མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-18 09:27:08   |   236

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ3ཚེས20ནས་ཚེས22ཉིན་བར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལ་ཟླ3ཚེས26ནས31ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཟླ1 པོ་ནས2པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར40898ཟིན་པ། དེ་དུས་མཚུངས་ལས7%འཕར་ཡོད།

  • ཀྲུང་དབྱང་དངུལ་ཁང་གིས་ཟླ3ཚེས27ཉིན་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་གྲབས་གསོག་སྐྱེད་ཀ་བརྒྱ་ཆའི་གྲངས0.25དམའ་རུ་གཏོང་རྒྱུའི་གཏན་འབེབས་བྱས།

  • ཞིང་ལས་དང་གྲོང་གསེབ་པུས་བསམ་འཆར་པར་འགྲེམས་བྱས་ཏེ། 2025ལོར་སླེབས་སྐབས། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་གྱི་འཕྲུལ་ཆས་ཅན་དུ་འགྱུར་ཚད50%ཡན་ཟིན་པ་བྱེད་དགོས་ཞེས་བཏོན་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། སྡེ་ཁུལ་གྱི་ཁྱིམ་ལས་ཞབས་ཞུའི་ས་ཚིགས་ཁྲི3.3ལྷག་ཙམ་བསྐྲུན་ཡོད་པ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1དང2པར་རྒྱལ་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དམངས་སྒོར་དུང་ཕྱུར2684.4བསྡུ་ལེན་བྱས་ཡོད།

  • ཚེས17ཉིན། ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག   ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱུན་གཏན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཀྱི་ཡོད་པས། ཀྲུང་ཨུའི་དབར་གྱི་མཉམ་ལས་ནི་ཕྱི་གསལ་ནང་གསལ་ཡིན་པ་བསྟན།

a.jpg

  • ཚེས17ཉིན། རང་རྒྱལ་གྱིས་ཤིས་ཁྲང(西昌)སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། ཀོ་ཧྥུན(高分)ཨང་བཅུ་གསུམ་པའི་སྲུང་སྐར02རྒྱལ་ཁའི་ངང་འཕེན་གཏོང་བྱས་ཤིང་། སྲུང་སྐར་དེ་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་སླེབས་ཡོད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་བར། ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་ཆར་པ་བསྟུད་མར་འབབ་པ་དང་། ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་པ་མ་ཟད། ཐོག་དང་རླུང་ཆེན། སེར་བ་སོགས་ཀྱི་གནམ་གཤིས་འབྱུང་རྒྱུ་རེད།

  • ཚེས17ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར100དང་སྒོར95སོ་སོར་བཅག་ཡོད།

  • 2022ལོའི་ལོ་འཁོར་གྱི་ཀྲུང་གོའི་ཚན་རིག་གི་འཕེལ་རིམ་ཆེན་པོ་བཅུ་ཚེས17ཉིན་ཁྱབ་བསྒྲགས་བྱས།  ཀྲུའུ་རུང་རྟགས་ཅན(祝融号)གྱི་སྐོར་གཟིགས་ལེ་ཏ་ཡིས་སྐར་མ་མིག་དམར་གྱི་ཝུའུ་ཐུའོ་པང(乌托邦)བདེ་ཐང་གི་གཏིང་ཐུང་རིམ་དབྱེའི་གྲུབ་ཆ་སོགས་ཚུད་ཡོད་པ་རེད།

b.jpg

  • འཕྲལ་སྡོམ་དོ་དམ་པུས་མེ་སྐྱོན་གསོད་རིང་རང་སྲོག་བློས་བཏང་བའི་ཀོང་ཏུང་ཞིང་ཆེན་ཀྲན་ཅང་གྲོང་ཁྱེར་ཞ་ཧྲན་ཆུས་བཟོ་ཞིང་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་མེ་ཟོན་མི་སྣ་བློ་མཐུན་ཧོང་ཅིན་པོ་སྔོན་གཤེགས་དཔའ་བོར་ཐག་བཅད་པ་དང་།  རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་བློ་མཐུན་ཧོང་ཅིན་པོ་ལ་བྱས་རྗེས་རིམ་པ་དང་པོ་བཞག་ཡོད།

  • ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ། དབྱིན་ཁྲོན(银川)གྲོང་ཁྱེར་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཅང་ཀྲི་ཀང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། 2023ལོའི་ལུས་རྩལ་འབྲིང་རྒྱུགས(体育中考)དེ་ཚད་ལོན་རྒྱུགས་ལེན(合格考)དུ་བསྒྱུར་བ་དང་། དེའི་ནང་ཞུགས་ན་སྐར་གྲངས་ཚང་མ་ཐོབ་པ་རེད།

  • ཚེས17ཉིན། ཧྲང་ཧའེ་ཡི་དཔྱིད་དུས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་སློབ་ཀྱི་གདན་ཞུའི་ཚོགས་འདུ་འཚོགས་ནས་ལས་གནས་ཁྲི3.7ལྷག་ཙམ་མཁོ་འདོན་བྱས་ཡོད།

  • ནང་སོག་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་མཚམས་སྒྲོལ་བའི་རྒྱན་ར་བཙུགས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་།  གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར5.7ལྷག་ཙམ་ཟིན་ཡོད་པ་རེད།

c.jpg

  • ཅང་ཤིས་ནན་ཁྲང་གི་སྐྱེས་པ་ཞིག་གིས་གྲི་བཟུང་ནས་བྲང་ཁར་གཙགས་ནས་རང་སྲོག་གཅོད་གྲབས་བྱེད་སྐབས། མི་དམངས་ཉེན་རྟོག་པ་ཞིན་ཅུན་གྱི་ལག་པས་གྲི་བཀག་ནས་སྐྱེས་པ་སྐྱོབ་པ་དང་། རང་ཉིད་ཀྱི་ལག་པར་གྲིས་གཙགས་ཡོད།

སྲིད་ཇུས།

  • རིག་གནས་གནས་སྐོར་པུའུ་སོགས་སྡེ་ཚན་གསུམ་གྱིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་ནས། གློག་རྡུལ་འགྲན་བསྡུར་ཨར་ཁང་གིས་སྒྲིག་འགལ་ངང་ན་སོ་དར་ལ་མ་བབས་པའི་མིར་སྣེ་ལེན་ཞུ་རྒྱུ་གཏན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

  • ཡུན་ནན་གྱིས་མཐོ་སློབ་སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཀྱིས་ཡུལ་དངོས་ཀྱི་སློབ་གྲྭའི་ཡིག་རྒྱུགས་གཏོང་མཁན་གྱི་མི་གྲངས་དེ། རྩ་དོན་ཐོག་འབྲེལ་ཡོད་ཆེད་ལས་སློབ་བསྡུའི་འཆར་གཞིའི་ལྡབ6ནས8བར་ལས་མི་བརྒལ་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • སི་ཁྲོན་གྱིས་མགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་མནའ་མ་བསུ་ལེན། མྱ་ངན་དང་འདས་མཆོད་བྱེད་པ་ཕུད།  སྤྱིར་བཏང་དུ་ཕྲུ་གུ་སྐྱེས་པ་དང་། ལས་མགོ་འཛུགས་པ།  སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ། སློབ་རིམ་འཕར་ནས་རྟེན་འབྲེལ་ཞུ་བ། སྡོད་ཁང་གསར་པར་སྤོ་བ་སོགས་ཀྱི་མཛད་སྒོ་གཞན་དག་གཉེར་མི་ཆོག་པའི་གཏན་འབེབས་བྱས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་ནུབ་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད། ལྷོ་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཤར་རྒྱུད།  ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད།  དེའི་ནང་། ཤིན་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། ཀན་སུའུ་ཤར་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། སི་ཁྲོན་ཤར་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཀོང་ཤིས་ཀྱི་ནུབ་བྱང་རྒྱུད། ཧུའུ་ནན་དབུས་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད། ཧྥུའུ་ཅན་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད།

d.jpg

  • པེ་ཅིང་། 2023ལོའི་མཐོ་རིམ་ལས་རིགས་སློབ་གྲྭས་རང་བརྟེན་སློབ་བསྡུའི་མིང་ཐོ་ཟླ3ཚེས22ཉིན་ནས་མགོ་ཚུགས་རྒྱུ་རེད།

  • ཁྲེང་ཏུའུ།  དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིས་ཟླ3ཚེས17ནས་ཚེས21ཉིན་བར་དོམ་ཁྲའི་སྤྲོ་ཁང་ལ་བདེ་སྲུང་ལས་སྒྲུབ་ས་ཚིགས་མང་དུ་གཏོང་བ་དང་། བྱེད་སྒོ་སྤེལ་ཡུལ་གྱི་སྡོང་ཕྲུག་གསབ་འཛུགས་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད། སྐབས་དེར་འབྲེལ་ཡོད་ས་ཁོངས་སུ་ལྟ་སྐོར་བྱེད་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།