མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཨ་ཁྱུང་གིས་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཤང་གི་སྦྲེལ་གནས་བྱ་བར་རྟོག་ཞིབ་གནང་།

2023-03-17 17:16:33   |   555

རྩོམ་སྒྲིག   སངས་དོན།  ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱད་བྱད་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར།  མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཤང་གི་སྦྲེལ་གནས་བྱ་བར་རྟོག་ཞིབ་ལྟ་སྐུལ་གནང་པར་མ་ཟད། གཡུ་དཀར་འོམ་ལུང་ཤང་མི་དམངས་སྲིད་གཞུང་དུ་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། རྫོང་དང་ཤང་། སྡེ་བའི་ལས་བྱེད་ཡོངས་ལ་གྲོང་ཚོ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལས་དོན་ཐད་བསམ་ཚུལ་བརྗེ་རེས་སྤེལ་བ་དང་། གཡུ་དཀར་འོམ་ལུང་ཤང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དམངས་སྲོལ་རིག་གནས་ཉམས་ལེན་ཁུལ་གྱི་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་གནང་།

2.jpg

བཞུགས་མོལ་བརྗེ་རེས་ཁྲོད་དུ། ཨ་ཁྱུང་གིས་རྫོང་དང་ཤང་གི་གྲོང་ཚོ་འཛུགས་སྐྲུན་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱ་བར་བསམ་ཚུལ་བརྗེ་རེས་སྤེལ་བ་མ་ཟད། ཁོས་བསྟན་དོན། ཁུལ་ཨུ་དང་རྫོང་ཨུ། ཁུལ་སྲིང་གཞུང་དང་རྫོང་སྲིད་གཞུང་། ཤང་ཏང་ཨུ་དང་ཤང་སྲིད་གཞུང་གི་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག  ཉེ་བའི་ལོ་ཤས་ནང་། གཡུ་དཀར་འོམ་ལུང་ཤང་གི་ལས་དོན་སོ་སོའི་སྟེང་ཐོལ་བརྒལ་གསར་བ་དང་། གྲུབ་འབྲས་གསར་བ་བླངས་པར་ཁག་ཐེག་དང་ཆབས་ཅིག་ཏུ།  དཀའ་གནད་འགག་སྒྲོལ་དང་གསར་སྤེལ་མདུན་སྐྱོད། གྲོང་ཚོ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མུ་མཐུད་དུ་གསར་སྤེལ་བྱེད་རྒྱུ་དང་། མཚོ་བྱང་ལྔ་ཡི་འཛུགས་སྐྲུན་གྱིས་གཡུ་དཀར་འོམ་ལུང་ཤང་གི་གསོན་ཉམས་དོད་པོ་མངོན་པར་མཚོན་དགོས་ཚུལ་ནན་གྱིས་བསྟན།

3.jpg

ལས་ཡུལ་དངོས་ཀྱི་རྟོག་ཞིབ་ཁྲོད། ཨ་ཁྱུང་གིས་བསྟན་དོན། གཡུ་དཀར་འོམ་ལུང་ཤང་གི་ས་བབ་དང་ཐོན་ཁུངས་ཀྱི་དགེ་མཚན་སྲ་བརྟན་དུ་བཏང་སྟེ། ཆུ་གཙང་ནེའུ་གསེང་སྤང་རི་སྔོ་མེ་བ། གསེར་དངུལ་རིན་ཆེན་རི་ལས་ཁྱད་དུ་འཕགས་ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་བཞག་ཆེན་མོ་ལེགས་པར་བསྒྲུབས་པའི་རྨང་གཞིའི་སྟེང་། ཁུལ་དང་རྫོང་གི་ལྗང་མདོག་འཕེལ་རྒྱས་འཆར་འགོད་བཀོད་སྒྲིག་སྟེང་འབྲེལ་མཐུད་གང་ལེགས་བྱེད་པ་དང་། སྐྱེ་ཁམས་ཀྱི་ལྟ་སྦྱོང་གཙོ་གནད་དུ་བཟུང་སྟེ། དམངས་སྲོལ་ཉམས་ལེན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ཆས་རྟགས་ལ་ཤུགས་སྣོན་པ། ཤང་མངའ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྡེ་བའི་གཅིག་བསྡུས་ཐོན་ལས་དར་སྤེལ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་ལ་སྐུལ་ཁྲིད་བྱས་ཏེ། “སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང”བྱས་ནས་ས་གནས་ལ་བདེ་སྐྱིད་དང་མང་ཚོགས་ལ་ཁེ་ཕན་བསྐྲུན་དགོས།

4.jpg

ཨ་ཁྱུང་གིས་ཤང་ཏང་སྲིད་ཚན་ཁག་ཁོངས་མི་དང་། སྡེ་བ་སོ་སོ། གཞིས་ཁུལ་གྱི་“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་པ་ཚོས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱོད་ཚུལ་ལེགས་སྒྱུར་དང་སྔོན་ཐོན་བརྩོན་ལེན་མཐའ་འཁྱོངས་ཀྱིས་གཡུ་དཀར་འོམ་ལུང་ཤང་གི་བྱ་བའི་ལས་རིམ་སོ་སོ་རྫོང་ཡོངས་དང་ཁུལ་ཡོངས་ཀྱི་ཤང་གྲོང་གི་མདུན་གྲལ་དུ་བསྐྱོད་དེ། མཚོ་བྱང་གི་སྒྲིག་གཞིའི“243”གྱི་འཕེལ་རྒྱས་བཀོད་སྒྲིག་གི་རྒྱང་སྐྱོད་ལམ་བུའི་ཁྲོད་ནུས་པ་འདོན་སྤེལ་བྱ་དགོས། གཅིག ཏང་འཛུགས་སྐྱོང་ནན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ། ཏང་འཛུགས་སྐྱོང་བྱ་རྒྱུ་མཛུབ་སྟོན་དུ་བཟུང་སྟེ། གཞི་རིམ་གྱི་ཏང་རྩ་འཛུགས་ལྟེ་བར་འཛིན་པ། “དཀྱིལ་སྙིང་གཅིག་དང་རུ་ཁག་ལྔས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི”ནུས་པ་འདོན་སྤེལ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཇེ་ཟབ་ཏུ་བཏང་སྟེ། བསམ་བློའི་གོ་བ་གཏིང་ཟབ་དུ་ལེན་པ། མི་རིགས་མཐུན་སྒྲིལ་དང་བསམ་པའི་དཔལ་ཡོན། འདུ་ཤེས་འཛིན་སྟངས་བཅས་ལ་སློབ་སྦྱོང་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐབས་ལམ་འཚོལ་སྙེག་བྱ་དགོས། གཉིས། ཁེ་ཕན་ལ་བསམ་བློ་ནན་མོ་གཏོང་པ། མཚོ་སྔོན་གྱི“གནས་བཞི”འཛུགས་སྐྲུན་དང་མཚོ་བྱང་གི“ཁུལ་བཞི་”ཡི་ཐོན་ལས་སྒྲིག་འགོད་ཚད་གཞིར་བཟུང་སྟེ། སྐྱེ་ཁམས་ལ་བརྟེན་པ་རྒྱུན་འཁྱོངས་དང་།  སློབ་གསོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ།  རིག་གནས་ལ་བརྟེན་ནས་ནུས་ཤུགས་སྔོག་འདོན་བྱེད་པ་བཅས་ཀྱིས་རྣམ་གྲངས་ཇུས་འགོད་ལ་ནུས་ཤུགས་ཡོད་རྒུ་འདོན་དགོས། ལྷག་པར་དུ་འབྲི་གཡག་དང་བོད་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་སྟེང་ནུས་ཤུགས་བཏོན་ནས། ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད། དམངས་སྲོལ་རིག་གནས་སྔོག་འདོན་དང་ཉམས་ལེན་བཅས་ཀྱི་ཐད་དུ་འབད་པ་ཧུར་བརྩོན་བགྱིས་ཏེ། ཐོན་ལས་སྣ་མང་གིས་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།  གསུམ། བརྟན་ལྷིང་དང་དམངས་འཚོར་འགན་སྲུང་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་བསམ་འདུན་ལ་དམིགས་ཏེ་དམངས་འཚོའི་དོན་དངོས་ལེགས་པར་གཉེར་བ། ཐོན་ཁུངས་ལེགས་སྒྲིག་གི་ཐད་དུ་འགྲིམ་འགྲུལ་དང་སློབ་གསོ།  སྨན་བཅོས་སོགས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུན་ལྡན་ཡིན་པར་ཁག་ཐེག་བྱེད་དགོས། དེ་དང་ཆབས་ཅིག འགལ་བ་དང་རྩོད་གཞི་དག་ཐེར་ཐག་གཅོད་བྱེད་པ་དེ་གཙོ་གནད་དུ་བཟུང་སྟེ། བདེ་འཇགས་ཉེན་ཟོན་གྱི་ལས་རིམ་སོ་སོ་ནན་འཛིན་གྱིས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས། བཞི། སྤྱི་ཁོག་གི་ནུས་ཤུགས་འདོན་སྤེལ་བྱེད་པ།  ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་སློབ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་དངོས་འབེབས་བྱས་ཏེ། ཤང་དང་སྡེ་བ། དམངས་ཀྱི་དོན་དངོས་གནས་ཚུལ་བཅས་ཟུང་འབྲེལ་དམ་ཟབ་ཀྱིས་འཕེལ་རྒྱས་ཀྱི་ཐབས་ཇུས་དང་དོན་དངོས་བྱེད་ཐབས་ཇུས་འགོད་ཡག་པོ་བྱས་ནས་གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱ་དགོས། 

                                                   ཚེ་བྱམས་རྒྱལ་གྱིས་བསྒྱུར།  


མཉམ་སྤྱོད།