མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་གྲོང་རྡལ་དུ་བྱ་བར་བརྟག་ཞིབ་གནང་།

2023-03-18 18:37:12   |   150

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


   ཟླ3པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཡན་ལག་བཟོ་གྲྭ་གསུམ་པ་སྲུང་སྐྱོབ་བེད་སྤྱོད་དང་། ནུབ་མཚོ་གྲོང་རྡལ་ཉེ་འཁོར་གྱི་བགྲོད་ལམ་ལྗང་སྒྱུར་རིམ་སྤོར་དང་མཛེས་ལྗོངས་ཁུལ་ཆུང་ངུ་གཏོད་པའི་བྱ་བར་བརྟག་ཞིབ་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་དང་མ་རུའུ་ཞང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། བཟོ་ལས་དང་ཆ་འཕྲིན། རྒྱལ་དབང་མ་རྩ། རིག་དངོས། ནགས་རྩྭ་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།

a.jpg

   ཡན་ལག་བཟོ་གྲྭ་གསུམ་པར་ཀྲང་ཧྲིང་ཡོན་གྱིས་བཟོ་གྲྭའི་འཛུགས་སྐྲུན་སྣ་ཚོགས་ཀྱི་གྲངས་འབོར་དང་གཞི་ཁྱོན། བེད་སྤྱོད་ནུས་པ། ཕྱོགས་བསྡུས་བེད་སྤྱོད་བྱེད་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། བཟོ་གྲྭའི་ནང་བཅའ་སྡོད་བྱས་པའི་འབྲེལ་ཡོད་ཁེ་ལས་ཀྱི་གཉེར་སྐྱོང་ཕྱིར་ཚོང་གི་གཞི་ཁྱོན་ལ་གསན་པར་མ་ཟད། ཁེ་ལས་ཀྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཁས་ལེན་དང་ཐུགས་རྗེ་ཆེ་ཞུས། ཀྲང་ཧྲིང་ཡོན་གྱིས་ཡན་ལག་བཟོ་གྲྭ་གསུམ་པ་ནི་དེ་སྔའི221བཟོ་གྲྭའི་གནའ་ཤུལ་གྱི་གྲས་ཤིག་ཡིན་པའི་ངོས་ནས། ཆབ་སྲིད་དང་དཔལ་འབྱོར་གྱི་རིན་ཐང་དང་། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་པས། “སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་། དོ་དམ་ལ་ཤུགས་སྣོན་པ། རིན་ཐང་སྔོག་འདོན་བྱེད་པ། བེད་སྤྱོད་ནུས་ལྡན་བྱེད་པ། རིག་དངོས་གསོན་ཤུགས་ལྡན་པར་བྱེད་པའི”བྱ་བའི་བྱེད་ཕྱོགས་ལྟར། གོང་འོག་ཟུང་འབྲེལ་དང་འབྲེལ་གཏུག་མཐུན་སྦྱོར། སྲུང་སྐྱོབ་ཁྲོད་བེད་སྤྱོད་ནུས་ལྡན་བྱེད་པ། བེད་སྤྱོད་ཁྲོད་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི“གཉིས་ཕན”མངོན་འགྱུར་ཡོང་བར་བྱེད་དགོས། བཟོ་ཚོང་དང་རྒྱལ་དབང་མ་རྩ། རིག་དངོས་སོགས་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་མདའ་བཞི་རྫོང་གིས་དུས་རབས་གསར་བའི་རིག་དངོས་བྱ་བའི་བྱེད་ཕྱོགས་ཀྱི་ནང་གནས་གཏན་ཚིགས་དང་རྩོད་སྒྲུབ་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ་དང་རིག་དངོས་བྱ་བ་དང་ཕྱི་ཕྱོགས་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བར་མཐུན་སྦྱོར་ཡག་པོ་བྱེད་དགོས། “ཁེ་ལས་ལ་ཕན་ཡོན་སྐྱེལ་བའི”སྲིད་ཇུས་སྣ་ཚོགས་དོན་འཁྱོལ་དང་། བཅའ་སྡོད་ཁེ་ལས་ཀྱི་འཕེལ་རྒྱས་ལ་སེམས་ཁུར། རང་འགུལ་ངང་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བཅས་བྱས་ཏེ། མ་འཇོག་ལས་དར་གྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གིས་བསྐྲུན་དགོས། ནང་འདྲེན་བྱས་པའི་ཁེ་ལས་རྙིང་པ་གནས་ཐུབ་པ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ལ། མ་དངུལ་འཇོག་འདོད་ཡོད་པའི་ཁེ་ལས་གསར་བ་ནང་འདྲེན་ཐུབ་པ་དང་བརྟན་པོ་ཡོང་བར་བྱེད་དགོས། འབྲེལ་ཡོད་ཁེ་ལས་ཀྱིས་རང་ངོས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་ཆབས་ཅིག་བརྒྱུད་རིམ་ལྡན་པའི་བསམ་བློ་རྒྱུན་འཁྱོངས་དང་། ས་གནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། སྡེ་ཁག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འགན་ནུས་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཐོན་ལས་ཁུལ་ལེགས་སྒྲིག་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པར་བསྟན།

c.jpg

བདེ་ཐང་སླར་གསོ་ལྟེ་གནས་ཀྱི་མཐའ་འཁོར་དང་། སྟོང་སྐོར་ནས་ནུབ་མཚོའི་བར་གྱི་གཞུང་ལམ་གྱི་ལམ་རྒྱུད། ནུབ་མཚོ་གྲོང་རྡལ་གྱི་བྱང་ངོས། མཁར་ནུབ་གཞུང་ལམ་གྱི་ལམ་རྒྱུད་སོགས་སུ་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་སུ་ལྟ་ཞིབ་གནང་བ་དང་། ནུབ་མཚོ་གྲོང་རྡལ་ཉེ་འཁོར་གྱི་བགྲོད་ལམ་ལྗང་སྒྱུར་རིམ་སྤོར་དང་མཛེས་ལྗོངས་ཁུལ་ཆུང་ངུ་གཏོད་པའི་དུས་མགོའི་གྲ་སྒྲིག་དང་འབྲེལ་ཡོད་ཇུས་གཞི་ཇུས་འགོད་ལ་ནན་ཏན་ངང་ཉན་རྗེས། ཁུལ་ནགས་ལས་རྩྭ་ཐང་ཅུས་ཀྱི་བྱ་བར་ཁས་ལེན་གནང་བ་དང་འབྲེལ་ཇུས་འགོད་ནང་དོན་ཇེ་ལེགས་སུ་གཏོང་རྒྱུའི་ཐད་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན། ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་བསུ་བ་ཞུ་རྒྱུ་གོ་སྐབས་སུ་བཟུང་སྟེ། ནུབ་མཚོ་གྲོང་རྡལ་གྱི་མཐའ་འཁོར་དང་བགྲོད་ལམ་གྱི་ལྷུ་ཚིགས་གལ་ཆེན་དང་ཟུང་འབྲེལ་གྱིས་ནགས་འཛུགས་ལྗང་སྒྱུར་དང་། ཞིབ་ཕྲའི་ཐོག་ནས་དམ་འཛིན་བྱས་ཏེ་རྣམ་པ་དང་ནང་དོན་ལ་ལྟ་རྟོག་དང་། གྲོང་ཁུལ་གྱི་ལྗང་སྒྱུར་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ། ཁུལ་སྟོན་ལ་རྟེན་འབྲེལ་ཞུ་བའི་ཁོར་ཡུག་བཟང་བོ་ཞིག་བཏོད་ནས་སྣང་བརྙན་བཟང་པོ་མངོན་དགོས་པ་དང་། དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་ཀྱིས“ཡུལ་བབ་དང་བསྟུན་པ་དང་། ཕན་འབྲས་དངོས་ལ་དོ་སྣང་བྱེད་པ། བཟོ་སྐྲུན་དང་དོ་དམ་གལ་ཆེ་མཉམ་འཛིན”བཅས་ཀྱི་རྩ་དོན་གཞིར་བཟུང་། ལས་གཞི་ཁུལ་གྱི་སྡོང་འཛུགས་ཆ་རྐྱེན་དང་ནགས་བཟོའི་སྡོང་ཕྲུག་མི་འདྲ་བའི་སྐྱེ་དངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས། མཐུན་འཕྲོད་རང་བཞིན་དང་ལྡོག་འགོག་རང་བཞིན། སོན་འདེབས་འབྲེལ་བ་བཅས་ཕན་ཚུན་མཐུན་སྦྱོར་ཡིན་པའི་ཤིང་རིགས་བདམས་ཏེ། ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་། བཀོད་སྒྲིག་ལུགས་མཐུན། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་ནགས་བཟོའི་སྡོང་ཕྲུག་གསོན་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་མཐའ་འཁོར་གྱི་མི་ཆོས་རང་བྱུང་མཛེས་ལྗོངས་དང་སྤྱི་ཡོངས་ཀྱི་རྣམ་པ་ཞི་མཐུན་གཅིག་གྱུར་ཡོང་བར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།


མཉམ་སྤྱོད།