མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2023ལོའི་ཟླ06ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-19 09:51:06   |   154

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ1པོ་ནས2པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་2.4%འཕར་བ་དང་། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད་པ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2པར་སྦྲག་སྲིད་ལས་རིགས་ཀྱི་སྦྲག་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར115.7ཟིན་པ་དང་། དུས་མཚུངས་ལས27.8%འཕར་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་ཉིན་ཤས་གོང་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་བོར་བཙོག་འབུད་མདོ་ཁ་གྲལ་བཤེར་བྱེད་མགོ་ཚུགས་པ་རེད།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན།  རྒྱལ་ཁབ་ཀྱིས་སྲན་ཆེན་ཐོན་སྐྱེད་བརྟན་པོ་ཡོང་བའི་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་འདུག

  • ཚེས18ཉིན། ཕྱོགས་ཡོངས་ནས་ཐོ་འགོད་ལམ་ལུགས་ཀྱི་འབྲེལ་ཡོད་ལས་སྒོ་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་ཆེད། ཧྲེང་ཧེ་ཉོ་འཚོང་ཁང(上交所)དང་ཧྲེན་ཀྲེན་ཉོ་འཚོང་ཁང(深交所)གིས་ཀྲུང་གོའི་སྡོམ་རྩིས(中国结算)དང་ཀྲུང་ཀྲིན་དངུལ་རྩ(中证金融)སོགས་དང་མཉམ་འབྲེལ་བྱས་ནས། དྲ་ཐོག་ཏུ་ཚོད་ལྟ་ཐེངས་དང་པོ་སྤེལ་བ་རེད།

  • ཚེས18ཉིན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རླུང་ཤུགས་གློག་ཁང་སྟེ། བོད་ལྗོངས་ཚོ་མེ་ཀྲེ་ཀུའུ་རླུང་གློག་ར་བས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར1ལས་བརྒལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས18ཉིན། 2023ལོར་འཛམ་གླིང་ཕིང་ཕང་སྤོ་ལོའི(乒乓球)མཉམ་འབྲེལ་ལྷན་ཚོགས་ཀྱི་ཏ་མན་ཀོན(大满贯)འགྲན་བསྡུར་གྱི་སིང་ཀ་ཕོར་ས་ཚིགས(新加坡站)སུ། ཀྲུང་གོའི་མཉམ་སྡེབ་ཧྥན་ཀྲེན་ཏུང་དང་ཝང་ཁྲུའུ་ཆིན་ལ་ཨང་དང་པོ་ཐོབ་པ་དང་། སུན་དབྱིང་ཧྲ་དང་ཝང་མན་ཡུས་ལ་བུད་མེད་གཉིས་ཀྱི་ཨང་དང་པོ་ཐོབ་པ་རེད།

1.jpg

  • ཚེས18ཉིན། ཀྲུང་གོའི་རུ་ཁག་གི་སྡེབ་སྒྲིག་ཁྲེང་ཝུན་ཐའོ་དང་ཧྲི་ཧའོ་ཧྲེང་ལ་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྣ་མང་ཆུ་རྐྱལ(花样游泳)འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ས་ཚིགས་དང་པོའི་འགྲན་བསྡུར་གྱི་མཉམ་བསྲེས་ལག་རྩལ་རང་འདེམས(混双技术自选)རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་པ་རེད། དེ་ནི་ཀྲུང་གོའི་སྣ་མང་ཆུ་རྐྱལ་དང་མཉམ་བསྲེས་ཆུ་རྐྱལ་ལ་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོག་དང་པོར་ཐོབ་པ་རེད།

  • དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་སྔོན་དཔག་བྱས་ན། 2023ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར2.6%འཕར་རྒྱུ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། འབྱུང་འགྱུར་གཟའ་འཁོར་གཅིག་རིང་། ལྷོ་ཕྱོགས་སུ་ཁྱབ་ཁོངས་ཆེ་ཙམ་གྱི་ཆར་པ་ཐེངས་གཉིས་འབབ་རྒྱུ་ཡིན་པ་དང་། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་གྱི་ས་ཁུལ་ཁག་གཅིག་ཏུ་དུས་ཐུང་ཆར་པ་ཆེན་པོ་འབབ་པ་དང་། ཐོག་རླུང་ཆེན་པོ་དང་སེར་བ་སོགས་ཀྱི་གནམ་གཤིས་དྲག་པོ་འཕྲད་རྒྱུ་རེད།

  • དོམ་ཁྲ“ཡ་ཡ”གསོ་ཚགས་བདག་སྐྱོང་དང་སྐྱེལ་འདྲེན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཀྲུང་གོའི་ཆེད་མཁས་པ་མིག་སྔར་ཨ་རིའི་མོང་ཧྥེ་སི(孟菲斯)སྲོག་ཆགས་གླིང་དུ་འབྱོར་ཡོད་པ་རེད།

  • ཉིན་ཤས་གོང་། ཡུན་ནན་ཞིང་ཆེན་ཅན་ཁྲོན་རྫོང(云南省剑川县)དེ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྐད་གྲགས་ཆེ་བའི་གྲོང་ཁྱེར་ནང་བཅུག་པ་རེད།

  • ཧྲན་ཏུང་རུའུ་ཧྲན(山东乳山)དུ་ཉེ་ཆར་གསེར་གྱི་གཏེར་ཁ་ཆེ་གྲས་ཤིག་འཚོལ་ཞིབ་བྱུང་ཡོད།  གྲངས་འབོར་ཏུན50ཉེ་བ་ཙམ་ཡོད། 

  • ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཚུའེ་མའོ་ཧུའུ(崔茂虎)ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས(巴黎奥运会)ཀྱི་ཕའེ་ཆིའུ(排球)སྤོ་ལོའི་ཐོབ་ཐང་འགྲན་བསྡུར་གྱི་ཁག་བགོས་ཚོགས་ཆུང་གསར་ཐོན་བྱུང་ཡོད། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་དང་སར་པི་ཡ(塞尔维亚)དང་ཏོ་སྨི་ནི་ཁ(多米尼加)སོགས་སྤོ་ལོའི་རུ་ཁག7མཉམ་དུ་སྒྲིག་འཛུགས་བྱས་ཡོད།

2.jpg

  • ཚེས18ཉིན། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ(渝昆高铁)གྱི་ཁྲོན་ཡུས་དུམ་བུའི(川渝段)ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། སི་ཁྲོན་ལུའུ་ཀྲོའུ་ཐོ་ཅང་(四川泸州沱江)ཟམ་ཆེན་གྱི་ལམ་སྣེ་གཙོ་བོ་བདེ་བླག་ངང་འབྲེལ་མཐུད་བྱུང་ཡོད།

  • ཉེ་ཆར། ནང་སོག་ཉེན་རྟོག་ཕྱོགས་ཀྱིས་ཞིང་ཆེན་ལས་བརྒལ་བའི་དྲ་རྒྱའི་དུག་རྫས་ལྐོག་ཚོང་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། དུག་རྫས་དང་འབྲེལ་བའི་ཉེས་གསོག་དོགས་ཅན30འཛིན་བཟུང་བྱས་པ་རེད།

  • ཧེ་ནན(海南)གྱི་གནས་སྐོར་སྣེ་ཤན་པ་ཞིག་གིས་གནས་སྐོར་བས་དངོས་ཟོག་མ་ཉོས་པའི་རྐྱེན་གྱིས་གནས་སྐོར་བར་གཤེ་གཤེ་དྲག་པོ་བཏང་བས། ས་གནས་དེ་གའི་བརྡ་ཁྱབ་བཏང་བར་གཞིགས་ན། དོན་རྐྱེན་དང་འབྲེལ་བའི་གནས་སྐོར་སྣེ་ཤན་པར་དངུལ་ཆད་བཅད་པ་དང་ལག་ཁྱེར་མེད་པ་བཟོས་ཡོད།

3.jpg

  • ཉེ་ཆར། ཧུའུ་པེ་ཞན་ཉིང(湖北咸宁)གི་མང་ཚོགས་སྡོད་ཁང་ཞིག་ལ་མེ་ཤོར་བ་དང་། གྲོང་ཚོར་བཅའ་སྡོད་གཞོགས་འདེགས་ཉེན་རྟོག་པ་ཧྲུའུ་ཁྲེང་ཧྲུའུ་དང་གྲོང་མི་ཧྲུའུ་སི་པོ་ཡིས་ཉེན་ཁར་མ་འཛེམས་པར་མེ་སྐྱོན་ཐོན་ཡུལ་དུ་འཛུལ་ནས་བྱིས་པ6བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་ནས། མི་རེས་ཟླ་རེར་སྤྱི་གསོག་མ་དངུལ་ལེན་པའི་དངུལ་གྲངས་ཀྱི་ཚད་གཞི་སྒོར1500ནས་སྒོར2000བར་ལེགས་སྒྲིག་བྱེད་རྩིས་ཡོད་པ་རེད།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས2023ལོའི་ལུས་རྩལ་འབྲིང་རྒྱུགས(体育中考)ཀྱི་ངེས་པར་ཚད་ལེན་དགོས་པའི་བུད་མེད་ཀྱི་སྨི800དང་སྐྱེས་པའི་སྨི1000རྣམ་གྲངས་དེ་གནས་སྐབས་སུ་མཚམས་འཇོག་རྒྱུ་དང་། སྐར་གྲངས་ཧྲིལ་བོའི་ཐོག(满分)ནས་སྤྱིའི་སྦྱངས་འབྲས་ནང་འཇུག་རྒྱུ་རེད།

  • ནང་སོག་གིས་བརྡ་ཐོ་བཏང་ནས། གཞུང་ཞབས་པའི་རིམ་བཞིའི་མཉམ་འབྲེལ་རྒྱུགས་ལེན་ཁྲོད། ཆི་དང་རྫོང་མན་གྱི་ལས་གནས་གསུམ་ཆ་གཅིག་ཙམ་བཏོན་ནས་ལོ་འདི་གའི་མཐོ་སློབ་ཐོན་སློབ་མ་བསྡུ་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་མང་ཆེ་བ། མཚོ་སྔོན་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་ཙམ་འབབ་ཀྱི་རེད།  སི་ཁྲོན་ཤར་རྒྱུད་དང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཧུའུ་པེའི་ལྷོ་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཧུའུ་ནན། ཅང་ཤིས། ཀྲེ་ཅང་། ཀོང་ཞིའི་བྱང་རྒྱུད། ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་ཀྱི་རེད། 

4.jpg

  • རྒྱུགས་སྤྲོད། རྒྱལ་ཡོངས་ཀྱི་རྩིས་འཁོར་གྱི་རིམ་པའི་ཡིག་རྒྱུགས་དེ་ཚེས25དང26ཉིན་ལེན་རྒྱུ་རེད།

  • ཀོང་ཏུང་ཀོང་ཀྲོའུ། ཚེས21ཉིན་ནས་བཟུང་། དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་དེ“ཀོང་ཀྲོའུ་དམངས་སྲིད”ཀྱི་སྐད་འཕྲིན་སྤྱི་སྟེགས་ཐོག་དྲ་ཐོག་ནས་སྔོན་མངགས་བྱས་ཆོག་པ་རེད།


མཉམ་སྤྱོད།