མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཀྲང་ཧྲིང་ཡོན་གྱིས་ལོ་ངོ70འཁོར་བའི་ཁུལ་སྟོན་གྱི་འགྲེམས་སྟོན་གྲ་སྒྲིག་བྱ་བར་བརྟག་ཞིབ་གནང་།

2023-03-19 10:09:57   |   143

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ལམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོ་མི་ཆོས་རིག་གནས་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་དང་། དམངས་ཡོངས་ལུས་སྦྱོང་ལྟེ་གནས། མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ལྟེ་གནས། ཝང་ལུའོ་པིན་རོལ་དབྱངས་དྲན་གསོ་ཁང་། “མཐོ་སྒང་སྙིང་སྟོབས”བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་། འགད་འབར་ཚོད་ལྟ་ཁང་། ཡན་ལག་བཟོ་གྲྭ་དང་པོ་བཅས་སུ་སྐྱོད་ནས། ལོ་ངོ70འཁོར་བའི་ཁུལ་སྟོན་གྱི་འགྲེམས་སྟོན་གྲ་སྒྲིག་བྱ་བར་བརྟག་ཞིབ་གནང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་། མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཆབ་སྲིད་ཨུ་ཡོན་ལིའུ་ཏུང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན། ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས།

22.jpg

ཡུལ་དངོས་སུ་ས་གནས་སོ་སོའི་གནས་ཚུལ་གྱི་སྙན་ཞུར་ཉན་རྗེས། ཀྲང་ཧྲིང་ཡོན་དང་མགོན་པོ་ཚེ་བརྟན་གྱིས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་བྱ་བའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་འགན་རེའུ་མིག་གི་དུས་བཀག་བླང་བྱ་གཞིར་བཟུང་། བྱེད་སྒོ་སོ་སོར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁུལ་སྟོན་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད་པའི་ངོས་འཛིན་བྱས།

ཀྲང་ཧྲིང་ཡོན་གྱིས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་ལ། མཚོ་བྱང་གི་སྣང་བརྙན་གསར་བ་མངོན་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་ལྟར་ལས་བགོས་དང་། རིག་ལམ་གསར་གཏོད། ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་། ལས་འགན་རྒྱུན་མཐུད་ངང་དབྱེ་ཕྲལ་དང་ཞིབ་ཕྲ་བཟོ་བ། བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་ཐོན་ཁུངས་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ། འགྲེམས་སྟོན་ཁང་སོ་སོའི་འགྲེམས་སྟོན་བྱ་བ་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པ་དང་། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་རིང་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དུས་རབས་གསར་བར་འབད་འཐབ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། བཀོད་སྒྲིག་ཞིབ་ཚགས་དང་ཁྱད་ཆོས་མངོན་པར་བྱས་ཏེ་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་སྒྱུར་བཀོད་དང་ཡན་ལག་བཟོ་གྲྭ་དང་པོའི་འབྲེལ་ཡོད་ཐོག་ཁང་ཉམས་གསོ་བེད་སྤྱོད་བྱ་བ་ཞིབ་ཚགས་ངང་ཡག་པོ་སྒྲུབ་ནས། བཟོ་སྐྲུན་དུས་བཀག་ལྟར་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་མགྱོགས་སུ་བཏང་ནས་མཚོ་བྱང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སློབ་གསོ་ལག་ལེན་ལྟེ་གནས་དང་མཚོ་བྱང་ཁུལ་ཀྲུང་ཧྭ་མི་རིགས་མཐོང་ཚོར་བཟོ་སྐྲུན་སོགས་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ལག་བསྟར་ཡག་པོ་བྱེད་དགོས། མཚོ་བྱང་གི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱེད་དགོས། ནང་སྙིང་རྒྱ་སྐྱེད་དང་མཐའ་སྐོར་གསར་སྤེལ་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་སྙིང་སྟོབས། དུས་རབས་ཀྱི་མིག་དཔེ་སྐལ་བཟང་གི་སྙིང་སྟོབས་རྒྱ་ཆེར་དྲིལ་སྒྲོག་བྱེད་དགོས།  མཐོན་པོ་སྒང་གི་དེ་སྔའི་ལན་ཀྲིག་དམག་ཁུལ་གྱི་མཁའ་དམག་བཅའ་སྡོད་རྗེས་ཤུལ་གྱི་ལོ་རྒྱུས་ལེགས་སྒྲིག་དང་མངོན་པར་བྱས་ནས“མཐོ་སྒང་སྙིང་སྟོབས”བརྗོད་དོན་གཙོ་བོའི་འགྲེམས་ཁང་གི་འགྲེམས་སྟོན་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པར་བསྟན།


མཉམ་སྤྱོད།