དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས37པ་འཚོགས།

2023-03-17 17:24:14   |   1234

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


       ཟླ3པའི་ཚེས16ཉིན།  མདའ་བཞི་རྫོང་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའི་ཚོགས་འདུ་ཐེངས37པ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཚོགས་འདུའི་སྟེང་།   སྤྱི་ཁྱབ་ཧྲུའུ་ཅི་ཞིང་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས།

23.jpg

སངས་འབུམ་གྱིས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ནན་ཏན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་འབྲེལ་ཡོད་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་བྱེད་པར་སྒྲིག་འཛུགས་ནན་ཏན་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། རུལ་འགོག་སྲུང་རགས་བརྟན་པོ་བསྐྲུན་དགོས་པ་བསྟན། 

24.jpg

རང་གཅུན་ནན་མོ་དང་རང་འགན་གཙང་སྒྲུབ། དོ་དམ་ནན་མོ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཉམས་ལེན་ཁང་གསར་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། མདའ་བཞི་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་དེ་སྔར་བས་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། རྫོང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་དམིགས་ཚད་ལས་འགན་གཞིར་བཟུང་ནས་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས་གསར་འཛུགས་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན། 

ཚོགས་འདུའི་སྟེང་། འབྲེལ་ཡོད་དགོངས་སྐོར་སྙན་ཞུ་དང་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  


མཉམ་སྤྱོད།