མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་དངུལ་ཁང་གཉིས་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་འདུག

2023-03-18 18:43:46   |   133

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ3པའི་ཚེས17ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་ལ་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་མིང་རྟགས་བཀོད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་།  ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཞུས་ཕན་པིན།  མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་དཔོན་ཝང་ཞིང་ཡོན་བཅས་བྱེད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། 

1.jpg

ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དུ་སྤེལ་བའི་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དུས་ཡུན་རིང་བོར་མཚོ་བྱང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་ཁུལ་གྱི་མདུན་ངོས་མཚོ་སྔོན་པོར་ཕྱོགས་པ་དང་རྒྱབ་ངོས་མདོ་ལ་རིང་མོར་གཏད་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གཉིས་དང་དར་གོས་འཚོང་ལམ་གྱི་ལྷོ་ལམ། ཞིན་ཅང་དང་བོད་ལྗོངས་ལ་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་གནས་དང་མི་རིགས་ཀྱི་སྒལ་ཚིགས་འདེགས་པའི་ས་ཆ་ཡིན་ལ། དམར་དམག་ནུབ་ལམ་དམག་དཔུང་གིས་ཁྲག་བཏོན་དམར་འཛིང་བྱེད་པའི་ས་ཆ་ཞིག་ཀྱང་ཡིན། གནའ་གྲོང་གི་རྗེས་ཤུལ133ཡོད་པ་དང་། ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆོད་པའི་འཇུ་ལག་ལོག་དཀར་མེ་ཏོག་གི་རྒྱ་མཚོ། མདོ་ལའི་ཨ་མྱེས་སྟོང་སོ5Aརིམ་པའི་མཛེས་ལྗོངས་ཁུལ། རྐང་ཚའི་ཁེ་རམས་ཐང་། མདའ་བཞིའི་རྡུལ་ཕྲན་མཁར་དྲན་གསོ་ཁང་བཅས་ཀྱང་ཡོད། མཚོ་བྱང་གིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་བརྒྱུད་རིམ་ཁྲོད“123”Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་རིག་ལམ་བཏོན་ནས་སྔར་ཡོད་ཀྱི་མཛེས་ལྗོངས་ཁུལ་གཏོད་པའི་རྨང་གཞིའི་ཐོག221རྟེན་གཞི་སྔར་བས་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཡོད་ལ། མཚོ་སྔོན་པོའི་དམིགས་བསལ་གཉེར་སྐྱོང་ས་ཚིགས11རེ་ཞུ་བྱས་ནས་སེམས་ཉིད་ནགས་ར་དགོན་ལུང་མཛེས་ལྗོངས་ཁུལ་གསར་སྤེལ་དང་། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར—མཐོན་པོ་སྒང5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུའི་རེ་ཞུ་བྱས་ཏེ། གསར་བརྗེའི་གྲོང་རྡལ་ཆུང་ངུ་དང་ཆུ་ཚན་གྲོང་རྡལ་ཆུང་ངུ། སྒར་ཁ་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པ་དང་། གསེར་མཚེའུ་དངུལ་མཚེའུ་དང་སྟོང་མདའི་ཆུ་མཛོད། རྡོ་ལུང་འགག སྐྱ་ཀ་ལུང་བའི་ཆུ་མཛོད་ཀྱི་ཆུ་ཁོངས་ཐོན་ཁུངས་སྔོག་འདོན་བྱེད་པ། ཐོན་ལས་གླིང་བཅུ་ཡི་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་གྱི་ཞིང་ལས་འཕེལ་རྒྱས་དང་བརྗེ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། མ་དངུལ་བསྡུ་སྒྲིལ་ཀུང་སི་དང་ཁག་ཐེག་ཀུང་སི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྦྲེལ་ཟམ་དང་འབྲེལ་ཐག་ཧུར་ཐག་གིས་སྐྲུན་ཏེ། དངུལ་བུན་བཏང་ནས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པར་བསྟན།

2.jpg

ཞུས་ཕན་པིན་གྱིས་ཐོག་མཐའ་བར་གསུམ་དུ་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་འཕེལ་རྒྱས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་འབྲུ་རིགས་བདེ་འཇགས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་སོགས་ཁྱབ་ཁོངས་མང་པོར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཞིང་ལས་འཕེལ་རྒྱས་དངུལ་ཁང་ལ་རྒྱབ་སྐྱོར་དང་རོགས་རམ་ནུས་ལྡན་བྱས་ནས་མཉམ་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཧ་ཅང་ཡག་པོ་ཞིག་བཏོད་ཡོད། མ་འོངས་པའི་མཉམ་ལས་ཁྲོད་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དང་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཐད་ནས། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི“སྣེ་ཁྲིད་དང་ཞན་ཆ་གསབ་པ། དུས་འཁོར་ལས་ལྡོག་པ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་བསྟན།

3.jpg

མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་དུ་སྤེལ་བའི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གིས་མཚོ་བྱང་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་ལ་རྨོ་ཞིང་མུའུ་ཁྲི87ཡོད་པ་དང་། འབྲུ་རིགས་ཐོན་ཚད་ཏུན་ཁྲི7ཟིན་པ། ཕྱུགས་ལས་ལ་འཚམ་པའི་རང་བྱུང་རྩྭ་ར་མུའུ་ཁྲི2763དང་ནོར་ལུག་ཁྲི500ཟིན་པ། ལོ་རེའི་བཤས་གཏོང་ཚད་ཁྲི180ཟིན་པ། ནོར་གནག་དང་བོད་ལུག་གསོ་སྤེལ་རྟེན་གཞི34ཡོད་པ་བཅས་ནི་བོད་ལུག་དཀར་པོའི་ཕ་ཡུལ་དང་མདོ་ལ་རིང་མོའི་འབྲོང་རྒྱུད་ནོར་ཁྱུའི་རྟེན་གཞི་ཡིན། མཚོ་སྔོན་རྟ་མཆོག་གི་ཕ་ས་ཡིན་ལ། མཚོ་སྔོན་ཞིང་ཆེན་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་ནས་དང་བྱང་ཕྱོགས་ཀྱི་ལོག་དཀར་ཆུང་གྲས་ཀྱི་འདེབས་འཛུགས་རྟེན་གཞི་ཡང་ཡིན། གོམ་སྟབས་རྗེས་མར་བོད་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི60བསྐྲུན་རྩིས་ཡོད་པའི་ནང་བོད་ལུག་ཁྲི་ཡི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི4དང་། བོད་ལུག་སྟོང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི56བཅས་ཡོད་པ་དང་། སྦྲུམ་མང་བོད་ལུག་དང་རྭ་མེད་བོད་ལུག་དཀར་པོ།  བོད་ལུག་གཟན་གསོ་དང་གཟན་ཕྱེད་ཀྱི་གསོ་སྤེལ་ལག་རྩལ་མུ་མཐུད་སྐྱེད་སྲིང་དང་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད། ནོར་གནག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི30བསྐྲུན་པའི་ནང་ནོར་གནག་ཁྲི་ཡི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི4དང་། ནོར་གནག་སྟོང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི26བཅས་ཡོད་པ་དང་། “འཕར་སྣོན་གསུམ་དང་འཚམ་པོ་གསུམ”གྱི་སྔོན་ཐོན་གསོ་སྤེལ་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་ཡིན། སྐམས་སྟོང་ཕྲག་གི་ཚད་ལྡན་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ3གསར་སྐྲུན་ནམ་བསྐྱར་སྐྲུན་བྱས་པའི་ནང་འཇུ་ལག་ཏུ2དང་མདའ་བཞི་རུ1ཡོད་པ་དང་། ཁུལ་ཡོངས་ཀྱི་སྡེ་བ་སོ་སོའི་སྐམས་གསོ་སྤེལ་ཁྱིམ་ཚང་དུ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ཡོད། ཐེངས་འདིའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནི། གཉིས་ཁེ་མཉམ་ལས་དང་གཉིས་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་གི“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་དགོས་མཁོ་བཏོན་ནས་མཚོ་བྱང་ཁུལ་ལ་རིམ་པ་མང་བ་དང་ཕྱོགས་བསྡུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱས་ཏེ་དངུལ་བུན་བཏང་ནས་མཚོ་བྱང་ལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

4.jpg

ཝང་ཞིན་ཡོན་གྱིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་རྫོང་བཞིའི་ཞིང་སྡེ་ཚོང་ལས་དངུལ་ཁང་གིས་མཚོ་བྱང་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་དང་ཞིང་ཕྱུགས་ལས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གིས་ཐེངས་འདིའི་གན་རྒྱ་འཇོག་པ་གོ་སྐབས་སུ་བཟུང་སྟེ་མཚོ་བྱང་ཁུལ་གྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་དགོས་མཁོའི་ནང་ཧུར་ཐག་ཞུགས་ནས“མཚོ་བྱང་ལྔ”བསྐྲུན་ཆེད་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བསྟན།

དེ་དང་ཆབས་ཅིག་ཤ་བོ་སྐྱབས་ཀྱིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གིས་ལས་བྱེད་ལས་བཟོ་བ་རྩ་འཛུགས་བྱས་ནས་མཚོ་བྱང་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཐོན་པོ་སྒང་ལ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པར་གདན་འདྲེན་ཞུས།

      ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་དང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན། ཧང་ཀྲང་གཞོན་པ་ཝང་ཉིང་། ཅ་ཚུའེ་ལིང་། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་ཀྲུའུ་རིན་གཞོན་པ་སང་རེན་ཀེང་། ལི་ཐན་བཅས་དང་དེ་བཞིན་ཁུལ་ནོར་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


མཉམ་སྤྱོད།