མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-20 09:52:48   |   187

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》པར་འགྲེམས་བྱས།

  • ཀྲུང་དབྱང་སྒྲིག་ཨུས་ཉེ་ཆར《གྱོད་གཞིའི་སྤུས་ཚད་དཔྱད་ཞིབ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

1.jpg

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར། རྒྱལ་ཡོངས་ཀྱི་དཔྱིད་འདེབས་འབྲུ་རིགས་3.6%ལེགས་འགྲུབ་བྱས་པ་དང་།  སྔ་སྨིན་འབྲས་ཀྱི་མྱུ་གུ41.8%ལེགས་འགྲུབ་བྱས་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་རང་རྒྱལ་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི40ལས་བརྒལ་ཡོད། དེསGDPབསྡུར་ཚད་ཀྱི33.2%བཟུང་ཡོད།

  • རང་རྒྱལ་གྱི་གནས་སྐོར་ཁྲོམ་ར་མགྱོགས་མྱུར་འཕར་ཞིང་། རིག་གནས་གནས་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2023ལོར་རང་རྒྱལ་གྱི་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་དུང་ཕྱུར45.5ཙམ་ཟིན་པ་དང་། དེ་དུས་མཚུངས་ལས་80%ཙམ་འཕར་ཡོད་པ་རེད།

  • ཚེས19ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས2023ལོའི་གྲོང་ཁྱེར་ཆེ་འབྲིང་གིས་སློབ་ཆེན་མཐར་ཕྱིན་སློབ་མ་མཉམ་འབྲེལ་ཐོག་བསྡུ་བའི་དཔྱིད་དུས་ཆེད་དོན་བྱེད་སྒོ་སྤེལ་མགོ་ཚུགས་པ་དང་། ཞབས་ཞུའི་བྱེད་སྒོ་ཐེངས་དང་པོ་ཁག67བཏོན་པའི་ནང་དྲ་ཕྱིའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས19ཚུད་ཡོད་པ་རེད།

  • 2023ལོའི་ལོ་སྟོད་དུ། དམག་དཔུང་གིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་ལོ་འདི་གའི་སློབ་ཆེན་མཐར་ཕྱིན་སློབ་མ་ཐད་ཀར་འདེམས་སྒྲུག་དང་བསྡུ་ལེན་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད། མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ3ཚེས22ནས31ཉིན་བར་ཡིན།

2.jpg

  • ཚེས19ཉིན། རང་རྒྱལ་གྱི་མཚོ་ཐོག་གི་དབྱང་གཉིས་ཐཱན་འགྱུར་བཀག་སྡོམ་ཉར་ཚགས་ཀྱི་ཁྲོན་པ་དང་པོ་དེ་ལྷོ་རྒྱ་མཚོའི་ཀྲུའུ་ཅང་མདོ་ཡི་གཤོང་སར་གསོར་འབིགས་བྱས་པ་དང་། སྔོན་དཔག་བྱས་ན་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི30བཀག་སྡོམ་ཉར་ཚགས་བྱེད་ཐུབ་རྒྱུ་རེད།

3.jpg

  • ཚེས19ཉིན། 2023ལོའི་ཝུའུ་ཤིས(无锡)མ་ལ་སུང་འགྲན་བསྡུར་ཐོག  ཀྲུང་གོའི་བདམས་ཐོན་པ་ཧོ་ཅེས་ཆུ་ཚོད2དང་སྐར་མ7དང་སྐར་ཆ30ཡི་གྲུབ་འབྲས་ཐོག  ལོ15རིང་གི་སྐྱེས་པའི་མ་ལ་སུང་རྒྱང་རྒྱུག་གི་རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

  • ཚེས19ཉིན། འཛམ་གླིང་ཕིང་ཕང(乒乓)སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སིང་ཀ་ཕོར(新加坡)གྱི་ཏ་མན་ཀོན(大满贯)འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་སུན་དབྱིང་ཧྲ་དང་ཧྥན་ཀྲེན་ཏུང་སོ་སོར་བུད་མེད་ཀྱི་རྐྱང་བསྡུར་དང་སྐྱེས་པའི་རྐྱང་བསྡུར་གྱི་ཨང་དང་པོ་བླངས་པ་རེད།

སྤྱི་ཚོགས།

  • ཚེས21ནས23ཉིན་བར། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་གྱི་འབྲི་ཆུའི་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད4~8℃མར་ཆག་པ་དང་། ཆ་ཤས་སུ10℃ཡས་མས་ཆག་རྒྱུ་རེད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མིས་བཟོས་མིད་པ(可穿戴人工喉)ཞིབ་འཇུག་གསར་སྤེལ་བྱས་ཡོད། སྐད་སྒྲའི་འགལ་རྐྱེན་ཅན(声音障碍者)གྱི་འབྲེལ་གཏུག་དང་ཕན་ཚུན་བརྗེ་རེས་བྱེད་པར། གསར་གཏོད་ཀྱི་ཐག་གཅོད་ཇུས་གཞི་ཞིག་མཁོ་འདོན་བྱས་ཡོད།

  • ཚེས19ཉིན། ཅིན་ཡུང་ལྕགས་ལམ(金甬铁路)གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ45ཚང་མ་ཏལ་འབིགས(贯通)ཐུབ་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས། ཉིང་པོ་ཀྲོའུ་ཧྲན་གྲུ་ཁ(宁波舟山港)དང་དབྱི་ཝུའུ་སྐམ་ས་ཆེ་མོའི་གྲུ་ཁའི(义乌大陆港)བར་མྱུར་དུ་བགྲོད་ཐུབ་པའི་བགྲོད་ལམ་ཞིག་བསྣན་པ་རེད།

4.jpg

  • ཉེ་ཆར། འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ཨན་ཧོས་ཐུང་ལིང་ཞུས་པ་ཅང(安徽铜陵胥坝江)དུམ་བུར་བདག་ཏུ་མ་བཟུང་བའི་ཆུ་ཕག་མགོ་གྲངས30ལྷག་ཙམ་ཤེས་རྟོགས་བྱུང་ཡོད།

5.jpg

  • ཡུན་ནན་ཤིས་ཧྲོང་པན་ན(云南西双版纳)རུ་སྡོང་བོ་གསར་པ་ཞིག་ཤེས་རྟོགས་བྱུང་བ་དང་། སྡོང་བོའི་མཐོ་ཚད་སྨི35ནས་སྨི45བར་སླེབས་ཡོད།

6.jpg

  • ཁྲུང་ཆིང་ཧོ་ཁྲོན་གྱི་ཏོ་ཡུས་གྲོང་གི(重庆合川钓鱼城)གནའ་ཤུལ་ནས་སུང་ལྷོ་མའི་དུས་མཇུག་གི་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་ཚོགས་པ་གསར་དུ་རྙེད་པ་དང་། ཤུལ་བཞག་དངོས་རྫས་སྣ་ཚོགས300ལྷག་རྙེད་པ་རེད།

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས20ཉིན་གྱི་ཆུ་ཚོད0ནས་ཚེས24ཉིན་གྱི་ཆུ་ཚོད24བར། ཧོང་ཧའེ་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ལ་མེ་མདའ་དངོས་སུ་བརྒྱབ་ནས་བསྐྱོད་མི་ཆོག་པ་ཡིན།

  • ཉེ་ཆར། ལེའོ་ཉིང་ཨན་ཧྲན་ཉེན་རྟོག་ཕྱོགས་ཀྱིས་ཞིང་ཆེན་11ལས་བརྒལ་བ་དང་གྱོད་འབྲེལ་སྒོར་དུང་ཕྱུར་སྟོང་ལྷག་ཙམ་གྱི་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་རྫུན་བཟོ་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་གཙོ་བོ་14ཁྲིམས་ལྟར་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།

  • སུའུ་ཀྲོའུ་སློབ་ཆེན་གྱི་སློབ་མ་ཀྲའོ་ག་གེ་མོས་ངན་སེམས་བཅངས་ནས་བུད་མེད་ལ་བརྙས་བཅོས་བྱས་པ་དང་། སློབ་གྲྭ་ཕྱོགས་ཀྱིས་ཚེས19ཉིན་བརྡ་ཁྱབ་བཏང་ནས་སྒྲིག་སྲོལ་ལྟར་ཀྲའོ་ག་གེ་མོར་སློབ་གྲྭ་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་རེད།

7.gif

  • ཨན་ཧོས་ཧྥུ་ཡང་(安徽阜阳)གི་བཟའ་ཟླ་གཉིས་སྤྱི་གླིང་དུ་གཉེན་སྒྲིག་གི་འདྲ་པར་ལེན་སྐབས། བུ་མོ་ཆུང་ཆུང་ཞིག་ཆུར་ལྷུང་བ་དང་འཕྲད། མག་གསར་ཚེ་ཙུན་ཁྲན་དང་པར་ལེན་པ་བང་ཅན་གོ་ཆུར་མཆོངས་ནས་བུ་མོ་ཆུང་ཆུང་དེ་བསྐྱབས་པ་རེད། 

སྲིད་ཇུས།

  • 《ཧོ་པེའི་ཞུང་ཨན་ཁུལ་གསར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགོད་པའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཚེས18ཉིན་པར་འགྲེམས་བྱས་པ་དང། “ཧོ་པེའིX”རྟགས་ཅན་དེ་ཞུང་ཨན་ཁུལ་གསར་དུ་སྤྱོད་རྒྱུ་རེད།

  • ཧྲང་ཧེ་ཡིས་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ཚོད་འཛིན་སྲིད་ཇུས་ལེགས་སྒྲིག་བྱས་ནས་ཟླ4ཚེས1ཉིན་ནས་བཟུང་། ཉིན་ཧྲིལ་པོར་རྒྱལ་ཁབ་ཀྱི་ཁོར་སྲུང་ཨང་གསུམ་པའི་རིགས(国三柴油)ཀྱི་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་འཕྲུལ་སྒུལ་འཁོར་རིགས་གྲོང་ཁྱེར་དེ་གའི་ཁོངས་གཏོགས་ཀྱི་འགྲོ་ལམ་ཚང་མའི་ཐོག་བསྐྱོད་རྒྱུ་གཏན་འགོག་བྱས་པ་རེད།

  • ཧེ་ནན་གྱིས་ད་ལོའི་འབྲིང་རིམ་སློབ་བསྡུའི་སྲིད་ཇུས་ལེགས་སྒྲིག་བྱས་ནས་ལུས་རྩལ་འབྲིང་རྒྱུགས(体育中考)ལེན་མཚམས་འཇོག་པ་དང་། སྐར་གྲངས་ཤེས་པའི་ངང་རེ་འདུན་འབྲི་བ་ལག་བསྟར་བྱས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས། མཚོ་སྔོན་གྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་འབབ་དང་། ཅང་ཧོའེ་ནུབ་རྒྱུད་དང་། ཅང་ཧན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་དབུས་ཤར་རྒྱུད། ཡུན་ནན་ནུབ་རྒྱུད། ཧྭ་ནན་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད།

8.jpg

  • ཝུའུ་ཧན། ཚེས20ཉིན་ནས་བཟུང་ཉིང་(ནན་ཅིང་)རུང(ཁྲེང་ཏུའུ)ལྕགས་ལམ་ཝུའུ་ཧན་ནས་ཁྲུང་ཆིང་བར་གྱི་དུམ་བུར་ཚེས30ཉིན་གྱི་དུས་བཀག་སྤ་སེ་དང་སྤ་སེ་ཐེངས20བཏོན་ཡོད།

  •  ཁྲེང་ཏུའུ། ཚེས26ཉིན་ནས་བཟུང་། དེ་སྔའི་ཧྲོང་ལིའུ་གནམ་ཐང(双流机场)དུ་འཁོར་སྐྱོད་བྱེད་པའི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཚང་མ་ཐེན་ཧྥུའུ་གནམ་ཐང(天府机场)དུ་བསྐྱོད་རྒྱུ་རེད།


མཉམ་སྤྱོད།