སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་རྨང་གཞི་སྲ་བརྟན་དུ་གཏོང་བའི་འདུ་ཤེས་ཟབ་མོ་ཆགས་པར་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”སྣེ་ཁྲིད་དུ་བྱས་ཏེ། “དཔུང་ཁག་གིས་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ། སྒྲིག་བཀོད་ལེགས་པ། དོ་དམ་ཚད་ལྡན་ཡིན་པ། མང་ཚོགས་བློ་ཡིད་ཚིམ་པ”བཅས་དམིགས་ཚད་དུ་བཟུང་ནས། དཀའ་གནད་སེལ་བ་དང་གནད་སྨིན་ཤུགས་འདོན། ལས་སྒོ་དང་མི་སྣ། དཔུང་ཁག ནང་ཁུལ་གྱི་དོ་དམ་སོགས་གཙོ་གནད་ལྷུ་ཚིགས་དམ་འཛིན་ནན་མོ་བྱས་ཤིང་། བརྟན་བརླིང་ངང“ཧྥེང་ཆའོ་རྣམ་པའི”སྐར་རིམ་ཁྲིམས་འཛིན་ཁང་གསར་འཛུགས་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་།
མིག་སྔར་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི《ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཁྲིམས་འཛིན་ཅུའི་ཆི་ཀྲིན་སྲང་ཁྲིམས་འཛིན་ཁང་སོགས་ཁྲིམས་འཛིན་ཁང38“ཧྥེང་ཆའོ་རྣམ་པའི”སྐར་ལྔའི་ཁྲིམས་འཛིན་ཁང་དུ་མིང་བཏགས་བྱས་པའི་སྐོར་གྱི་བརྡ་སྦྱོར》ལས་ཤེས་གསལ་ལྟར་ན། མཚོ་བྱང་ཁུལ་མདའ་བཞི་རྫོང་ཁྲིམས་འཛིན་ཅུའི་གསེར་ཐང་ཁྲིམས་འཛིན་ཁང་དང་། འཇུ་ལག་རྫོང་ཁྲིམས་འཛིན་ཅུའི་རྒྱ་མདོ་ཁྲིམས་འཛིན་ཁང་། འཇུ་ལག་རྫོང་ཁྲིམས་འཛིན་ཅུའི་བྱེ་སྣ་སྔོ་ལྡིང་ཁྲིམས་འཛིན་ཁང་། འཇུ་ལག་རྫོང་ཁྲིམས་འཛིན་ཅུའི་ཤར་ཐང་ཁྲིམས་འཛིན་ཁང་བཅས་ཞིང་ཆེན་ཁྲིམས་འཛིན་ཐིང་གི“ཧྥེང་ཆའོ་རྣམ་པའི”སྐར་ལྔའི་ཁྲིམས་འཛིན་ཁང་གི་ཞིབ་དཔྱད་རྩིས་ལེན་བྱས་པ་དང་འབྲེལ་སྒོ་བྱང་སྤྲད་པ་རེད།
ད་ལྟའི་བར་དུ། ཁུལ་ཡོངས་ཀྱི་ཁྲིམས་འཛིན་ཁང30ཡི་ནང་དུ་། ཁྲིམས་འཛིན་ཁང4དེར་ཞིང་ཆེན་ཁྲིམས་འཛིན་ཐིང་གིས“ཧྥེང་ཆའོ་རྣམ་པའི”སྐར་ལྔའི་རིམ་པའི་ཁྲིམས་འཛིན་ཁང་དུ་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། ཁྲིམས་འཛིན་ཁང7ལ་ཁུལ་ཁྲིམས་འཛིན་ཅུས“ཧྥེང་ཆའོ་རྣམ་པའི”སྐར་བཞི་རིམ་པའི་ཁྲིམས་འཛིན་ཁང་དུ་ཞིབ་དཔྱད་གཏན་འཁེལ་བྱས། ཁྲིམས་འཛིན་ཁང13རྫོང་ཁྲིམས་འཛིན་ཅུས“ཧྥེང་ཆའོ་རྣམ་པའི”སྐར་གསུམ་རིམ་པའི་ཁྲིམས་འཛིན་ཁང་དུ་གཏན་འཁེལ་བྱས་ཡོད།