་སྲོལ་རྒྱུན་གྱི་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་ཁྲོམ་ར་ཅན། གཞི་ཁྱོན་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་དང་། ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཁྱད་ལྡན་ཆས་རྟགས་གཏོད་པ་བཅས་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཏ་ཐུང་གི་ཕྱུགས་གསོ་ར་བ་དང་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་སློབ་གླིང། དེ་བཞིན་ཞིང་ཆེན་ཕྱི་ནང་གི་ཚན་ཞིབ་ཁང་དང་བརྗེ་རེས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་གྱི་ནོར་གནག་གསོ་སྤེལ་གྱི་ཆུ་ཚད་དང་རྒྱུད་སྤེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

དེའི་རིང་། ཤ་བོ་སྐྱབས་ཀྱིས་ད་དུང་རྐང་ཚ་རྫོང་གིས་དེ་སྔའི221རྟེན་གཞི་སྲུང་སྐྱོབ་བྱེད་པའི་མཁའ་དམག་ས་གནམ་འཕུར་མདེལ་དམག་དཔུང་ཤོག་བརྒྱད་པའི་གསར་བརྗེའི་ཞིབ་འཇུག་བྱེད་གནས་གཏོད་པའི་རིག་ལམ་ལ་ཉན་པ་དང་། དེ་སྔའི་ས་གནམ་འཕུར་མདེལ་དམག་དཔུང་ཤོག་བརྒྱད་པའི་རྗེས་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུ་དེ་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ་དང་། ད་ཡོད་རྗེས་ཤུལ་བེད་སྤྱོད་ཡག་པོ་བྱེད་པ། གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་གི་གཏམ་རྒྱུད་ཡག་པོར་ཤོད་པ་བཅས་བྱས་ནས་རྐང་ཚའི“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང”ལམ་བུ་གསར་བ་གཏོད་དགོས་པའི་བླང་བྱ་བཏོན་པ་དང་། དུས་མཚུངས་སུ་རྐང་ཚ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས(རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཆེན)སྒྲིག་འཛུགས་བྱས་ཚུལ་ལ་ལྟ་ཞིབ་གནང་།

ཝང་ཡུང་ཁྲང་དང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་།


མཉམ་སྤྱོད།