མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས8འཚོགས།

2023-03-17 11:44:52   |   230

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མཚོ་བྱང་སྨྱན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3པའི་ཚེས16ཉིན་གྱི་ཕྱི་དྲོར། མཚོ་བྱང་ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས8འཚོགས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་མཛད་ནས་གསུང་བཤད་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བའི་རྩིས་བཤེར་བྱ་བའི་འགན་འཁྲི་དང་ལས་འགན་ཁོང་དུ་ཆུད་པར་བྱས་ནས་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམ་པོར་དམིགས་པ་དང་། རྩིས་བཤེར་གྱི་ལས་འགན་ཁྲིམས་ལྟར་སྒྲུབ་པ། རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་བྱུང་ཟིན་པའི་གནད་དོན་ཡོ་བསྲང་དང་ནོར་འཁྲུལ་མི་འབྱུང་བ་སྔོན་འགོག་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩིས་བཤེར་གྱི་འགན་སྲུང་ནུས་ལྡན་བྱེད་དགོས་པ་བསྟན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས།

666.jpg

     ཤ་བོ་སྐྱབས་ཀྱིས2022ལོའི་ཁུལ་ཡོངས་ཀྱི་རྩིས་བཤེར་བྱ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་ལ། རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་ངོ40འཁོར་བའི་ལོ་ཞིག་ཀྱང་ཡིན། ཁུལ་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་རྩིས་བཤེར་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། རྩིས་བཤེར་ལྟ་སྐུལ་གྱི་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ། རྩིས་བཤེར་བྱ་བའི་ཆབ་སྲིད་རང་བཞིན་དང་རྩིས་བཤེར་ལྟ་སྐུལ་གྱི་ཕྱོགས་ཡོངས་རང་བཞིན། རྩིས་བཤེར་གྲུབ་འབྲས་ཀྱི་དབང་གྲགས་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྩིས་བཤེར་ལྟ་སྐུལ་དེ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། སྡེ་ཁག་གིས་འཛུགས་སྐྲུན་ལས་གཞི་གལ་ཆེན་གྱི་ཡིག་ཚགས་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་ནས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་སྲོལ་ལྟར་རྒྱུ་ནོར་ལེགས་སྒྲིག་དང་། དབང་ཆ་ཡག་པོ་སྤྱོད་པ། འགན་འཁྲི་ཡག་པོ་སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས།  སྲིད་ཇུས་གལ་ཆེན་གྱི་རྗེས་འདེད་རྩིས་བཤེར་དང་། སྔོན་རྩིས་ལག་བསྟར་རྩིས་བཤེར། དཔལ་འབྱོར་འགན་འཁྲི་རྩིས་བཤེར། སྲིད་གཞུང་གི་མ་འཇོག་རྩིས་བཤེར། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར། གྲོང་གསེབ་དར་སྤེལ་གྱི་རྩིས་བཤེར་སོགས་གཙོ་གནད་དུ་བཟུང་ནས་རྩིས་བཤེར་ལྟ་སྐུལ་གྱི་གནད་སྨིན་ཚད་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས། དོན་དངོས་ནས་གནད་དོན་ཡོ་བསྲང་བྱ་བར་དམ་འཛིན་བྱེད་པ་དང་། ད་ཡོད་ཀྱི་ཡོ་བསྲང་བྱས་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག   ཡོ་བསྲང་གི་ལས་འགན་ལེགས་འགྲུབ་བྱུང་མེད་པ་དག་ལ་དམ་པོར་དམིགས་ཏེ། རྩིས་བཤེར་སྡེ་ཁག་དང་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པར་ལྟ་སྐུལ་བྱས་ནས“གནད་དོན་གཅིག་ཡོ་བསྲང་དང་ལམ་སྲོལ་གཅིག་སྲ་བརྟན་དུ་གཏོང་བ། ལམ་ལུགས་གཅིག་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་གཅིག་བཅོས་སྐྱོང”བཅས་ཀྱི་ཕན་འབྲས་ཐོབ་པར་བརྩོན་ལེན་བྱ་དགོས། རྩིས་བཤེར་གྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩིས་བཤེར་གྱི་དཔེ་མཚོན་གྱོད་གཞིའི་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ།  མུ་མཐུད་དུ་རྩིས་བཤེར་གྱི་ཚན་རིག་ཅན་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།  ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་འཇོན་ཐང་ལྡན་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་རྩིས་བཤེར་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཏེ། ཁུལ་ཡོངས་ཀྱི་རྩིས་བཤེར་ལས་དོན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་བསྟན།

777.jpg

      ཚོགས་འདུའི་ཐོག  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2022ལོའི་ཁུལ་ཡོངས་ཀྱི་རྩིས་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན།《2023ལོའི་རྩིས་བཤེར་ལས་གཞིའི་འཆར་གཞིའི་དགོངས་སྐོར》ལ་གྲོས་ཞིབ་བྱས།  

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། མ་ཁྲེང་ཧྥང་། ཨ་ཁྱུང་། སུའུ་བདུན་ཅུ། ལུང་དབྱང་ཧྲེང་། རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཁག་ཅིག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།    


མཉམ་སྤྱོད།